Biblia Todo Logo
Bìoball air-loidhne

- Sanasan -




༡ ཡོ་ཧ་ནན། 1:7 - གློ་བ།

7 ཡིན་ནའང་ཁོང་པ་འོད་ནང་ལ་འོད་ཀྱིན་ཅོག་རེ་འོ་རང་ཀྱ་འོད་ནང་ལ་རྒྱུག་ན། འོ་རང་ཀྱ་གཅིག་གི་གཅིག་ནང་དུ་མཐུན་འབྲེལ་བྱུང་ང་ལགས། དེ་ནས་ཁོང་པ་ཡི་སྲས་ཡེ་ཤུའི་སྐུ་ཁྲག་གིས་འོ་རང་ཀྱ་ལ། སྡིག་པ་གི་རི་ནས་གཙང་མ་མཛད་ད་ལགས།

Faic an caibideil Dèan lethbhreac




༡ ཡོ་ཧ་ནན། 1:7
34 Iomraidhean Croise  

འི་ཀིས་གཞན་གྱི་ནོར་འཁྲུལ་སེལ་གྱིན་ཅོག་རེ། འི་ཀི་སྡིག་པ་ཀྱ་སེལ་བར་མཛད།


དེ་ནས་ཉིན་མ་གཤམ་མ་གོ་ཡོ་ཧ་ནན་གྱིས་ཡེ་ཤུ་ལ་རང་ཕྱོགས་ལ་ཕེབས་ཀྱིན་གོ་མཇལ་རེ་སྨྲས་བ་ལགས། ལྟོས་དང་། འཇིག་རྟེན་གྱི་སྡིག་པ་བསྣུམས་ཀྱིན་དཀོན་མཆོག་གི་ལུག་ཕྲུག་གོ་ཕེབས་འདུག།


ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། འོད་དེ་ཁྱེད་ཀྱ་ཡི་མུ་ལ་དུས་ཐུང་ཐུང་ཞིག་གནས་ཀྱི་ལགས། མུན་ནག་གི་དབང་འོག་ཏུ་མི་ཆུད་ཡས་ལ་འོད་འོད་དེ་གང་ལ་རང་ཐར་ར་བྱེད། མུན་ནག་གི་ནང་ལ་འགྲོ་མཁན་གྱིས་ག་རུ་འགྲོ་གིན་གོ་མེད་ཤེས་ལ་ལགས།


[ཁོང་ཀྱ་འོ་དེ་ཆུ་འགུལ་ཡས་ལ་གུག་སྟེ་བསྡད་ད་ལགས། གི་བྱས་རེ་སྨྲ་ན་དུས་དུས་ལ་དཀོན་མཆོག་གི་བང་ཆེན་གཅིག་འོངས་རེ་འོ་དེ་རྫིང་བུའི་ཆུ་དཀྲུགས་བ་ལགས། དེ་ནས་ཆུ་གོ་འགུལ་ལུང་མེད་ད་ལ་སུ་ཨེན་ལ་འོ་དེ་ནང་དུ་འཛུལ་ལི། འོ་དེ་ན་ཚ་ག་རེ་ཡིས་བཏུམས་ཏེ་བསྡད་འོད་ན། ཁོ་དྲག་བ་ལགས།]


ད་མཚན་རྫོགས་སྤྲོ་འདུག། དེ་ནས་ཉིན་གོ་སླེབས་ཚར་འདུག། འོ་བྱས་རེ་མུན་ནག་པ་ཡི་ལས་ཀ་བོར་ཏེ་འོ་རང་འོད་ཀྱི་གོ་ཁྲབ་ཀྱ་གོན་དགོས།


དེ་ནས་ཁྱེད་ཀྱ་ནང་ནས་རིང་འགའ་ཨེན་མ་དེ་རེ་འོད་ད་ལགས། ཡིན་ནའང་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་མཚན་དང་། འོ་རི་དཀོན་མཆོག་གི་ཐུགས་ཉིད་ཀྱི་ཐོག་ནས་ཁྱེད་ཀྱ་གཙང་མ་དང་། དམ་པ་དང་། དྲང་པོ་མཛད་པ་ལགས།


