Biblia Todo Logo
Bìoball air-loidhne

- Sanasan -




༡ པེ་ཏྲོ། 1:1 - གློ་བ།

1 ཡེ་ཤུ་མཱ་ཤི་ཀའི་སྐུ་ཚབ་ང་པེ་ཏྲོ། ཁྱེད་པོན་ཏུ་དང་། ག་ལ་ཏི་ཡཱ་དང་། ཀ་པ་དོག་ཀི་ཡཱ་དང་། ཨེ་ཞི་ཡཱ་དང་། བི་ཐ་ནི་ཡཱ་རུ་འཐོར་ཏེ་བསྡད་ད་ཀྱ་ལ་འདི་ཡིག་དེ་བྲིས་བ་ཡིན།

Faic an caibideil Dèan lethbhreac




༡ པེ་ཏྲོ། 1:1
34 Iomraidhean Croise  

སྐུ་ཚབ་བཅུ་གཉིས་ཀྱི་མིང་དེ་ཀྱ་ལགས། དང་པོ་གོ་སི་མོན་སྨྲ་གིན་པེ་ཏྲོ། དེ་ནས་ཁོའི་ནུ་བོ་ཨན་དྲི་ཡཱ། ཟེ་བད་དཱི་ཡི་བི་ཛ་ཡ་ཀོབ་དང་། ཁོའི་ནུ་བོ་ཡོ་ཧ་ནན།


དེ་ནས་འོ་དེ་དུས་ཚོད་ཀྱི་ཉིན་མ་གོ་ཉུང་ང་མ་མཛད་འོད་ན། མི་སུའང་འཐར་ཡས་མེད། ཡིན་ནའང་བདམས་ད་མི་ཀྱ་ཡི་ཕྱིར་ལ་ཉིན་མ་དེ་ཀྱ་ཉུང་དུ་མཛད་ཀྱི་ལགས།


དེ་ནས་ཡེ་ཤུ་ག་ལིལ་གྱི་མཚོ་འགྲམ་ནས་ཕེབས་བའི་གང་ལ། སི་མོན་སྨྲ་གིན་པེ་ཏྲོ་དང་ཁོའི་ནུ་བོ་ཨན་དྲི་ཡཱ་སྨྲ་གིན་ཉ་པ་གཉིས་ཀྱིས་མཚོ་ནང་དུ་ཉ་རས་གཡུག་གིན་གོ་གཟིགས་པ་ལགས།


དེ་ནས་དཀོན་མཆོག་གིས་རང་གི་བདམས་ད་མི་ཀྱ་ཡིས་ཉིན་གང་མཚན་གང་གསོལ་བ་བརྒྱབ་ན། ཁོང་ཀྱ་ལ་ཁྲིམས་དྲང་པོ་བཅད་ད་མཛད་ཀྱི་མ་ལགས་སེ། ཁོང་པ་ཡིས་ཁོང་ཀྱ་ལ་རོགས་བ་བྱེད་ཡས་ལ་དལ་ལ་མཛད་ཀྱི་ལགས་སེ།


དེ་ནས་ཡ་ཧུ་དཱ་པའི་མི་རིགས་ཕྱིར་ལ་གཅིག་ཀ་མིན་ད་འཐོར་ཏེ་བསྡད་ད་དཀོན་མཆོག་གི་སྲས་དང་སྲས་མོ་ཀྱ་གཅིག་ཏུ་སྡུད་ཡས་ཀྱི་ཕྱིར་ལའང་བཤད་པ་ལགས།


དེ་ནས་ཡ་ཧུ་དཱ་པ་དཔོན་པོ་ཀྱ་ཡིས་ཁོང་རང་ཀྱ་གུང་དུ་དེ་རེ་སྨྲས་བ་ལགས། མི་འདི་འོ་རེ་རྙེད་མི་ཐུབ་ཀྱིན་ས་ཆ་ག་རུ་འགྲོ་ཡས་ཡིན་གྲོའི། གྷི་རིག་ཀྱ་ཁོག་ཏུ་འཐོར་ཏེ་བསྡད་ད་ཡ་ཧུ་དཱ་པ་ཀྱ་གུང་དུ་སོང་རེ་ཁོ་གྷི་རིག་ཀྱ་ལ་ཆོས་ཤེད་ཡས་སེམས་མའི་འོད་ད།


