3 དཀོན་མཆོག་གི་བཀའ་ཁྲིམས་སྲུང་ན་རང་ཁོང་ལ་བརྩེ་བ་བྱེད་ཡས་ལགས། དེ་ནས་ཁོང་གི་བཀའ་ཁྲིམས་ཀྱ་དཀའ་ལས་གག་བ་མེད་ད་ལགས།
དེ་ཀྱ་ཡིས་ཁུར་འཁུར་མི་ཐུབ་ཀྱིན་བསྡམས་ཏེ་མི་ཀྱ་ཡི་རྒྱབ་ལ་བཀལ་ལ་ལགས། ཡིན་ནའང་ཁོ་རང་ཀྱ་རང་གི་མཛུབ་གཅིག་གིས་འང་འོ་དེ་ལ་འཇུ་ཉིད་མེད་འདོད་ད་ལགས།
ཁྱེད་ཀྱ་ཡིས་ང་ལ་བརྩེ་བ་བྱེད་ན། ངའི་བཀའ་ཁྲིམས་ཀྱ་སྲུང་།
ངའི་ཡབ་ཀྱི་བཀའ་ཀྱ་བསྲུངས་རེ་ཁོང་པ་ཡི་བྱམས་པའི་ནང་དུ་གནས་ཀྱིན་ཅོག་རེ། ཁྱེད་ཀྱ་ཡིས་འང་ངའི་བཀའ་ཀྱ་བསྲུངས་ན། ཁྱེད་ཀྱ་ངའི་བྱམས་པའི་ནང་དུ་གནས་ཀྱི་ལགས།
ངས་ཁྱེད་ཀྱ་ལ་སྟེར་གྱིན་བཀའ་གོ་ཁྱེད་ཀྱ་ཡིས་བསྲུངས་ན། ཁྱེད་ཀྱ་ངའི་ཆོས་གྲོགས་ཡིན།
འོ་བྱས་རེ་ཆོས་ཁྲིམས་ནི་དམ་པ་འདུག། དེ་ནས་བཀའ་གོ་དམ་པ་དང་། བདེན་པ་དང་། བཟང་པོ་འདུག།
དེ་ནས་ངའི་སེམས་ཀྱི་གཏིང་ནས་དཀོན་མཆོག་གི་ཆོས་ཁྲིམས་ལ་དགའ་བ་བྱེད་འདིག་འོད།
གཙོ་བོ་གསུངས་ང་ལགས། འོ་དེ་ཉིན་མ་གོ་གཤམ་ནས་ང་ཡིས་ར་ཨེལ་གྱི་ནང་མི་མུ་ལ་དམ་བཅའ་འདི་བཅུག་ཡས་ཡིན། ང་ང་རི་ཆོས་ཁྲིམས་ཁོང་ཀྱ་ཡི་བློ་ལ་བཞག་ཡས་ཡིན། དེ་ནས་ཁོང་ཀྱ་ཡི་སེམས་ལ་འབྲི་ཡིས་ཡིན། ང་ཁོང་ཀྱ་ཡི་དཀོན་མཆོག་འབྱུང་ཡས་ཡིན། དེ་ནས་ཁོང་ཀྱ་ངའི་མི་དམངས་འབྱུང་གི་ལགས།
དེ་ནས་དཀོན་མཆོག་གི་བཀའ་ཁྲིམས་ཀྱ་འོ་རིས་སྲུང་ན། འོ་རི་ཁོང་པ་ལ་ངོ་ཤེས་ལ་ལགས་སྨྲས་རེ་ཧ་གོ་བ་ལགས།
བྱམས་པ་ནི་ཁོང་གིས་གསུངས་ཀྱིན་བཀའ་ལ་བརྩིས་རེ་མི་ཚེ་པུད་ཡས་ལགས། ཁྱེད་ཀྱ་བྱམས་པའི་སྒོ་ནས་མི་ཚེ་པུད་དགོས་སྨྲས་རེ་སྨྲ་གིན་བཀའ་ཁྲིམས་འདི། ཁྱེད་ཀྱི་འགོ་མ་ནས་རང་གོ་འོད་ད་ལགས།