དཀོན་མཆོག་གི་གྲངས་མེད་ཀྱི་ཐུགས་རྗེ་ལ་བརྟེན་ཏེ། མཱ་ཤི་ཀའི་སྐུ་ཁྲག་གི་ཐོག་ནས་འོ་རང་ལ་ཐར་པ་འོད་ད་ལགས། དེ་ནས་འོ་རི་སྡིག་པ་ཀྱའི་དགོངས་ཡངས་འོད་ད་ལགས།


གི་བྱས་རེ་སྨྲ་ན་སྐབས་གཅིག་ལ་ཁྱེད་ཀྱ་མུན་ནག་ནང་འོད་ད་ལགས། ཡིན་ནའང་ད་ལྟ་གཙོ་བོའི་ནང་ཁྱེད་ཀྱ་འོད་ནང་དུ་འོད་ད་ལགས། འོད་ཀྱི་ཕྲུ་བ་ཀྱ་ཅོག་རེ་མི་ཚེ་སྐྱོལ།


ཁོང་པ་གཅིག་ཀ་འཆི་བ་མེད་ཀྱིན་ལགས། སུའང་མེད་ཐར་གྱིན་འོད་ནང་དུ་ཁོང་པ་བཞུགས་བ་ལགས། དེ་ནས་ཁོང་པ་ལ་སུས་འང་མཐོང་མ་མྱོང་བ་ལགས་ཡང་ན་མཐོང་ཐུབ་ཀྱི་ལགས། ཁོང་པ་ལ་རྒྱུད་ནས་རྒྱུན་དུ་བཀུར་སྟི་དང་དབང་འོང་བར་ཤོག།ཨ་མེན།


དེ་ནས་འོ་རི་སྡིག་པ་གི་རི་ནས་ཐར་པ་གནང་ཡས་ལ་དང་། འོ་རང་ལ་གཙང་མ་བཟོས་རེ་ཁོང་པ་ཁོ་རང་གི་ཕྱིར་ལ་མི་རིགས་མཛད་ཡས་ལ་དང་། ལས་ཀ་དྲང་པོ་བྱེད་ཡས་ལ་ཁས་ལེན་བྱེད་ཀྱིན་འབྱུང་ཡས་ལ། མཱ་ཤི་ཀ་ཡིས་རང་གི་སྐུ་སྲོག་འོ་རི་ཕྱིར་ལ་བློས་བཏང་བ་ལགས།


འོ་རང་གསོན་པོ་དཀོན་མཆོག་ལ་ཞབས་ཕྱི་ཞུ་ཐུབ་ཡས་ཀྱི་ཆེད་དུ། མཱ་ཤི་ཀའི་སྐུ་ཁྲག་གིས་འོ་རི་ཤེས་བཟང་ལ་སྡིག་པའི་ལས་ཀྱ་ནས་དེ་ལས་ལྷག་གཙང་མ་བཟོ་ཐུབ་ཀྱི་མ་ལེ། གི་བྱས་སྨྲ་ན་མཐའ་མེད་པའི་ཐུགས་ཉིད་ཀྱི་ནུས་མཐུའི་སྒོ་ནས་འོ་རི་སྡིག་པ་ཀྱ་ཡི་ཆེད་དུ། མཱ་ཤི་ཀའི་རང་ལ་ཡང་དག་པའི་དམར་མཆོད་ཅོག་རེ་དཀོན་མཆོག་ལ་ཕུལ་པ་ལགས།


གནང་སྦྱིན་བཟང་པོ་དང་ཡང་དག་པ་གི་རི་སྟོད་ནས་ནམ་མཁའི་འོད་ཀྱ་བཀོད་མཛད་མཁན་ཡབ་ནས་བབ་བ་ལགས། སྤོ་རེ་འགྲོ་གིན་གྲིབ་ཇག་ཅོག་རེ་ཁོང་པ་ལ་འགྱུར་བ་གིའང་མེད་ད་ལགས།


ཡིན་ནའང་སྐྱོན་དང་དྲི་མ་མེད་ཀྱིན་ལུག་ཕྲུག་ཅོག་རེ་ཡིན་མཁན་མཱ་ཤི་ཀའི་སྐུ་ཁྲག་རིན་ཆེན་གྱིས་བླུས་བ་ལགས་སྨྲས་རེ་ཁྱེད་ཀྱ་ཡིས་ཤེས་ལ་ལགས།