འོ་དུ་རུ་ཁོས་ཨ་ཀུ་ལཱ་སྨྲ་མཁན་ཡ་ཧུ་དཱ་པ་གཅིག་ལ་ཐུག་པ་ལགས། ཨ་ཀུ་ལཱ་གོ་པོན་ཏུར་ས་ཆ་ལ་སྐྱེས་བ་ལགས། དེ་ནས་ཁོ་རི་སྐྱེས་དམན་པི་རིས་ཀིལ་ལ་མུ་ལ་ཨི་ཏྲ་ལི་ནས་འོངས་རེ་མང་ང་མེད་འགྲོ་བ་ལགས། གི་བྱས་རེ་སྨྲ་ན་རོ་མཱ་པ་རྒྱལ་བོ་ཀཱ་ལོ་དེའུ་ཡིས་ཡ་ཧུ་དཱ་པ་གི་རི་ལ། རོམ་རྒྱལ་ཁབ་ནས་ཐོན་ཏེ་འགྲོ་ཡས་ལ་བཀའ་གནང་བ་ལགས། དེ་ནས་པའུ་ལུ་ཁོང་ཀྱ་ལ་ཐུག་ཏུ་སོང་བ་ལགས།


ཉིན་མ་ཨ་རུང་མང་ང་འོ་དུ་རུ་བསྡད་ཚར་ཏེ་ཁོ་ག་ལ་ཏི་ཡཱ་དང་ཕ་རུག་ཡཱ་ལུང་པ་ཡི་ས་ཆ་ཀྱ་བྱུང་རེ་སོང་བ་ལགས། དེ་ནས་འོ་དེ་ས་ཆ་ཀྱ་ལ་འོད་ཀྱིན་དད་པ་བྱེད་མཁན་ཀྱ་དད་པ་ལ་ཤུགས་ཆེ་རུ་བཏང་རེ་སོང་བ་ལགས།


དེ་རེ་བྱས་རེ་ལོ་གཉིས་རྫོགས་པ་ལགས། དེ་ནས་ཨེ་ཞི་ཡཱ་རུ་འོད་མཁན་ཡ་ཧུ་དཱ་པ་དང་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱི་མི་ཀྱ་ཡིས་འང་གཙོ་བོའི་བཀའ་མཉན་པ་ལགས།


ཡིན་ནའང་ཀུ་རེ་ནཱེ་དང་། ཨ་ལེག་སན་དྲི་ཡཱ་རྒྱལ་ས་དང་། ཀི་ལི་ཀི་ཡཱ་དང་། ཨེ་ཞི་ཡཱ་ནས་འོངས་བ་ཡ་ཧུ་དཱ་པ་མི་རིང་འགའ་རུབ་སྟེ་སེ་ཏེ་ཕཱན་མུ་ལ་རྙོག་གྲ་བཤད་པ་ལགས། འོ་དེ་ཡ་ཧུ་དཱ་པ་ཀྱ་རང་དབང་གི་མི་སྨྲ་གིན་ཚོགས་ཁང་གི་མི་ཀྱ་ལགས།


ད་གྲམ་སྟེ་སོང་ས་དད་པ་བྱེད་མཁན་གི་རི་ཡིས་རང་ག་རུ་འགྲོ་ས་རུ་གཏམ་བཟང་བཤད་དེ་བཤད་དེ་སོང་བ་ལགས།


ཨེ་ཞི་ཡཱ་ཡི་ཆོས་ཚོགས་ཀྱ་ཡིས་ཁྱེད་ཀྱ་ལ་འཚམས་འདྲི་ཞུའི། ཨ་ཀུ་ལཱ་དང་པི་རི་སི་ཀཱ་དང་ཁོང་གི་ནང་དུ་ཚུགས་ཀྱིན་ཆོས་ཚོགས་ཀྱིས་ཁྱེད་ཀྱ་ལ་གཙོ་བོའི་མཚན་ནས་འཚམས་འདྲི་ཞུའི།


སྤུན་ཀྱ་བོ། འི་ཀིས་ཨེ་ཞི་ཡཱ་རུ་མྱངས་ཀྱིན་སྡུག་པོ་གོ་ཁྱེད་ཀྱ་ཡིས་ཤེས་ལ་བྱེད་སྨྲས་རེ་འེ་ཀྱ་འདོད་འདིག་འོད། འེ་ཀྱ་བཟོད་པ་སྒོམ་མི་ཐུབ་ཀྱིན་དམི་ཅིག་གི་སྡུག་པོ་ཆེ་ལ་ཆུད་དེ། འེ་ཀྱ་གསོན་པོ་བསྡད་གྲོ་སྨྲས་རེ་རེ་བའང་མ་བྱུང་།


