Biblia Todo Logo
Bìoball air-loidhne

- Sanasan -




༡ པེ་ཏྲོ། 2:1 - གློ་བ།

1 འོ་བྱས་རེ་ངན་སེམས་དང་། མགོ་སྐོར་དང་། ཟོག་དང་། ཕྲག་དོག་དང་། སྨད་སྤྲ་བཏང་ཡས་གི་རི་ཁྱེད་ཀྱ་ཡིས་སྤོངས།

Faic an caibideil Dèan lethbhreac




༡ པེ་ཏྲོ། 2:1
50 Iomraidhean Croise  

ཁྱེད་ཟོག་པོ་ཀྱ། ཁྱེད་ཀྱི་ཕྱིར་ལ་ཡེ་ཤ་ཡཱ་ཡིས་མངོན་ཤེས་འདི་ཏག་བའི་གསུངས་འདུག།


དེ་རེ་རང་ཁྱེད་ཀྱ་ཕི་ནས་མི་གཞན་མ་ཀྱ་ཡི་གདོང་དུ་དྲང་ང་མཐོང་ང་ལགས། ཡིན་ནའང་ཁྱེད་ཀྱ་ཡི་ནང་གོ་ཟོག་དང་སྡིག་པ་ཡིས་ཁངས་རེ་བསྡད་འོད་ད་ལགས།


དེ་ནས་ཁོས་ཁོ་ལ་དུམ་བུ་དུམ་བུ་ལ་བཅད་དེ། ཟོག་པོ་ཀྱ་ཡི་མུ་ལ་མི་ཀྱ་ངུ་གིན་དང་སོ་ཁྲིག་གིན་ས་ཆ་རུ་གཡུག་གི་ལགས།།


ཁྱོད་ཟོག་པོ། ཨེན་ལ་རང་གི་མིག་ནས་གདུང་མ་བཏོན། དེ་ནས་ཁྱོད་རི་སྤུན་གྱི་མིག་ནས་ཤིང་གྲུག་བཏོན་ཡས་ལ་གསལ་བོ་མཐོང་གི་ལགས།


ཡིན་ནའང་ཡེ་ཤུ་ཡིས་ཁོང་ཀྱ་ཡིས་ཟོག་བྱས་ཀྱིན་གོ་ཧ་གོ་སྟེ་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་གི་བྱས་རེ་ང་ལ་ཚོད་ལེན་ད། ང་ལ་ཊམ་ཀ་གཅིག་འཁྱེར་ཏེ་ཤོག དེ་ནས་ངས་ལྟ་བོ།


ཁྱེད་ཀྱ་མྱངས་བ་ལི། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་རྟགས་མེད་ཀྱིན་རོ་ཁང་ཅོག་རེ་འདུག། དེ་ནས་མི་ཀྱ་ལ་ཤེས་ཡས་མེད་ད་འོ་དེ་ཁ་ནས་གོམ་པ་བརྒྱབ་བ་ལགས།


འོ་དེ་གང་ལ་མི་སྟོང་ཕྲག་མང་ང་ཡེ་ཤུ་རྩ་རུ་འཛོམས་ཏེ་གཅིག་གིས་གཅིག་ལ་འཚང་ཁ་བརྒྱབ་སྟེ་རྐང་པས་གླེབ་ཡས་བྱས་བ་ལགས། དེ་ནས་ཡེ་ཤུ་ཡིས་ཨེན་ལ་ཁོ་རི་ཉེ་གནས་ཀྱ་ལ་གསུངས་བ་ལགས། ཕཱ་རུ་ཤི་པ་ཀྱ་ཁ་ནས་ལབ་གཅིག་ཡིན་ནའང་ལས་ཀ་གཞན་མ་བྱེད་ཀྱིན་བྱས་རེ་དེ་རེ་སྐྱུར་རྩི་ནས་གཟབ་གཟབ་བྱས་རེ་སྡོད།


ཁྱེད་རི་མིག་གི་གདུང་མ་མེད་མཐོང་གིན་ཁྱོས་རང་གི་སྤུན་ལ་ཁྱོའི་མིག་ནས་ཤིང་གྲུག་གོ་བཏོན་དུ་ཆུག་སྨྲས་རེ་གང་གི་བྱས་རེ་སྨྲ་ཐུབ་བ་ལེ། ཟོག་པོ་ཁྱོད། ཨེན་ལ་རང་གི་མིག་གི་གདུང་མ་གོ་བཏོན། དེ་ནས་ཁྱེད་རི་སྤུན་གྱི་མིག་ལ་འོད་ཀྱིན་ཤིང་གྲུག་གོ་བཏོན་ཡས་ལ་ཁྱོས་གསལ་བོ་མཐོང་གི་ལགས།


ཡེ་ཤུ་ཡིས་ན་ཐན་ཨེལ་ལ་རང་རྩ་རུ་འོང་གིན་གོ་གཟིགས་ཏེ་ཁོ་ལ་གསུངས་བ་ལགས། ལྟོས་དང་། ཁོ་ནི་གཡོ་སྒྱུ་མེད་ཀྱིན་ཡིས་ར་ཨེལ་པ་དངོས་གནས་གཅིག་ལགས།


