Biblia Todo Logo
Bìoball air-loidhne

- Sanasan -




پھیلیپیپا 4:9 - Ladakhi

9 ཁྱོ༌ཞ༌གུན༌ནི༌ ངའེ༌ ཀ༌ནེ༌ ལོབས༌ཁན༌, ཡ༌ ཐོབ༌ཁན༌, ཡ༌ ཚོར༌ཁན༌, ཡ༌ ངའེ༌ ཅོའ༌ལ༌ ཐོང༌ཁན༌གུན༌ ལག༌ལེན༌ནི༌ ནང༌ང༌ ཁྱོང༌ཤིག༌, ཏེ༌ནེ༌ ཞི༌དེ༌ དཀོན༌མཆོག༌ ཁྱོ༌ཞ༌གུན༌ ཉམ༌པོ༌ ཞུགས༌ཨིན༌།

Faic an caibideil Dèan lethbhreac

New Testament in Ladakhi Langage

9 کھیوجاگونّی نگے کانے لوبسکھان، یا تھوبکھان، یا تشورکھان، یا نگے چوالا تھونگکھان گُون لاگلینّی نانّگا کھیونگشیگ، تینے جیدے خُدے کھیوجاگون نیامپو جوگساین۔

Faic an caibideil Dèan lethbhreac




پھیلیپیپا 4:9
36 Iomraidhean Croise  

“ལྟོས༌ ན༌ཆུང༌, བུ༌ཚ༌ ཉམ༌པོ༌ བྲེལ༌ མ༌ཆའ༌ཁན༌ ཞིག༌གི༌ ནང༌ང༌ ཕྲུ༌གུ༌ ཆགས༌ཏེ༌ བུ༌ཚ༌ཞིག༌ ཇོར༌ཨིན༌, ཡང༌ ཁོང༌ངི༌ ཚན༌ལ༌ ཨེམ༌མ༌ནུ༌ཨེལ༌ ཞུ༌ཨིན༌, ཀ༌བོའེ༌ ཏོན༌ཏག༌པོ༌ ནི༌ ‘དཀོན༌མཆོག༌ ང༌དང༌ ཉམ༌པོ༌’ ཨིན༌ནོག༌།”


ཡང༌ ངའེ༌ ཁྱོ༌ཞའ༌ ཏང༌ཁན༌ནི༌ བཀའ༌ ཚང༌མ༌ ཁའ༌ཉན༌ཅེས༌ལ༌ ཁོང༌གུན༌ལ༌ ལབ༌ཞ༌ ཏོང༌, ཡང༌ ང༌ ཏུས༌སི༌ ཐའ༌མ༌ ཚོག༌པའང༌ ཁྱོ༌ཞའ༌ ཉམ༌པོ༌ ཏུས༌གྱུན༌ དུག༌ཅེས༌པོ༌ ཨིད༌ཏུ༌ བོར༌།”


“ངའ༌, ‘གཙོ༌བོ༌ལེ༌, གཙོ༌བོ༌ལེ༌,’ ཟེར༌ཁན༌གུན༌ནི༌ ནང༌ནེ༌ ཚང༌མ༌ ནམ༌ཁའེ༌ གྱལ༌སྲིད༌དི༌ ནང༌ང༌ ཆ༌ མི༌ཉན༌, ནམ༌ཁའ༌ ཞུགས༌ཁན༌ནི༌ ངའེ༌ ཡབ༌བི༌ ཐུག༌གོངས༌ གྲུབ༌ཅུག༌ཁན༌གུན༌ ཅིག༌པོ༌ ཆ༌ཉན༌ཨིན༌།


“ཁྱོ༌ཞའེ༌ ང༌ གཙོ༌བོ༌ལེ༌ གཙོ༌བོ༌ལེ༌ ཅིའ༌ ཟེར༌རད༌, ནམ༌ ཁྱོ༌ཞའེ༌ ངའེ༌ ཟེར༌ཁན༌གུན༌ ཅོའ༌ མི༌དུག༌?


