Biblia Todo Logo
Bìoball air-loidhne

- Sanasan -




༡ པེ་ཏྲོ། 5:10 - གློ་བ།

10 དེ་ནས་ཁྱེད་ཀྱ་ཡིས་དུས་ཏི་ཏེ་གཅིག་སྡུག་པོ་མྱངས་ཀྱིན་གཤམ་ལ། མཱ་ཤི་ཀའི་ནང་མཐའ་མེད་པའི་གཟི་བརྗིད་ལ་ཁྱེད་ཀྱ་ལ་འབོད་གནང་མཁན་དང་། ཐུགས་རྗེ་ཆེན་པོ་དཀོན་མཆོག་གིས་རང་ཁྱེད་ཀྱ་ལ་སླར་གསོ་ཡས་དང་། བརྟན་པོ་མཛད་ཡས་དང་། སྟོབས་ཤུགས་གནང་ཡས་དང་། ཡིད་ཆེས་ཀྱི་རྨང་གཞི་བརྟན་པོ་མཛད་ཀྱི་ལགས།

Faic an caibideil Dèan lethbhreac




༡ པེ་ཏྲོ། 5:10
39 Iomraidhean Croise  

ཡིན་ནའང་ཁྱོའི་དད་པ་མ་ཡལ་བ་ཤོག་སྨྲས་རེ་ངས་ཁྱོའི་ཕྱིར་ལ་གསོལ་བ་བཏབ་པའི། དེ་ནས་ཁྱོའི་སེམས་བསྒྱུར་ཚར་ཏེ་ཁྱོད་རི་སྤུན་ཀྱ་ལ་བརྟན་པོ་བཟོས།


ད་དམ་པའི་ཐུགས་ཉིད་ཀྱི་ནུས་མཐུ་ནས་ཁྱེད་ཀྱ་ཡི་རེ་བ་མོད་ཚོ་ལི་འཕེལ་ཡས་ཀྱི་ཆེད་དུ། རེ་བ་ཡི་དཀོན་མཆོག་གིས་ཁྱེད་ཀྱ་ལ་དད་པ་ཡི་ཐོག་ནས་དགའ་སྤྲོ་དང་ཞི་བདེ་འོད་ལེ་ཡིས་ཁང་བར་ཤོག།


དེ་ནས་བཟོད་པ་དང་སེམས་ཤུགས་གནང་གིན་དཀོན་མཆོག་གིས་ཁྱེད་ཀྱ་ལ་མཱ་ཤི་ཀ་ཡེ་ཤུ་མུ་ལ་གཅིག་བྱུང་རེ། ཕན་ཚུན་ཀྱ་གུང་དུ་སེམས་པ་གཅིག་པ་མཛད་དེ་འཚོ་བ་བསྐྱལ་རུ་བཅུག་བ་མཛད་ད་ཤོག།


ད་དཀོན་མཆོག་གི་གཟི་བརྗིད་འོང་བར་ཤོག། དེ་ནས་ཡེ་ཤུ་མཱ་ཤི་ཀའི་སྐོར་ལ་ངས་བཤད་ཀྱིན་གཏམ་བཟང་གི་ཐོག་ནས་དང་། དུས་ཐོག་མ་ནས་གསང་རེ་བཞག་ཞ་གསང་བ་མངོན་གྱིན་གྱི་ཐོག་ནས། ཁོང་པ་ཡིས་ཁྱེད་ཀྱ་ལ་ཤུགས་ཆེ་མཛད་ཐུབ་བ་ལགས།