ཁོང་ཀྱ་ནི་སྤྱོད་པ་སྡུག་ཅག་དང་། ངན་པ་དང་། སེར་སྣ་དང་། ངན་སེམས་སྣ་ཚོགས་ཀྱིས་ཁངས་འོད་ད་ལགས། དེ་ནས་ཁོང་ཀྱ་ཕྲག་དོག་དང་། མི་སྲོག་བཅད་ཡས་དང་། འཁྲུག་པ་བརྒྱབ་ཡས་དང་། མགོ་སྐོར་ཡས་དང་། སྡང་སེམས་ཀྱིས་ཁངས་འོད་ད་ལགས། དེ་ནས་ཁོང་ཀྱ་ཕྲ་མ་བརྒྱབ་ཡས།


སྤུན་ཀྱ་བོ། བསམ་བློ་བཏང་སྟངས་ལ་ཕྲུ་བ་ཅོག་རེ་མ་འབྱུང་། ངན་པའི་ཆད་དུ་ཕྲུ་བ་ཅོག་རེ་འབྱུང་། ཡིན་ནའང་བསམ་བློ་བཏང་སྟངས་ལ་མི་ཆེ་ཅོག་རེ་འབྱུང་།


འོ་བྱས་རེ་གནོད་སེམས་དང་ངན་སེམས་ཀྱི་སྐྱུར་རྩི་རྙིང་པ་མིན་ད། ཡིན་ནའང་སྐྱུར་རྩི་མེད་ཀྱིན་དྲང་ང་དང་། བདེན་པའི་གྱང་ག་བཟས་རེ་པེ་སག་གི་དུས་ཆེན་འོ་རང་བཏང་བོ།


གི་བྱས་རེ་སྨྲ་ན་ང་འོངས་ང་རང་ངས་འདོད་ཀྱིན་ཅོག་རེ་ཁྱེད་ཀྱ་མེད་ཀྱིན་དང་། ཁྱེད་ཀྱི་འདོད་ཀྱིན་ཅོག་རེ་ང་མེད་ཀྱིན་གོ་ཐུག་གྲོ་སྨྲས་རེ་ང་འཇིགས་བའི། གཅིག་བྱེད་ན་འོ་དུ་རུ་སྡུག་ཀ་དང་། ཕྲག་དོག་དང་། ཁོང་ཁྲོ་དང་། རང་འདོད་དང་། དམའ་འབེབས་དང་། ཕྲ་མ་དང་། ང་རྒྱལ་དང་། རྙོག་དྲ་ཀྱ་འབྱུང་འོང་།


ངན་སེམས་གི་རི་དང་། ཁོང་ཁྲོ་དང་། ཞེ་སྡང་གི་རི། དེ་ནས་འཐབ་རྩོད་དང་། དམའ་འབེབས་གི་རི་དང་། ཕྲག་དོག་སྣ་ཚོགས་ཀྱ་སྤོངས།


འི་ཀིས་བཤད་ཀྱིན་གཏམ་བཟང་འདི་ནོར་འཁྲུལ་ཡང་མིན་ན། བསམ་བློ་མེད་གཙང་ང་དང་མི་ལ་མགོ་སྐོར་ཡས་ལ་མ་ལགས།


ཁོང་ཀྱ་ཡི་སྐྱེས་དམན་ཀྱ་འོ་བྱས་རེ་རང་ཡ་རབས་དང་། ཕྲ་མ་མི་བྱེད་ཀྱིན་དང་། བསམ་བློ་མཐོང་ང་དང་། གི་རི་ལ་དྲང་པོ་འོང་དགོས་ཀྱི་ལགས།


འོ་དེ་ཅོག་རེ་རྒན་མོ་ཀྱ་ལ་དམ་པའི་མི་ཚེ་པུད། དེ་ནས་ཕྲ་མ་མ་བཤད། དེ་ནས་ཆང་འདོད་མ་མ་འབྱུང་། དེ་ནས་མི་གཞན་མ་ཀྱ་ལ་བསླབ་བྱ་བཟང་པོ་སྟེར་སྨྲས་རེ་ཤོད།


འོ་བྱས་རེ་དེ་རེ་མང་ང་དཔང་པོའི་སྲིང་པ་ཡིས་འོ་རང་ལ་བསྐོར་ཏེ་བསྡད་ད་བྱས་རེ། འོ་རང་ཁུར་སྣ་ཚོགས་དང་། ལས་སླ་མོ་མ་མགོ་སྐོར་བཏང་གིན་སྡིག་པ་ལ་སྤངས་རེ། འོ་རང་འོ་རི་གདོང་དུ་བཞག་ཞ་བང་སྡུར་གོ་བཟོད་པ་བྱས་རེ་བང་བཏང་བོ།


འོ་བྱས་རེ་མེད་གཙང་ང་གི་རི་དང་ངན་པ་འོད་ལེ་སྤོངས་ཤིག།དེ་ནས་ཁྱེད་ཀྱི་སེམས་ལ་སྐྱོབ་ཐུབ་ཀྱིན་ཁྱེད་ཀྱི་ནང་དུ་བཙུགས་འོད་ཀྱིན་བཀའ་གོ་ཉམས་ཆུང་བྱས་རེ་ཁས་ལེན་བྱེད།


