Biblia Todo Logo
Bìoball air-loidhne

- Sanasan -




རུཐ༌ 2:4 - Ladakhi

4 ཁོ༌ ཏེ༌རུ༌ ཡོད༌ ཟ༌ནེ༌ བོ༌འཟ༌ བེད༌ལེ༌ཧེམ༌ནེ༌ ལེབ༌ ཡང༌ སྟོན༌ཐོག༌ རྔ༌ཁན༌གུན༌ལ༌ ལོན༌སྲུལ༌ཏེ༌ ཟེརས༌, “ཡ༌ཝ༌ དཀོན༌མཆོག༌ ཁྱོ༌ཞའ༌ ཉམ༌པོ༌ ཞུགས༌ཤིག༌།” ཁོང༌གུན༌ནི༌ ལན༌ཏངས༌, “ཡ༌ཝའེ༌ ཉེ༌རང༌ང༌ ཅིན༌ལབས༌ སལ༌ཤིག༌།”

Faic an caibideil Dèan lethbhreac




རུཐ༌ 2:4
21 Iomraidhean Croise  

ངའེ༌ ཁོ༌ ལྡམས༌ཏེ༌ ཨིན༌, ཁོའེ༌ ཁོ༌རང༌ངི༌ པུར༌གྱུད༌གུན༌ དང༌ ཁོའེ༌ ཁང༌པའེ༌ ནང༌ང༌ དུག༌ཁན༌གུན༌ལ༌ འོས༌པ༌ དང༌ ཀྲང༌པོ༌ ཅོ༌ཨིན༌ ཡ༌ཝའེ༌ ལམ༌མི༌ཀ༌ གྲུལ༌ཅེས༌ལ༌ བཀའ༌ཏང༌ཨིན༌། ཏེ༌ནེ༌ ངའེ༌ ཁོ༌ ཉམ༌པོ༌ ཁ༌ཆད༌ ཅོས༌ཁན༌ ཚང༌མ༌ གྲུབ༌ཅུག༌ ཨིན༌།”


དཀོན༌མཆོག༌ ཀུན༌ཝང༌ངི༌ ཅིན༌ལབས༌ སལ༌ཏེ༌ ཁྱོ༌རང༌ང༌ ཕྲུ༌གུ༌ མང༌པོ༌ ཇོར༌ཤིག༌ ཡང༌ ཁྱོ༌རང༌ངི༌ མིར༌གྱུད༌ མང༌པོ༌ གྱུར༌ཤིག༌།


ཕོ༌ཉ༌ མིར༌ཡམ༌ ཡོད༌ས༌ སྐྱོད༌ཏེ༌ མོལས༌, “ཇུ༌ལེ༌, ཅིན༌ལབས༌ཅན༌ནི༌ བུ༌མོ༌, གཙོ༌བོ༌ དཀོན༌མཆོག༌ ཁྱོ༌རང༌ ཉམ༌པོ༌ ཡོད༌།”


ཞི༌དེའེ༌ སལ༌ལ༌ ཛད༌ཁན༌ནི༌ གཙོ༌བོ༌ ཡེ༌ཤུའི༌, ཁོང༌རང༌ངི༌ ཞི༌དེ༌ ཁྱོ༌ཞ༌གུན༌ལ༌ ཏུས༌གྱུན༌ དང༌ ནས༌ལུག༌ ཚང༌མའེ༌ ནང༌ང༌ སལ༌ལ༌ ཛད༌ཤིག༌, ཡང༌ གཙོ༌བོ༌ ཁྱོ༌ཞའ༌ ཚང༌མ༌ ཉམ༌པོ༌ ཞུགས༌ཤིག༌།


ཀལ༌ཏེས༌ ཁོང༌གུན༌ནི༌ སྤོན༌བོ༌གུན༌ ཏད༌པ༌ཅན༌ རིག༌ ཨིན༌ན༌, ཏེ༌བོ༌ རྩི༌ཝ༌ ཉུ༌ངུན༌ ཅོ༌ཅེས༌སི༌ གྱུ༌ཞིག༌ ཡོང༌ མ༌གོས༌། ཨིན༌ནའང༌ ཏེ༌ ཚེ༌ཡོག༌གུན༌ནི༌ ལས༌ མང༌ང༌ གྱལ༌ལ༌ ཅོ༌གོ༌ཤེས༌ ཨིན༌ནོག༌, ཅིའ༌ཟེར༌ན༌ ཁོང༌གུན༌ནི༌ རྩོན༌གྲུས༌སི༌ ཕན༌ཐོགས༌པོ༌ ཁོ༌རང༌གུན༌ནི༌ ཡ༌ཤ༌ ཅོ༌ཁན༌ ཏད༌པ༌ ཡོད༌ཁན༌གུན༌ལ༌ ཐོབ༌ཏེ༌ ཨིན༌ནོག༌། ཏི༌མོ༌ཐི༌, ཏད༌པ༌ཅན༌གུན༌ལ༌ ཏེ༌ ལབ༌ཞ༌གུན༌ ལབས༌ཏེ༌ ཁའ༌ ཉན༌ཅེས༌ལ༌ སྤོས༌པ༌ ཏོང༌།