ཁྱེད་ཀྱའང་འི་ཀི་མུ་ལ་མཐུན་སྒྲིལ་ལ་འོང་བར་ཤོག་སྨྲས་རེ་འེ་ཀྱ་ཡིས་མཐོང་ཐ་དང་གོ་ག་གོ། འེ་ཀྱ་ཁྱེད་ཀྱ་ལ་གསལ་བསྒྲགས་བྱེད་ད་ཡིན། དེ་ནས་འི་ཀི་མཐུན་འབྲེལ་གོ་ཡབ་དང་སྲས་ཡེ་ཤུ་མཱ་ཤི་ཀ་མུ་ལ་ལགས།


དཀོན་མཆོག་ནི་འོད་ཡིན། དེ་ནས་ཁོང་གི་ནང་མུན་ནག་གཅིག་འང་མེད་ད་ལགས་གསུངས་རེ་གསུངས་ཀྱིན་བཀའ་སློབ་དེ་འི་ཀིས་ཡེ་ཤུ་ནས་གོ་པའི། དེ་ནས་ཁྱེད་ཀྱ་ལའང་གསལ་བསྒྲགས་བྱེད་ད་ཡིན།


ཁོང་པ་རང་ཆུ་དང་ཁྲག་གི་སྒོ་ནས་ཕེབས་ཀྱིན་ཡེ་ཤུ་མཱ་ཤི་ཀ་ལགས། ཁོང་པ་ཆུའི་སྒོ་ནས་གཅིག་ཀ་མིན་ད། ཆུ་དང་ཁྲག་གཉིས་ཀ་ར་ནས་ཕེབས་པ་ལགས། དེ་ནས་བདེན་པ་ཡིན་གྱིན་དམ་པའི་ཐུགས་ཉིད་ཀྱིས་ཁོང་ལ་དཔང་པོ་མཛད་ད་ལགས།


དམ་པའི་ཐུགས་ཉིད་གོ་དང་། ཆུ་གོ་དང་། ཁྲག་གོ་ལགས། དེ་ནས་དེ་གསུམ་གྱིས་དཔང་པོ་མཐུན་ད་ལགས།


ཁྱོའི་ཕྲུ་བ་ཀྱ་ནས་རིང་འགའ་ཡབ་ཀྱིས་འོ་རང་ལ་གནང་ན་བཀའ་ཅོག་རེ། བདེན་པའི་ལམ་ལ་རྒྱུག་གིན་གོ་མཐོང་རེ་ང་དམི་ཅིག་གི་ཉམ་མོ་དགྱེས་སོང་།


ངའི་ཕྲུ་བ་ཀྱ་བདེན་པ་ལ་རྟེན་ཏེ་མི་ཚེ་བསྐྱལ་གྱིན་ལབ་དེ་གོ་ཡས་ནས་འང་ལྷག་དགའ་སྤྲོ་ཆེ་ང་ལ་གཞན་མ་གིའང་མེད།


འོ་རི་སྤུན་ཀྱ་ཡི་ལུག་ཕྲུག་གི་ཁྲག་དང་། རང་གི་བདེན་དཔང་གི་ཚིག་གིས་བྱས་རེ། འོ་དེ་སྐྱོན་འཛུགས་མཁན་གྱི་ཁར་ལ་རྒྱལ་བ་ལགས། དེ་ནས་འཆི་བའི་ཁ་ཐུག་པའི་སླེབས་དགོས་ན། ཁོང་ཀྱ་ཡིས་རང་གི་སྲོག་ལ་མ་བལྟས་བ་ལགས།


ངས་ཁོང་ལ་སྨྲས་བའི། སློབ་དཔོན་ལགས། ཁྱེད་རང་རང་མཁྱེན་ད་ལགས། དེ་ནས་ཁོང་གིས་ང་ལ་གསུངས་སོང་། དེ་ཀྱ་ནི་སྡུག་པོ་ཆེ་ནས་ཐོན་ཏེ་འོངས་བ་ཀྱ་ལགས། དེ་ནས་ཁོང་ཀྱ་ཡིས་རང་གི་གོས་ལུག་ཕྲུག་གི་ཁྲག་ལ་འཁྲུད་རེ་དཀར་བོ་བཟོས་འོད་ད་ལགས།


Lean sinn:

Sanasan


Sanasan