Biblia Todo Logo
Bìoball air-loidhne

- Sanasan -




༡ པེ་ཏྲོ། 1:12 - གློ་བ།

12 དེ་ནས་རང་ལ་མིན་ད་ཁྱེད་ཀྱ་ཡིས་ཞབས་ཕྱི་ཞུ་གིན་གོ་མངོན་ཤེས་མཁན་ཀྱ་ལ་མངོན་པ་ལགས། དེ་ནས་ད་ལྟ་ནམ་མཁའི་ཞིང་ཁམས་ནས་མངགས་ང་དམ་པའི་ཐུགས་ཉིད་ཀྱི་དབང་གི་སྒོ་ནས། ཆོས་གསུངས་ཀྱིན་ཀྱ་ཡིས་ཁྱེད་ཀྱ་ལ་གཏམ་བཟང་དེ་བཤད་འོད་ད་ལགས། དེ་ནས་ནམ་མཁའི་བང་ཆེན་ཀྱ་ཡིས་འང་དོན་དེ་ཀྱ་བཤད་ཉིད་འདོད་ད་ལགས།

Faic an caibideil Dèan lethbhreac




༡ པེ་ཏྲོ། 1:12
56 Iomraidhean Croise  

འོ་དེ་གང་ལ་ཡེ་ཤུ་ཡིས་གསུངས་བ་ལགས། ཀྱེ་ཡབ། ནམ་མཁའ་དང་ས་གཉིས་ཀྱི་གཙོ་བོ། ཁྱེད་ཀྱི་དོན་འདི་མཁས་པ་ཀྱ་དང་ཧ་གོ་གིན་ཀྱ་ནས་ཡིབ་མཛད་དེ། ཕྲུ་བ་ཅོག་རེས་ཀྱ་ལ་མངོན་ད་མཛད་དེ། ཁྱེད་རང་ལ་ང་བསྟོད་པ་འབུལ་ལ་ཡིན།


ངའི་ཡབ་ཀྱིས་ང་ལ་གི་རི་གནང་འོད་ད་ལགས། ཡབ་ཀྱིས་མ་ན་སྲས་ལ་སུས་འང་ངོ་མེད་ཤེས་ལ་ལགས། དེ་ནས་སྲས་དང་སྲས་ཀྱི་ཡབ་ལ་སྟོན་ཡས་འདོད་པ་འོད་ཀྱིན་མི་ཀྱ་ཡིས་མ་ན། ཁོང་ལ་སུས་འང་ངོ་མེད་ཤེས་ལ་ལགས།


དེ་ནས་ཡེ་ཤུ་ཡིས་ཁོ་ལ་གསུངས་བ་ལགས། ཡོ་ནཱའི་བུ་སི་མོན། ཁྱོད་ལ་བྱིན་རླབས་འཐོབ་པར་ཤོག།གི་བྱས་རེ་སྨྲ་ན་མི་ནས་མིན་ད་ནམ་མཁའི་ཞིང་ཁམས་དུ་བཞུགས་ཀྱིན་ངའི་ཡབ་ཀྱི་རང་ཁྱོད་ལ་དེ་སྟོན་མཛད་པ་ལགས།


དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། འཛམ་བུ་གླིང་གི་རི་དུ་སོང་། དེ་ནས་མི་གི་རི་ལ་གཏམ་བཟང་གོ་ཤོད།


ང་ཁྱེད་ཀྱ་ལ་སྨྲ་ཡིན། དེ་རེ་བྱས་རེ་རང་སྡིག་པ་སྤངས་རེ་སེམས་སྒྱུར་གྱིན་སྡིག་ཅན་གཅིག་གི་ཕྱིར་ལ་དཀོན་མཆོག་གི་བང་ཆེན་ཀྱ་ཡི་དྲུང་དུ་དགའ་སྤྲོ་འབྱུང་གི་ལགས།


གཙོ་བོའི་མཱ་ཤི་ཀ་ལ་མ་མཇལ་གྱིན་ཐུག་པའི་ཁྱོད་ཤི་གུ་མ་ལགས་སྨྲས་རེ། དམ་པའི་ཐུགས་ཉིད་ཀྱིས་ཁོ་ལ་ཨེན་དུ་རུ་མངོན་མཛད་འོད་ད་ལགས།


དེ་ནས་ཁོང་ཀྱ་དགོངས་པ་ཞུས་རེ་ཡུལ་གཅིག་ནས་གཞན་མ་བྱས་རེ་གི་རི་ལ་གཏམ་བཟང་གོ་བཤད་དེ། དེ་ནས་འོད་ལེ་དུ་ནད་པ་ཀྱ་བཅོས་ག་བྱས་རེ་སོང་བ་ལགས།