དང་ངའི་མུ་ལ་འོད་མཁན་སྤུན་ཀྱ་གི་རི་ནས་ག་ལ་ཏི་ཡཱའི་ཆོས་ཚོགས་ཀྱ་ལ།


འོ་དེ་དུས་ལ་ཁྱེད་ཀྱ་མཱ་ཤི་ཀ་ནས་ཁ་བྲལ་བྲ། དེ་ནས་ཡིས་ར་ཨེལ་པ་མི་རིགས་ཀྱི་ཐོབ་ཐང་ནས་བུད་དེ་བཞག་ཞ། དེ་ནས་དཀོན་མཆོག་གི་དམ་བཅའ་ཀྱ་ཤེས་ཡས་མེད་ཀྱིན། དེ་ནས་རེ་བ་མེད་ཀྱིན་དང་དེ་འཇིག་རྟེན་དུ་དཀོན་མཆོག་མུ་ལ་འབྲེལ་བ་མེད་ཀྱིན་འོད་ད་ལགས་སྨྲས་རེ་དྲན་གསོ་བྱེད།


འོ་བྱས་རེ་ད་དེ་ནས་ཧ་ལ་ཁྱེད་ཀྱ་ཡུལ་གཞན་མ་ཡི་མི་ཡང་ན་ངོ་མེད་ཤེས་ཀྱིན་མི་མ་ལགས། ཡིན་ནའང་དམ་པའི་མི་ཀྱ་མུ་ལ་ཡུལ་གཅིག་པ་དང་དཀོན་མཆོག་གི་ནང་མི་ཀྱ་ལགས།


ཨེ་ཞི་ཡཱ་རུ་འོད་ཀྱིན་གི་རི་དང་། འོ་དེ་ཁོག་ནས་ཕུ་གེ་ལོ་སིས་དང་། ཧེར་མོ་གེ་ནཱེ་གཉིས་བོ་ཡིས་ང་ལ་སྤངས་ཀྱིན་གོ་ཁྱོད་ལ་ཤེས་ཡས་འོད་ད་ལགས།


དམ་བཅའ་མཛད་ཛ་གོ་མ་ཐོབ་པ་ལ་རང་ཁོང་ཀྱ་གི་རི་དད་པ་བྱས་རེ་གྲོངས་བ་ལགས། དེ་ནས་ཁོང་ཀྱ་ཡིས་རང་ལ་འདི་འཇིག་རྟེན་དུ་ཕྱི་རྒྱལ་དང་འཁྱམ་པོ་ཡིན་གྱིན་གོ་ཁས་ལེན་ཏེ། འོ་དེ་དམ་བཅའ་མཛད་ཛ་གོ་ཐག་རིང་ནས་རང་མཐོང་རེ་ཕེབས་བསུ་ཞུས་བ་ལགས།


དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་བྲན་གཡོག་ཡ་ཀོབ་ནས། འཇིག་རྟེན་དུ་འཐོར་ཏེ་བསྡད་ད་ཡ་ཧུ་དཱ་པ་བརྒྱུད་པ་བཅུ་གཉིས་ཀྱ་ནས་མཱ་ཤི་ཀ་ལ་དད་པ་བྱེད་མཁན་ཀྱ་ལ་འཚམས་འདྲི་ཞུ་བ་ཡིན།


གཅེས་བའི་རོགས་བ་ཀྱ་བོ། ང་ཁྱེད་ཀྱ་ལ་ཞུ་བ་འབུལ་ལ་ཡིན། ཁྱེད་ཀྱ་གནས་ཚང་གཡར་ཏེ་བསྡད་ཀྱིན་དང་ངོ་མེད་ཤེས་ཀྱི་མི་ཀྱ་བྱས་རེ། རང་གི་སེམས་ཉིད་ཀྱི་དགྲ་ལ་འོད་ཀྱིན་ལུས་ཀྱི་འདོད་ཆགས་ཀྱ་སྤོངས།


ཡེ་ཤུ་མཱ་ཤི་ཀའི་བྲན་གཡོག་དང་སྐུ་ཚབ་སི་མོ་ཡོན་པེ་ཏྲོ་ནས། འོ་རི་དཀོན་མཆོག་དང་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀའི་དྲང་བདེན་ལ་འེ་ཀྱ་ལ་ཅོག་རེ་རྩ་ཆེ་དད་པ་ཐོབ་ཐ་ཀྱ་ལ།


འོ་དེ་ཡིས། ཁྱོས་གི་མཐོང་གིན་གོ་དེབ་ལ་བྲིས། དེ་ནས་དེ་ཆོས་ཚོགས་བདུན་ཀྱ་ཨེ་ཕེ་སུ་དང་། སི་མིར་ནཱ་དང་། པེར་ག་མོན་དང་། ཐི་ཡ་ཏི་རཱ་དང་། སར་དཱི་དང་། ཕི་ལ་དེལ་ཕི་ཡཱ་དང་། ལའོ་དི་ཀེ་ཡཱ་ལ་སྐུར་གསུངས་རེ་གསུངས་སོང་།


Lean sinn:

Sanasan


Sanasan