དེ་ནས་ཕྲུ་ཚིབ་རུ་དེ་གཉིས་བོ་མ་སྐྱེས་ཨེན་ལ་རང་། དེ་ནས་བཟང་ང་ངན་པ་གིའང་མ་བྱེད་ཡེན་ལ། དཀོན་མཆོག་གིས་རང་གི་ཐུགས་དགོངས་ལ་བརྟེན་ཏེ་རིབ་ཀཱ་ལ་དེ་རེ་གསུངས་བ་ལགས། བི་ཛ་ཆེ་ཡིས་ཆུང་བ་ལ་ཞབས་ཕྱི་ཞུ་གི་ལགས། འདི་དོན་ནི་ཁོང་གིས་བདམས་མ་མཛད་ཀྱིན་གོ་ལས་ནས་མིན་ད། ཡིན་ནའང་རང་གི་བོས་མཛད་ཀྱིན་ལ་བརྟེན་ཏེ་འགྲུབ་ཡས་ཀྱི་ཆེད་དུ་ལགས།


དེ་ནས་འོ་རང་ཀྱ་ལའང་བོས་མཛད་པ་ལགས། དེ་ནས་ཡ་ཧུ་དཱ་པ་ཀྱ་ལ་གཅིག་ཀ་མིན་ད། ཡ་ཧུ་དཱ་པ་མིན་མཁན་ཀྱ་ལའང་བོས་མཛད་པ་ལགས།


ད་སྤུན་ཀྱ་བོ། ཁྱེད་ཀྱ་གི་རི་ཁྱེད་རི་ནང་དུ་མཐུན་ཏེ། དེ་ནས་ཁྱེད་རི་ནང་དུ་གཡས་བ་བས་རེ་མིན་ད། ཡིན་ནའང་སེམས་པ་གཅིག་པ་དང་བསམ་བློ་གཅིག་པ་བྱས་རེ་སྡོད་སྨྲས་རེ། ང་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་མཚན་ནས་ཁྱེད་ཀྱ་ལ་ཞུ་བ་འབུལ་ལ་ཡིན།


དཀོན་མཆོག་ནི་བློ་གཏད་ཆོག་པ་འོད་ད་ལགས། དེ་ནས་ཁོང་གིས་རང་ཁྱེད་ཀྱ་ལ་རང་གི་སྲས་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་མུ་ལ། མཉམ་འབྲེལ་མཛད་ཡས་ཀྱི་ཕྱིར་ལ་བོས་མཛད་པ་ལགས།


མཐའ་ལ་སྤུན་ཀྱ་བོ། བཀྲ་ཤིས་བར་ཤོག། ཕུན་སུམ་ཚོགས་པ་འབྱུང་ཡས་ཀྱི་ཆེད་དུ་དམིགས་ཡུལ་ཞོག། དེ་ནས་གཅིག་གིས་གཅིག་ལ་སེམས་གསོ་སྤོར། ཕུན་སུམ་མུ་ལ་མཐུན་ཏེ་སོང་། དེ་ནས་ཞི་བདེ་ལ་སྡོད། དེ་ནས་བྱམས་པ་དང་ཞི་བདེའི་དཀོན་མཆོག་ཁྱེད་ཀྱི་མུ་ལ་བཞུགས་ཀྱི་ལགས།


གི་བྱས་རེ་སྨྲ་ན་ཡུན་ཐུང་ང་ཡི་སྡུག་པོ་ཡང་ང་འདིའི། འེ་ཀྱ་ཡི་ཆེད་དུ་སྡུར་ཡས་མེད་ཀྱིན་མཐའ་མེད་པའི་གཟི་བརྗིད་གོ་གྲ་སྒྲིག་བྱེད་འདིག་འོད་ད་ལགས།


ང་ལ་སྟོབས་ཤུགས་གནང་གིན་གྱི་སྒོ་ནས་ངས་གི་རི་བྱེད་ཐུབ་བ།


དེ་ནས་ཁོང་གི་ནང་རྩ་བ་གཏིང་རིང་པོ་ཚུགས། དེ་ནས་ཁོང་གི་ཁར་ལ་ཁྱེད་རི་མི་ཚེའི་རྨང་གཞི་རྩིག། དེ་ནས་ཁྱེད་ཀྱ་ལ་བསླབས་ལ་ཅོག་རེ་ཁྱེད་རི་དད་པ་ཤུགས་ཆེ་རུ་གཏོང་། དེ་ནས་བཀའ་དྲིན་ཆེ་ཞུ་ཡས་ལ་མང་དུ་གཏོང་།


འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་གཟི་བརྗིད་འཐོབ་ཡས་ལ། འི་ཀི་གཏམ་བཟང་གི་ཐོག་ནས་དཀོན་མཆོག་གིས་ཁྱེད་ཀྱ་ལ་དོན་འདིའི་ཕྱིར་ལ་བོས་མཛད་པ་ལགས།


ཁྱེད་ཀྱ་ལ་སེམས་གསོ་གནང་བར་ཤོག དེ་ནས་ཙོག་བའི་ལས་བཟང་པོ་བྱེད་ཡས་དང་། དྲང་པོ་བཤད་ཡས་ལ་ཤུགས་གནང་བར་ཤོག །།


ཡིན་ནའང་གཙོ་བོ་ནི་བློ་བཀལ་ཐུབ་ཀྱིན་གྱི་གཙོ་བོ་ལགས། ཁོང་པ་ཡིས་ཁྱེད་ཀྱ་ལ་བརྟན་པོ་མཛད་ཀྱི་ལགས། དེ་ནས་ངན་པ་ནས་སྲུང་བ་མཛད་ཀྱི་ལགས།


འོ་རི་དད་པ་ཡི་དམག་བཟང་པོ་གོ་ཐོབ། དེ་ནས་དཔང་པོ་མང་ང་ཡི་གདོང་དུ་ཁྱོས་ཁས་ལེན་བཟང་པོ་ལེན་ལ་བྱས་རེ། མཐའ་མེད་པའི་ཚེ་སྲོག་གི་ཕྱིར་ལ་ཁྱོད་བོས་བ་ལགས། དེ་ནས་འདི་ལ་ཟིམ་ཏེ་སྡོད།


ཁོང་པ་ཡིས་འོ་རང་ལ་ཐར་པ་མཛད་དེ། དེ་ནས་དམ་པ་འབྱུང་ཡས་ལ་འོ་རི་ལས་ཀ་ཡིས་མིན་ད། ཁོང་པ་རང་གི་ཐུགས་དགོངས་དང་ཐུགས་རྗེ་ཡིས་ཐོག་ནས་འོ་རང་ལ་བོས་མཛད་པ་ལགས། ཐུགས་རྗེ་འདི་ནི་ཨེན་མ་ཀ་བ་མ་ཚུགས་ཨེན་ལ་རང་མཱ་ཤི་ཀ་ཡེ་ཤུའི་སྒོ་ནས་འོ་རང་ལ་གནང་བ་ལགས།


འོ་བྱས་རེ་བདམས་ད་མི་ཀྱ་ཡི་དོན་ལ་ང་གི་རི་བཟོད་པ་སྒོམ་མའི་འོད། དེ་རེ་བྱས་རེ་ཁོང་ཀྱ་ལ་མཐའ་མེད་པའི་གཟི་བརྗིད་མུ་ལ་མཱ་ཤི་ཀ་ཡེ་ཤུ་ནས་ཐར་པ་ཐོབ་ཀྱི་ལགས།


དཀོན་མཆོག་གིས་ཁོང་ཀྱ་ལ་དབུ་མནའ་བཞེས་ཞ་མཐའ་མེད་པའི་རྒྱུ་འཛིན་གོ་བོས་པ་གི་རི་ལ་འཐོབ་ཡས་ཀྱི་ཆེད་དུ། ཁོང་པ་ནི་དཀོན་མཆོག་དང་མིའི་གུང་དུ་དམ་བཅའ་གསར་པའི་བར་མི་མཛད་ཀྱིན་གོ་ལགས། འོ་དེ་དམ་བཅའ་དང་པོའི་དུས་ལ་མི་ཀྱ་ཡིས་བྱས་བྱ་སྡིག་པ་ཀྱའི་ཆད་པ་ནས། ཁོང་ཀྱ་ལ་ཐར་པ་གནང་ཡས་ལ་མཱ་ཤི་ཀ་གྲོངས་བ་མཛད་པ་ལགས།