ཡིན་ནའང་ཡབ་ཀྱི་དྲུང་ནས་ཕེབས་མཁན་བདེན་པའི་ཐུགས་ཉིད་རོགས་བ་མཛད་མཁན་གོ་ཕེབས་ཀྱི་ལགས། དེ་ནས་ཡབ་ཀྱི་དྲུང་ནས་ངས་མངགས་མཁན་འདིས་ངའི་དཔང་པོ་མཛད་ཀྱི་ལགས།


པེ་ཏྲོ་ཡིས་འོ་དེ་ལབ་ཀྱ་བཏང་བའི་གང་ལ། ཁོ་ལ་མཉན་ཏེ་བསྡད་མཁན་གི་རིའི་ཁར་ལ་དམ་པའི་ཐུགས་ཉིད་བབ་པ་ལགས།


པའུ་ལུ་ཡིས་འོ་དེ་རེ་མཐོང་སྣང་མཐོང་རེ། འེ་ཀྱ་ཨུ་ཀུ་ར་མ་ཀེ་དོན་ཡཱ་ཕྱོགས་ལ་འགྲོ་ཡས་ལ་གྲ་སྒྲིག་བྱུང་བའི། གི་བྱས་རེ་སྨྲ་ན་འོ་དེ་ས་ཆའི་མི་ཀྱ་ལ་གཙོ་བོ་ཡི་གཏམ་བཟང་བཤད་ཡས་ལ། དཀོན་མཆོག་གིས་རང་བོས་མཛད་པ་ལགས་སྨྲ་གིན་ལབ་འེ་ཀྱ་ལ་ཆ་བྱུང་སོང་།


ཡབ་དཀོན་མཆོག་གིས་ཡེ་ཤུ་ལ་མཐོ་ཤོས་བསྐོས་རེ་ཁོ་རི་ཕྱག་གཡས་ཕྱོགས་ལ་བཞག་མཛད་འོད་ད་ལགས། དེ་ནས་ཁོ་རི་དམ་བཅའ་ཅོག་རེ་ཁོང་པ་ལ་དམ་པའི་ཐུགས་ཉིད་གནང་བ་ལགས། འོ་དེ་དམ་པའི་ཐུགས་ཉིད་གཙོ་བོ་ཡེ་ཤུ་ཡིས་ད་ལྟ་འོ་རང་ཀྱ་ཁར་ལ་གནང་མཛད་པ་ལགས། འོ་དེ་ལབ་གོ་ཁྱེད་རང་ཀྱ་ཡིས་ད་ལྟ་ཧ་གོ་ཡས་དང་མཐོང་བའི་འོད་ད་ལགས།


ཁོང་ཀྱ་ཡིས་སྨོན་ལམ་བརྒྱབ་ཚར་ཏེ་གཤམ་ལ། ཁོང་ཀྱ་བསྡད་ས་ས་གོ་ལིང་ལིང་བྱས་བ་ལགས། དེ་ནས་ཁོང་གི་རི་དམ་པའི་ཐུགས་ཉིད་ཀྱིས་ཁངས་བ་ལགས། དེ་ནས་དཀོན་མཆོག་གི་བཀའ་བློ་ཁོག་ཆེ་བྱས་རེ་བཤད་པ་ལགས།


དེ་ནས་པེ་ཏྲོ་དམ་པའི་ཐུགས་ཉིད་ཀྱིས་ཁངས་རེ་ཁོང་ཀྱ་ལ་སྨྲས་བ་ལགས། མི་ཀྱ་ཡི་དཔོན་པོ་ཀྱ་དང་འགོ་ཁྲིད་ཀྱ།


པེ་ཏྲོ་དང་ཡོ་ཧ་ནན་གྱིས་ཡེ་ཤུའི་དཔང་པོ་བྱེད་ཡས་དང་། གཙོ་བོའི་བཀའ་བཤད་ཚར་ཏེ་ཡེ་རུ་ཤ་ལེམ་དུ་ལོག་པ་ལགས། དེ་ནས་ལམ་ཁ་ལ་འགྲོའི་གང་ལ། ས་མར་ཡཱ་ཡི་ཡུལ་མང་ཆེ་ལ་གཏམ་བཟང་གོ་བཤད་དེ་བཤད་དེ་སོང་བ་ལགས།