ཡེ༌ཤུའི༌ ལན༌སལས༌, “དཀོན༌མཆོག༌གི༌ བཀའ༌ ཉན༌ཏེ༌ ལག༌ལེན༌ ཅོ༌ཁན༌གུན༌ ངའེ༌ ཨ༌མ༌ དང༌ ནོ༌གུན༌ ཨིན༌།”


ཏ༌ ཁྱོ༌ཞ༌གུན༌ལ༌ འི༌གུན༌ ཧ༌གོ༌ཏེ༌ ཨིན༌ནོག༌། འི༌གུན༌ནི༌ཀ༌ ལག༌ལེན༌ ཅོ༌ན༌ ཅིན༌ལབས༌ ཐོབ༌ཨིན༌།”


ངའེ༌ བཀའ༌ ཏང༌ཁན༌གུན༌ ཅོ༌ན༌ ཁྱོ༌ཞའ༌ ངའེ༌ ཛ༌འོ༌ ཨིན༌།


ཨ༌མའེ༌ ཡོག༌པོ༌གུན༌ལ༌ ཟེརས༌, “ཁོང༌ངི༌ ཅི༌ མོལ༌ནའང༌ ཏེ༌ཟུག༌ ཅོས༌།”


ཏ༌ ཁྱོ༌རང༌ གྱལ༌ས༌ སོང༌, ཡང༌ ཏེ༌རུ༌ ཁྱོ༌རང༌ང༌ ཅོ༌གོ༌ཤེས༌པོ༌ ཤད༌ཨིན༌།”


ཞི༌དེའེ༌ དཀོན༌མཆོག༌ ཁྱོ༌ཞའ༌ ཚང༌མ༌ ཉམ༌པོ༌ ཞུགས༌ཤིག༌, ཨ༌མེན༌།


ཞི༌དེའེ༌ དཀོན༌མཆོག༌གི༌ གྱོགས༌པ༌ ཤེ༌ཏན༌ ཁྱོ༌ཞའེ༌ རྐང༌པའེ༌ ཡོག༌ག༌ ཁྲེས༌ཏོར༌ ཅོའ༌ ཛད༌ཨིན༌། ང༌དང༌གུན༌ནི༌ གཙོ༌བོ༌ ཡེ༌ཤུའི༌ ཐུག༌རྗེ༌བོ༌ ཁྱོ༌ཞ༌གུན༌ ཉམ༌པོ༌ ལུས༌ཤིག༌།


ཏེ༌ནེ༌ ཏེ༌བོའེ༌ ལན༌ལ༌, ཁྱོ༌ཞ༌གུན༌ ཟའ༌ནའང༌, ཡ༌ ཐུང༌ནའང༌, ཡ༌ ཅི༌ཞིག༌ ཅོ༌ནའང༌, ཏེ༌ ཚང༌མ༌ གཙོ༌བོའེ༌ ཟིར༌རྗིད༌དི༌ ཕིའ༌ ཅོ༌ཤིག༌།


ཅིའ༌ཟེར༌ན༌ དཀོན༌མཆོག༌ ནི༌, ཚིར༌ཀ༌ མེད༌ཁན༌ མན༌པ༌, ཞི༌དེའེ༌ དཀོན༌མཆོག༌ ཞུགས༌ཏེ༌ ཨིན༌ནོག༌, ཀ༌ཟུག༌ ཞན༌ ཆོས༌ཚོགས༌ ཚང༌མ༌ ཛོམ༌ ཟ༌ནེ༌ ཡོད༌ཏེ༌ ཨིན༌ནོག༌།


