1 འོ་བྱས་རེ་མཱ་ཤི་ཀ་ཡིས་འང་སྐུ་ལུས་ལ་སྡུག་པོ་མྱངས་ཀྱིན་ཅོག་རེ། ཁྱེད་ཀྱའང་དེ་རེ་རང་བསམ་བློ་ཁྱེར་ཏེ་རང་ལ་ཤུགས་ཆེ་བཟོས། གི་བྱས་རེ་སྨྲ་ན་ལུས་ལ་སྡུག་པོ་མྱངས་མཁན་གྱིས་སྡིག་པ་སྤོང་ང་ལགས།
ཡེ་ཤུ་ཡིས་འོ་དེ་ལག་པ་བསྐམས་ཀ་མི་ལ་ལངས་རེ་དུ་རུ་ཤོག་སྨྲས་རེ་གསུངས་བ་ལགས།
དེ་རེ་རང་བྱས་རེ་ཁྱེད་ཀྱའང་སྡིག་པའི་དབང་འོག་ཏུ་མེད་གནས་ལ་ཤི་ཚར་ས། ཡིན་ནའང་མཱ་ཤི་ཀ་ཡེ་ཤུ་ཐོག་ནས་དཀོན་མཆོག་གི་གཟི་བརྗིད་ཀྱི་ཆེད་དུ་གསོན་པོ་རྩིས་དགོས།
དེ་རེ་ཕུ་ཀི་མ་ལགས། འོ་རང་ནི་སྡིག་པའི་ནང་ཤི་ཚར་ས་བྱས་རེ། ད་ད་རོང་འོ་དེ་ནང་དུ་གང་གི་བྱས་རེ་འཚོ་བ་བསྐྱལ་ཐུབ་གི་ལེ།
གི་བྱས་རེ་སྨྲ་ན་ཤི་ཚར་གྱིན་གོ་ལ་སྡིག་པའི་དབང་ནས་ཐར་པ་ཐོབ་འོད་ད་ལགས།
ང་མཱ་ཤི་ཀ་མུ་ལ་རྒྱང་ཤིང་ལ་ཤི་བའི། ད་དེ་ནས་ཧ་ལ་ང་རང་འཚོ་བ་བསྐྱལ་ལ་མིན་ད། མཱ་ཤི་ཀ་ངའི་ནང་དུ་འཚོ་བ་བསྐྱལ་ལ་ལགས། ད་ད་ལྟ་ང་ལུས་ལ་འཚོ་བ་བསྐྱལ་གྱིན་མི་ཚེ་འདི་ང་ལ་བྱམས་པ་བྱེད་མཁན་དང་། ངའི་ཕྱིར་ལ་རང་གི་སྐུ་སྲོག་བློས་བཏང་མཁན་དཀོན་མཆོག་གི་སྲས་ལ་དད་པ་བྱས་རེ་བསྐྱལ་ལ་ཡིན།
དེ་ནས་མཱ་ཤི་ཀ་ཡེ་ཤུའི་ཡིན་མཁན་ཀྱ་ཡིས་ཁོ་རི་སྡིག་ཅན་རང་གཤིས་གོ་འདོད་ཆགས་དང་འདོད་པ་ཀྱ་མུ་ལ་རྒྱང་ཤིང་དུ་བརྐྱངས་རེ་བསད་པ་ལགས།
འོ་བྱས་རེ་མ་འོངས་པར་གྱི་དུས་ངན་པ་ལ་ངོ་རྒོལ་བྱེད་ཐུབ་ཡས་དང་། གི་རི་སྒྲུབ་སྟེ་བརྟན་པོ་གནས་ཐུབ་ཡས་ཀྱི་ཕྱིར་ལ་དཀོན་མཆོག་གི་གོ་ཁྲབ་ཚང་པོ་གོན།
ཁྱེད་ཀྱ་ཡི་བསམ་བློ་གོའང་མཱ་ཤི་ཀ་ཡེ་ཤུའི་ནང་འོད་ཀྱིན་ཅོག་རེ་འབྱུང་དགོས།
ཁྱེད་ཀྱ་ཐང་མེད་ཆད་ཡས་དང་སེམས་ཤུགས་མེད་ཆག་ཡས་ཀྱི་ཕྱིར་ལ། སྡིག་ཅན་ཀྱ་ནས་འོ་རེ་ངོ་ལོག་ཀྱ་བཟོད་པ་མཛད་ཀྱིན་ཁོང་པ་ཡེ་ཤུ་ལ་བསམ་བློ་གཏོང་།
གི་བྱས་རེ་སྨྲ་ན་དཀོན་མཆོག་གིས་རང་གི་ཕྱག་ལས་ཀྱ་ནས་ངལ་གསོ་མཛད་ཀྱིན་ཅོག་རེ། དཀོན་མཆོག་གི་ངལ་གསོ་ནང་ལ་འཛུལ་ཡས་ཡིན་གྱིན་གི་རི་ཡིས་འང་། རང་གི་ལས་ཀ་ཀྱ་ནས་ངལ་གསོ་གི་ལགས།
ཁྱེད་ཀྱ་དོན་འདིའི་ཕྱིར་ལ་རང་བོས་བ་ལགས། གི་བྱས་རེ་སྨྲ་ན་མཱ་ཤི་ཀའི་གཤམ་ལ་འབྲང་ཡས་ཀྱི་ཕྱིར་ལ། མཱ་ཤི་ཀ་ཁྱེད་ཀྱི་དོན་དུ་སྡུག་པོ་མྱངས་རེ་ཁོང་གིས་ཁྱེད་ཀྱ་ཡི་ཕྱིར་ལ་དཔེ་གཅིག་བཞག་མཛད་པ་ལགས།
གི་བྱས་རེ་སྨྲ་ན་འོ་རང་ལ་དཀོན་མཆོག་དྲུང་དུ་འཁྲིད་ཡས་ཀྱི་ཕྱིར་ལ། མཱ་ཤི་ཀའང་འོ་རི་སྡིག་པ་ཀྱ་ཡི་ཆེད་དུ་གྲོངས་བ་ལགས། དྲང་བདེན་གོ་མེད་དྲང་ང་ཡི་ཆེད་དུ་གྲོངས་པ་ལགས། ཁོང་པ་ལུས་ལ་བསད་པ་ལགས། ཡིན་ནའང་ཐུགས་ཉིད་ཀྱི་ཐོག་ནས་ཁོང་སྐུ་གསོན་པོ་མཛད་པ་ལགས།