འོ་བྱས་རེ་ང་རོམ་དུ་འོད་མཁན་ཁྱེད་ཀྱ་ལའང་གཏམ་བཟང་བཤད་ཡས་ལ་འདོད་པ་ཆེ་འོད།


དེ་ནས་དཀོན་མཆོག་ནས་བྱུང་གིན་དྲང་བདེན་ནི་གཏམ་བཟང་ལ་མངོན་པ་ལགས། འདི་དྲང་བདེན་ནི་དད་པའི་འགོ་ནས་དད་པའི་མཐའ་ཐུག་པའི་འགྲུབ་པ་ལགས། འདི་སྐོར་ལ་གསུང་རབ་ལ་དེ་རེ་བྲིས་འོད་ད་ལགས། མི་དྲང་པོ་ནི་དད་པའི་སྒོ་ནས་གསོན་པོ་གནས་ཀྱི་ལགས།


དེ་ནས་བཀའ་གསལ་བསྒྲགས་བྱེད་མཁན་ཀྱ་ལ་མ་བརྫངས་བ་ལ། གང་གི་བྱས་རེ་བཀའ་བཤད་གུ་ལགས་སེ། གསུང་རབ་ལ་དེ་རེ་བྲིས་འོད་ད་ལགས། གཏམ་བཟང་གསལ་བསྒྲགས་བྱེད་མཁན་ཀྱ་ཡི་རྐང་པ་གིན་གྱི་མཛེས་བ་ལེ།


ཡིན་ནའང་དེ་ཀྱ་ནི་དཀོན་མཆོག་གིས་འོ་རང་ལ་དམ་པའི་ཐུགས་ཉིད་ཀྱི་སྒོ་ནས་མངོན་མཛད་འོད་ད་ལགས། གི་བྱས་རེ་སྨྲ་ན་དམ་པའི་ཐུགས་ཉིད་ཀྱིས་དོན་གི་རི་དང་། དཀོན་མཆོག་གི་གསང་བ་གཏིང་རིང་ང་ཀྱའང་བཙལ་ལ་ལགས།


དེ་ནས་ཁོང་པ་ཡིས་འོ་རང་ཀྱ་ཁར་ལ་རང་གི་ཡིན་གྱིན་གྱི་ཐེལ་ཙེ་བརྒྱབ་མཛད་འོད་ད་ལགས། དེ་ནས་ཁོང་པ་ཡི་ཐུགས་ཉིད་གོ་འོ་རི་སེམས་ནང་ལ་འགན་ལེན་གྱི་ཆེད་དུ་གནང་འོད་ད་ལགས།


དེ་ནས་སེམས་གཙང་མ་དང་། ཤེས་ཡོན་དང་། བཟོད་པ་དང་། སྙིང་རྗེ་དང་། དམ་པའི་ཐུགས་ཉིད་དང་། བརྩེ་བ་དངོས་གནས་གོ།


གི་བྱས་རེ་སྨྲ་ན་ང་ལ་དེ། མི་སུའི་ནས་འང་འབྱོར་པ་མ་ལགས། དེ་ནས་སུས་འང་བསླབས་པ་མ་ལགས། ཡིན་ནའང་ཡེ་ཤུ་མཱ་ཤི་ཀ་ལ་མངོན་སུམ་མཇལ་རེ། ཁོང་པ་ནས་ང་ལ་འདི་ཐོབ་སོང་།


ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་ལ་གཏམ་བཟང་བཤད་ཡས་ཀྱི་ཕྱིར་ལ། ཁོང་པ་ཡི་སྲས་ང་ལ་སྟོན་མཛད་སོང་། དེ་ནས་ངས་ཚ་དྲག་བྱས་རེ་སུའི་མུ་ལ་གྲོས་མ་བྱས།


དེ་ནི་ཆོས་ཚོགས་ཀྱི་སྒོ་ནས་ནམ་མཁའི་ཞིང་ཁམས་དུ་འོད་མཁན་དཔོན་པོ་ཀྱ་དང་། དབང་བྱེད་མཁན་ཀྱ་ལ་དཀོན་མཆོག་གི་ཤེས་རབ་རྣམ་པ་སྣ་ཚོགས་ད་ལྟ་མངོན་དུ་མཛད་ཡས་ཀྱི་ཕྱིར་ལ་ལགས།


སྤུན་ཟླ་ཀྱ་བོ། ཁྱེད་ཀྱ་ལ་དཀོན་མཆོག་གི་གཏམ་བཟང་བཤད་དེ་གང་ལ། སུ་ལའང་ཁག་བ་མ་བྱུང་བར་ཤོག་སྨྲས་རེ་འི་ཀིས་ཉིན་མཚན་ལས་ཀ་བྱས་བའི། དེ་ནས་འི་ཀི་བཀལ་ལས་དང་སྡུག་པོ་ཁྱེད་ཀྱ་ལ་ཤེས་ཡས་འོད་ད་ལགས།