ངའེ༌ ཁྱོ༌ཞ༌གུན༌ལ༌, ང༌ ཙོགས༌སི༌ མི༌ཚེ༌ ཕུད༌ཅེས༌ལ༌ སྙིང༌ནེ༌ ཞུ༌ཝ༌ ཕུལ༌ལད༌།


སྤུན༌གུན༌ འི༌ སྟིང༌ཇུག༌གི༌ ཚིགས༌པོ༌ ཉམ༌པོ༌ ངའེ༌ ཨི༌གེ༌ བྲི༌ཅེས༌པོ༌ ཚར༌ཅུག༌གད༌། སྐྱིད༌པོ༌ ཅོ༌ཤིག༌, ཏད༌པའེ༌ ནང༌ང༌ གང༌པོ༌ ལྡན༌ཅུག༌ཤིག༌, ཅིག༌ དང༌ ཅིག༌ག༌ སྤོས༌པ༌ ཏོང༌ཤིག༌, ཅིག༌ དང༌ ཅིག༌གི༌ པར༌ལ༌ ཐུན༌བྲེལ༌ དང༌ ཞི༌དེ༌ ཉམ༌པོ༌ དུག༌ཤིག༌, ཏེ༌ནེ༌ ཅེས༌པ༌ དང༌ ཞི༌དེའེ༌ དཀོན༌མཆོག༌ ཁྱོ༌ཞ༌གུན༌ ཉམ༌པོ༌ ཞུགས༌ས༌ ཛད༌ཨིན༌།


ངའེ༌ སྤུན༌གུན༌, ཁྱོ༌ཞ༌གུན༌ནི༌ མི༌ཚེ༌, ངའེ༌ ཕུད༌ཁན༌ ཙོགས༌ལ༌ ཕུད༌ཤིག༌, ཡང༌ ང༌ཞའེ༌ སྤེའེ༌ཀ༌ གྲུལ༌ཁན༌གུན༌ནི༌ ཀ༌ནེ༌ གྱལ༌ལ༌ ཅོས༌ཏེ༌ ཇོང༌ཤིག༌།


ཏེ༌ནེ༌ ང༌དང༌གུན༌ལ༌ དཀོན༌མཆོག༌གི༌ ཞི༌དེ༌ ཐོབ༌ཨིན༌, ཀ༌བོ༌ ང༌དང༌གུན༌ནི༌ ཧ༌གོ༌ནེ༌ ཐལ༌ཏེ༌ ཡོད༌, ཡང༌ མ༌ཤི༌ཀ༌ ཡེ༌ཤུའི༌ ནང༌ང༌ ཁོང༌ངི༌ ཞི༌དེའེ༌, ཁྱོ༌ཞའེ༌ སྙིང༌ དང༌ སེམས༌ གུན༌ སྐྱོབས༌ཏེ༌ བོར༌ར༌ ཛད༌ཨིན༌།


ང༌ཞའ༌ དང༌ གཙོ༌བོ༌ ཡེ༌ཤུ༌ གྲུལ༌ཁན༌ནི༌ ལམ༌མི༌ཀ༌ ཁྱོ༌ཞ༌གུན༌ གྲུལས༌། ཁྱོ༌ཞ༌གུན༌ལ༌ མ༌སྲན༌ཏྲེ༌ ནགས༌ ཐོང༌ཏེའང༌, ཁྱོ༌ཞ༌གུན༌ནི༌ ཏམ༌པའེ༌ ཐུག༌ཉིད༌དི༌ སལ༌ཁན༌ནི༌ ཐད༌པོ༌ ཉམ༌པོ༌ ཏེ༌ ལོན༌བོ༌ ལེནས༌།


ཅེས༌པའེ༌ སྤུན༌གུན༌, ཁྱོ༌ཞའ༌ ཡ༌ཧུ༌དཱའེ༌ ཡུལ༌ལི༌ ནང༌ང༌ དཀོན༌མཆོག༌གི༌ ཆོས༌ཚོགས༌ ཀ༌བོ༌ མ༌ཤི༌ཀ༌ ཡེ༌ཤུའི༌ ཨིན༌, ཏེ༌གུན༌ གྲུལ༌ཁན༌ནི༌ ལམ༌མི༌ཀ༌ གྲུལ༌ཏེ༌ ཨིན༌ནོག༌། ཏེ༌གུན༌ལ༌ ཡ༌ཧུ༌དཱ༌པ༌གུན༌ནི༌ ནགས༌ སྟན༌ན༌ ཙོགས༌ལ༌, ཁྱོ༌ཞ༌གུན༌ལའང༌ རང༌ཡུལ༌ལི༌ མི༌གུན༌ནི༌ ནགས༌ སྟན༌ཏེ༌ ཨིན༌ནོག༌།