ཡིན་ནའང་ཁྱེད་ཀྱི་སེམས་ནང་དུ་ཕྲག་དོག་ཁ་ཏིག་བ་དང་རང་འདོད་ཀྱི་འདོད་ཆགས་འོད་ན། ཁྱེད་ཀྱ་མཁས་བ་འོད་སྨྲས་རེ་ཁབ་ལས་བཤད་དེ་བདེན་པ་ལ་ཟོག་མ་བཤད།


སྤུན་ཀྱ་བོ། གཅིག་གིས་གཅིག་ལ་ཚིག་ངན་པ་མ་སྨྲ། རང་གི་སྤུན་ལ་ཚིག་ངན་པ་སྨྲ་གིན་ཡང་ན་རང་གི་སྤུན་ལ་སྐྱོན་འཛུགས་ཀྱིན་གྱི་ཆོས་ཁྲིམས་ཀྱི་སྐོར་ལ་ངན་པ་སྨྲ་ལགས། དེ་ནས་སྐྱོན་འཛུགས་བ་ལགས། ད་ཁྱོས་ཆོས་ཁྲིམས་ལ་སྐྱོན་འཛུགས་ན། ཁྱོད་ཆོས་ཁྲིམས་སྲུང་གིན་མིན་ད། ཆོས་ཁྲིམས་ཀྱི་དཔོན་པོ་བྱུང་ང་ལགས།


ཡང་ན་དཀོན་མཆོག་གིས་འོ་རི་ནང་དུ་གནས་རུ་བཅུག་གིན་ཐུགས་ཉིད་ནི་ཕྲག་དོག་གིས་ཁངས་འོད་ད་ལགས་སྨྲས་རེ། གསུང་རབ་ཀྱིས་དོན་མེད་ལ་དེ་རེ་གསུངས་བ་ཡིན་གྲོ་སྨྲས་རེ་ཁྱེད་ཀྱ་བསམས་བའི་འོད་དེ།


སྤུན་ཀྱ་བོ། ཁྱེད་རང་ཀྱ་ལ་ཁྲིམས་མེད་འཕོག་ཡས་ཀྱི་ཕྱིར་ལ་ཁྱེད་རང་ཀྱ་གུང་དུ་ཕག་སྡུང་མ་རྡུངས། ལྟོས་དང་། ཁྲིམས་དཔོན་ནི་སྒོ་འགྲམ་དུ་བཞེངས་འདུག།


ཁྱེད་ཀྱ་རང་དབང་གི་མི་ཅོག་རེ་མི་ཚེ་སྐྱོལ། ཡིན་ནའང་རང་གི་རང་དབང་གོ་ངན་པའི་ལས་ཀ་བཀབ་ཡས་ལ་བེད་སྤྱོད་མ་བྱེད། ཁྱེད་ཀྱ་དཀོན་མཆོག་གི་ཞབས་ཕྱི་པ་ཅོག་རེ་མི་ཚེ་སྐྱོལ།


ཁོང་པ་ཡིས་སྡིག་པ་གཅིག་འང་མ་བྱེད། དེ་ནས་ཁོང་པ་ཡིས་བསླུ་བྲིད་ཀྱི་ཚིག་མ་གསུངས།


གི་བྱས་རེ་སྨྲ་ན། རང་གི་སྲོག་ལ་བརྩེ་བ་བྱེད་ཡས། དང་སྐྱིད་པའི་ཉིན་མ་ཀྱ་མཐོང་ཉིད་འདོད་མཁན་ཀྱ་ཡིས། རང་གི་ལྕེ་མོ་ལ་ངན་པ། དང་རང་གི་ཁ་ལ་མགོ་སྐོར་གྱིན་ལབ་ཀྱ་ནས་སྲུང་དགོས།


འོ་བྱས་རེ་ལུས་ནང་དུ་བསྡད་ཡས་ཡིན་གྱིན་ཐུག་པའི། ཁྱེད་ཀྱ་མིའི་འདོད་པ་མིན་ད་དཀོན་མཆོག་གི་ཐུགས་དགོངས་ལ་མི་ཚེ་སྐྱོལ།


ད་ད་ལྟ་ཁྱེད་ཀྱ་ཁོང་ཀྱ་མུ་ལ་ཆོ་མེད་ཀྱིན་སྤྱོད་པ་ངན་པ་ལ་མེད་ཐེ་གིན་བྱས་རེ། ཁོང་ཀྱ་ཧ་ལས་རེ་ཁྱེད་ཀྱ་ལ་སྨད་སྤྲ་བཏང་ང་ལགས།


ཁོང་ཀྱ་ཡི་ཁར་ལ་ཟོག་གིའང་མེད་ད་ལགས། དེ་ནས་ཁོང་ཀྱ་སྐྱོན་མེད་ཀྱིན་ལགས།


Lean sinn:

Sanasan


Sanasan