ཆོས་སེམས་ཀྱི་གསང་བ་དམི་ཅིག་གི་ཧ་ལས་བ་འདུག་སྨྲས་རེ་འེ་ཀྱ་ཁས་ལེན་ད་ཡིན། ཁོང་པ་ནི་ལུས་ལ་མངོན། ཐུགས་ཉིད་ཀྱིས་རྣམ་དག་པ་སྟོན། ནམ་མཁའི་བང་ཆེན་ཀྱ་ཡིས་ཁོང་པ་ལ་མཇལ། མི་རིགས་ནང་ལ་ཁོང་ནི་བསྒྲགས། འཇིག་རྟེན་དུ་ཁོང་པ་ལ་དད་པ་བྱས། གཟི་བརྗིད་ཀྱི་ཐོག་ནས་ནམ་མཁའི་ཞིང་ཁམས་ལ་འཕགས།།


དམ་བཅའ་མཛད་ཛ་གོ་མ་ཐོབ་པ་ལ་རང་ཁོང་ཀྱ་གི་རི་དད་པ་བྱས་རེ་གྲོངས་བ་ལགས། དེ་ནས་ཁོང་ཀྱ་ཡིས་རང་ལ་འདི་འཇིག་རྟེན་དུ་ཕྱི་རྒྱལ་དང་འཁྱམ་པོ་ཡིན་གྱིན་གོ་ཁས་ལེན་ཏེ། འོ་དེ་དམ་བཅའ་མཛད་ཛ་གོ་ཐག་རིང་ནས་རང་མཐོང་རེ་ཕེབས་བསུ་ཞུས་བ་ལགས།


དེ་ནས་དཀོན་མཆོག་གིས་འང་རྟགས་ཀྱ་དང་། ཧང་སང་གིན་ཕྱག་ལས་ཀྱ་དང་། ནུས་མཐུ་སྣ་ཚོགས་ཀྱི་ཕྱག་ལས་ཀྱ་དང་། རང་གི་ཐུགས་དགོངས་ལ་བརྟན་ཏེ་བཀྲམ་མ་མཛད་ཛ་དམ་པའི་ཐུགས་ཉིད་ཀྱི་གནང་སྦྱིན་ཀྱ་ཡི་ཐོག་ནས། འོ་དེའི་བདེན་དཔང་མཛད་པ་ལགས།


གི་བྱས་རེ་སྨྲ་ན་ཁོང་ཀྱ་ལ་ཅོག་རེ་འེ་ཀྱ་ལའང་གཏམ་བཟང་གོ་གསལ་བསྒྲགས་བྱས་བ་ལགས། ཡིན་ནའང་ཉན་མཁན་ཀྱ་ཡིས་དད་པའི་ཐོག་ནས་འོ་དེ་གཏམ་བཟང་གོ་ཁས་མ་ལེན་པ་ལ། ཁོང་ཀྱ་ལ་གིའང་ཕན་ཐོགས་མ་བྱུང་བ་ལགས།


ཡིན་ནའང་གཙོ་བོའི་བཀའ་ནི་རྒྱུན་དུ་གནས། འདི་བཀའ་དེ་རང་ཁྱེད་ཀྱ་ལ་བཤད་ཤ་གཏམ་བཟང་གོ་ལགས།།


འོ་བྱས་རེ་མི་ལ་ཅོག་རེ་གཤིན་པོ་ཀྱ་ལ་ལུས་ལ་ཁྲིམས་གཅོད་བྱེད་འོད་ནའང་། སེམས་ཉིད་ལ་ཁོང་ཀྱ་དཀོན་མཆོག་ཅོག་རེ་གསོན་པོ་གནས་ཡས་ཀྱི་ཆེད་དུ། ཁོང་ཀྱ་ལའང་གཏམ་བཟང་གོ་བཤད་པ་ལགས།


དེ་ནས་ངས་བལྟས་བའི། དེ་ནས་བཞུགས་ཁྲི་དང་སེམས་ཅན་ཀྱ་དང་སློབ་དཔོན་ཀྱ་ཡི་མཐའ་འཁོར་ལ། ནམ་མཁའི་བང་ཆེན་སྟོང་ཕྲག་དང་འབུམ་ཕྲག་གི་གསུང་སྐད་གོ་སོང་།


Lean sinn:

Sanasan


Sanasan