ཡིན་ནའང་ཁྱེད་ཀྱ་ལ་བོས་གནང་མཁན་གོ་དམ་པ་ཡིན་གྱིན་ཅོག་རེ། ཁྱེད་ཀྱ་རང་གི་སྤྱོད་ལམ་གི་རི་ལ་དམ་པ་འབྱུང་།


ཁྱེད་ཀྱ་ནང་ནས་མི་རེ་རེ་ལ་དཀོན་མཆོག་ནས་གནང་སྦྱིན་ཐོབ་ཐ་བྱས་རེ། དཀོན་མཆོག་གི་ཐུགས་རྗེའི་གནང་སྦྱིན་སྣ་ཚོགས་ཐོབ་ཐ་གཉེར་པ་ཀྱ་ཅོག་རེ། རང་ལ་ཐོབ་ཐ་གནང་སྦྱིན་གོ་གཅིག་གིས་གཅིག་ལ་ཞབས་ཕྱི་ཞུ་ཡས་ལ་བེད་སྤྱོད་བྱེད།


དོན་གི་རིའི་ཐོག་ནས་ཡེ་ཤུ་མཱ་ཤི་ཀའི་ཐོག་ནས་དཀོན་མཆོག་གི་གཟི་བརྗིད་འབྱུང་ཡས་ཀྱི་ཆེད་དུ། ཁྱེད་ཀྱ་ནས་ཆོས་བཤད་མཁན་གྱིས་དཀོན་མཆོག་གི་བཀའ་གསུངས་ཀྱིན་ཅོག་རེ་བཤད་དགོས། དེ་ནས་ཁྱེད་ཀྱ་ནས་ཞབས་ཕྱི་ཞུ་མཁན་གྱིས་དཀོན་མཆོག་གིས་གནང་ན་སྟོབས་ཀྱི་སྒོ་ནས་ཞབས་ཕྱི་ཞུ་དགོས། དུས་གཏན་དུ་གཟི་བརྗིད་དང་དབང་ཁོང་པ་ཡི་ལགས། ཨ་མེན།


དཀོན་མཆོག་གིས་རང་གི་ནུས་མཐུ་ཡི་སྒོ་ནས་མི་ཚེ་དང་། ཆོས་སེམས་ཀྱི་ཕྱིར་ལ་དགོས་ཀྱིན་གི་རི་ཁོང་གིས་འོ་རང་ལ་གནང་འོད་ད་ལགས། དེ་ནི་ཁོང་པ་རང་གི་གཟི་བརྗིད་དང་ཐུགས་བཟང་པོ་ཡི་སྒོ་ནས། འོ་རང་ལ་འབོད་མཛད་མཁན་ཁོང་པ་ལ་འོ་རི་ངོ་ཤེས་ཤ་བྱས་རེ་དེ་གི་རི་ཐོབ་པ་ལགས།


དེ་ནས་ཁོང་གིས་འོ་རང་ལ་གནང་ན་དམ་བཅའ་གོ་ནི་མཐའ་མེད་པའི་ཚེ་སྲོག་ལགས།


ད་ཁྱེད་ཀྱ་ལ་སྡིག་པའི་ནང་དུ་ཆུད་ཡས་ནས་སྐྱོབ་མཛད་ཐུབ་ཀྱིན་དང་། ཁྱེད་ཀྱ་ལ་དགའ་སྤྲོ་ཆེའི་ཐོག་ནས་ཁོང་པའི་གཟི་བརྗིད་ཀྱི་དྲུང་དུ་ཁྱེད་ཀྱ་ལ་སྐྱོན་མེད་ཀྱིན་སྟོན་མཛད་མཁན།


Lean sinn:

Sanasan


Sanasan