གཙོ༌བོ༌ ཁྱོ༌རང༌ངི༌ སེམས༌ཉིད༌ ཉམ༌པོ༌ ཞུགས༌ཤིག༌། ཡང༌ ཁོང༌ངི༌ ཐུག༌རྗེ༌ ཁྱོ༌ཞའ༌ ཚང༌མ༌ ཉམ༌པོ༌ ཞུགས༌ཤིག༌།


ཨིན༌ནའང༌ ཀལ༌ཏེས༌ ཁྱོ༌ཞའེ༌ ཡ༌ཝའ༌ ཞབས༌ཏོག༌ མི༌ཞུ༌ སམ༌ན༌ ཏེ༌ནེ༌ དི༌རིང༌རང༌ ཁྱོ༌ཞ༌གུན༌ནི༌ སུའ༌ ཞབས༌ཏོག༌ ཞུ༌ཅེན༌ ཏེ༌བོ༌ ལྡོམ༌, ཁྱོ༌ཞའེ༌ ཕ༌མེས༌པོ༌གུན༌ནི༌ ཡུཕ༌རེ༌ཀྲས༌སི༌ ཤར༌ ཆོགས༌ལ༌ ཞབས༌ཏོག༌ ཞུ༌ཁན༌ ལྷ༌ལྷ༌མོ༌ གུན༌ ཡ༌ ཨ༌མོར༌པ༌གུན༌ནི༌ ལྷ༌ལྷ༌མོ༌ གུན༌, ཀ༌གུན༌ནི༌ ས༌ཀྱད༌དི༌ ནང༌ང༌ དག༌ས༌ ཁྱོ༌ཞ༌གུན༌ དུག༌ཨིན༌ ཨིན༌ནོག༌། ཨིན༌ནའང༌ ང༌ དང༌ ངའེ༌ ནང༌ཚངས༌གུན༌ནི༌ ཡ༌ཝའ༌ ཅོལ༌ཏེ༌ ཞབས༌ཏོག༌ ཞུ༌ཨིན༌།”


ཡ༌ཝའེ༌ ཕོ༌ཉའ༌ ཁོ༌ ཡོད༌ས༌ སྐྱོད༌ཏེ༌ མོལས༌, “ནོལ༌ཁན༌ ཀྲག༌པོ༌ གི༌དི༌འོན༌, ཡ༌ཝ༌ ཁྱོ༌རང༌ ཉམ༌པོ༌ ཡོད༌།”


ཡ༌ཝའེ༌ ཁོའ༌ མོལས༌, “ཨིན༌ནའང༌ ང༌ ཁྱོ༌རང༌ ཉམ༌པོ༌ ཡོད༌ ཡང༌ ཁྱོ༌རང༌ངི༌ མི༌དིའན༌པ༌ ཚང༌མའ༌ ཕམ༌ཀལ༌ཏེ༌ མེད༌ཁན༌ ཅོ༌ཨིན༌།”


ཏེ༌ནེ༌ རུཐ༌, སྟོན༌ཐོག༌ རྔ༌ཁན༌གུན༌ནི༌ གྱབ༌ནེ༌ སོང༌ཏེ༌ ལུས༌ཁན༌ནི༌ སྟོན༌ཐོག༌ ཏུ༌ཅེས༌ གོ༌ཟུག༌། ཏེ༌ ཞིང༌ ཁོའེ༌ མག༌པའེ༌ ཨ༌བ༌ ཨེ༌ལི༌མེ༌ལེག༌གི༌ ཉེན༌གྲུང༌ བོ༌འཟ༌སི༌ ཨིན༌ཁན༌བོ༌ ཁོའ༌ གྱུས༌མེད༌པིན༌།


ཏེ༌ནེ༌ བོ༌འཟ༌སི༌ ཞིང༌ རྔ༌ཁན༌གུན༌ནི༌ ཁག༌ཁུར༌པ༌ བོད༌ཏེ༌ ཏྲིས༌, “འ༌ ན༌ཆུང༌བོ༌ སུའི༌ བུ༌མོ༌ ཨིན༌ནོག༌?”


ཏེ༌ནེ༌ གྱས༌སྒོའེ༌ དུན༌ལ༌ ཡོད༌ཁན༌ནི༌ འུ༌སྐྱོང༌གུན༌ དང༌ མི༌ཚང༌མའེ༌ ལན༌ཏངས༌, “ང༌ཞ༌གུན༌ སྤང༌པོ༌ ཨིན༌། ཡ༌ཝའེ༌ ཉེ༌རང༌ངི༌ ཁང༌པའ༌ ཡོང༌ཁན༌ནི༌ བུ༌མོ༌བོ༌ རེ༌ཅལ༌ དང༌ ལི༌ཡ༌ ཙོགས༌ ཛད༌ཤིག༌, ཁོང༌གུན༌ གྱུད༌ཏེ༌ ཨིས༌ར༌ཨེལ༌ལི༌ མིར༌གྱུད༌ ཚང༌མ༌ ཇུངས༌ཏེ༌ ཨིན༌ནོག༌། ཨེཕ༌ར༌ཐཧ༌ མི༌རིགས༌སི༌ ནང༌ང༌ ཉེ༌རང༌ ཅི༌ས༌ཐོག༌ནེ༌ ཆུག༌པོ༌ གྱུར༌ཏེ༌ བེད༌ལེ༌ཧེམ༌མི༌ ནང༌ང༌ མིང༌ཅན༌ གྱུར༌ཤིག༌།


Lean sinn:

Sanasan


Sanasan