ཏ༌ ང༌དང༌ང༌ ཞི༌དེ༌ སལ༌ཁན༌ནི༌ དཀོན༌མཆོག༌གི༌ ཁྱོ༌ཞ༌གུན༌ལ༌ ཅི༌ས༌ཐོག༌ནེ༌ ཏམ༌པ༌ ཛད༌ཤིག༌། ཡང༌ ང༌དང༌ངི༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀ༌ ལོགས༌ཏེ༌ ཕེབས༌ཕེབས༌ ཚོག༌པ༌, ཁྱོ༌ཞའེ༌ སེམས༌ཉིད༌, སེམས༌ དང༌ ཟུགས༌པོ༌ ཚང༌མ༌, སྐྱོན༌མེད༌ བོར༌ར༌ ཛད༌ཤིག༌།


གཙོ༌བོའེ༌ ནང༌ང༌ ཁྱོ༌ཞ༌གུན༌ལ༌ ང༌ཞའེ༌ ལས༌ ཅོ༌ཅེས༌ལ༌ བཀའ༌ ཏང༌ཁན༌གུན༌ ལག༌ལེན༌ ཅོས༌ཏེ༌ ཨིན༌ནོག༌, ཡང༌ ཡོང༌ཅེས༌ཅན༌ནི༌ ཏུས༌སི༌ ནང༌ང༌ ཅོ༌ཨིན༌ དུག༌ཅེས༌སི༌, ང༌ཞ༌གུན༌ལ༌ ལོ༌ཁྱེལ༌ ཡོད༌།


གཙོ༌བོ༌ ཁྱོ༌རང༌ངི༌ སེམས༌ཉིད༌ ཉམ༌པོ༌ ཞུགས༌ཤིག༌། ཡང༌ ཁོང༌ངི༌ ཐུག༌རྗེ༌ ཁྱོ༌ཞའ༌ ཚང༌མ༌ ཉམ༌པོ༌ ཞུགས༌ཤིག༌།


ཨིན༌ནའང༌ དཀོན༌མཆོག༌གི༌ བཀའ༌གུན༌ལ༌ ཉན༌ཅེས༌ ཅིག༌པོ༌ མན༌པ༌, ཏེ༌གུན༌ནི༌ཀ༌ ལག༌ལེན༌ ཅོ༌ཤིག༌། ཏེ༌ མན༌ན༌, ཁྱོ༌ཞ༌གུན༌ནི༌ རང༌དང༌རང༌ང༌ གོབ༌སྐོར༌ཏེ༌ ཨིན༌ནོག༌།


ཏེ༌བོའེ༌ཕིའ༌ ཁྱོ༌ཞའ༌ སྤུན༌གུན༌ནིའང༌, དཀོན༌མཆོག༌གི༌ བོད༌ད༌ ཛད༌ཁན༌ དང༌ ལྡམ༌མ༌ ཛད༌ཁན༌ གུན༌ནི༌ ཕྲོ༌ནེ༌ ཨིན༌ཁན༌བོ༌, སྟན༌ཅེས༌ལ༌ རྩོན༌གྲུས༌ ཅོ༌ཤིག༌། ཏེ༌ཟུག༌ ཅོ༌ན༌, དཀོན༌མཆོག༌གི༌ ནང༌ང༌ ཡོད༌ཁན༌ནི༌ ཏད༌པའེ༌ ཀ༌ནེ༌ ཁྱོ༌ཞ༌གུན༌ མ༌ནེ༌ མི༌གྱེལ༌།


ཡང༌ ཅི༌ཞིག༌ ཁོང༌ང༌ ཞུ༌ན༌, ཏེ༌བོ༌ ང༌དང༌གུན༌ལ༌ དཀོན༌མཆོག༌གི༌ ཆོགས༌ནེ༌ ཐོབ༌དུག༌, ཅིའ༌ཟེར༌ན༌ ང༌དང༌གུན༌ནི༌ ཁོང༌ངི༌ བཀའ༌གུན༌ལ༌, ཁའ༌ཉན༌ཏེ༌ ཁོང༌ ཐུགས༌ཐད༌ཅེས༌སི༌ ལས༌གུན༌ ཅོའ༌ནོག༌།


Lean sinn:

Sanasan


Sanasan