Biblia Todo Logo
Bìoball air-loidhne

- Sanasan -




پھیلیپیپا 3:19 - Ladakhi

19 ཁོང༌གུན༌ མེད༌ཁན༌ ཆ༌ཅེས༌སི༌ ཆོགས༌ལ༌ ཆེན༌ ཨིན༌ནོག༌, གྲོད༌པ༌བོ༌ ཁོང༌གུན༌ནི༌ དཀོན༌མཆོག༌ ཨིན༌ནོག༌, ཁོང༌རང༌གུན༌ནི༌ ཁྲེལ༌མེད༌དི༌ ལས༌གུན༌ནི༌ཀ༌ ཕོ༌སོ༌ ཅོའ༌ནོག༌, ཇིག༌རྟེན༌པའེ༌ ཁག༌ཅན༌ ཐེ༌ཁན༌གུན༌ནི༌ སྐོར༌ལ༌ ཁོང༌གུན༌ནི༌ ཏུས༌གྱུན༌ སམ༌བ༌ ཏང༌ང༌ནོག༌།

Faic an caibideil Dèan lethbhreac

New Testament in Ladakhi Langage

19 کھونگون میدکھان چھاچیسّی چھوگسلا چھین اینوگ، ڈودپابو کھونگونی خُدے اینوگ، کھونگرانگونّی ٹھیلمیدّی لاسگونّیکا پھوسو چوانوگ، دُنیائی می کھاگچان تھیکھانگونّی سکورلا کھونگونی توسگیون سامبا تانّگانوگ۔

Faic an caibideil Dèan lethbhreac




پھیلیپیپا 3:19
52 Iomraidhean Croise  

ཡེ༌ཤུའི༌ པི༌ཏྲར༌ ཆོགས༌ལ༌ ཟིགས༌ཏེ༌ མོལས༌, “ཤེ༌ཏན༌, ང༌ནེ༌ ཐག༌རིང༌ང༌ སོང༌། ཁྱོ༌རང༌ངི༌ ངའ༌ སྒག༌གྱབ༌ ཅུག༌ག༌ནོག༌། ཁྱོ༌རང༌ངི༌ སམ༌ཚུལ༌ དཀོན༌མཆོག༌གི༌ ཆོགས༌ནེ༌ མན༌པ༌, མིའི༌ ཆོགས༌ནེ༌ ཨིན༌ནོག༌།”


“ཏེ༌ནེ༌ ཡོ༌མ༌ ཆོགས༌ལ༌ ཡོད༌ཁན༌གུན༌ལ༌ ཟེར༌ཨིན༌, ‘རྔན༌ ཕོག༌ཁན༌, ཁྱོ༌ཞ༌གུན༌ ང༌ནེ༌ ཐག༌རིང༌ང༌ མ༌ནེ༌ མི༌ཤི༌ཅེས༌སི༌ མེའེ༌ ནང༌ང༌ སོང༌ ཀ༌བོ༌ ཤེ༌ཏན༌ དང༌ ཁོའེ༌ ཕོ༌ཉ༌ ངན༌པ༌གུན༌ནི༌ ཕིའ༌ ཅོའ༌ ཛད༌ཏེ༌ ཨིན༌།


ངའེ༌ ང༌རང༌ང༌ ཟེར༌ཨིན༌, “ངའ༌ སོ༌དེ༌ཅན༌, ཏ༌ ལོ༌ མང༌པོའེ༌ ཕིའ༌ ནོར༌ དུག༌། ངལ༌ཚོས༌ཏེ༌ ཟོ༌ཐུང༌, སྐྱིད༌པོ༌ དང༌ ཐད༌པོ༌ ཅོས༌།”’”


“ཆུག༌པོ༌ མི༌ཞིག༌ ཀོ༌ཤེན༌ དང༌ རི༌ཤེམ༌མི༌ ཀོས༌ལག༌ རིན༌ཅན༌ གོན༌ཏེ༌, ཞག༌ཏང༌ གྲོན༌ཏང༌ཨིན༌ སྐྱིད༌པོ༌ ཅོ༌ཨིན༌ དུག༌གད༌པིན༌།


ཁྲིམ༌སྤོན༌ནི༌ ལན༌ མང༌པོ༌ ཁོའེ༌ ཞུ༌ཝའ༌ སྣང༌ང༌ མ༌ཏངས༌ ཨིན༌ནའང༌ སྟིང༌ཇུག༌ག༌ ཁོའེ༌ སམ༌, ‘ང༌ དཀོན༌མཆོག༌ག༌ མི༌ཇིགས༌ཁན༌ ཡང༌ མི༌གུན༌ལ༌ རྩི༌ཝ༌ མེད༌ཁན༌


ཏེ༌ མི༌གུན༌ནི༌ ང༌དང༌གུན༌ནི༌ གཙོ༌བོ༌ མ༌ཤི༌ཀ༌ ཞབས༌ཏོག༌ མ༌ཞུའ༌, ཁོང༌རང༌གུན༌ནི༌ ཕན༌ཐོགས༌སི༌ ཕིའ༌ ལས༌ ཅོས༌ཏེ༌ ཨིན༌ནོག༌, སྤེར༌ན༌ ཁས༌པ༌ སྤེ༌ར༌ དང༌ ལྕེ༌ ཀོལ༌ཏེ༌ ཁོང༌གུན༌ནི༌ ནོངས༌མེད༌ མི༌གུན༌ལ༌ གོབ༌སྐོར༌ ཏང༌ང༌ནོག༌།


ཡང༌ ཏེ༌བོའེ༌ བྲས༌བུ༌ ཀ༌ཟུག༌ཤིག༌ ཡོངས༌? ཏ༌ ཁྱོ༌ཞ༌གུན༌ ཏེ༌ཟུག༌ ཅོ༌ཁན༌གུན༌ནི༌ཀ༌ ཙམ༌ཤིག༌གི༌ ཁྲེལ༌བ༌ ཚོར༌ར༌ནོག༌, ཀ༌བོའེ༌ བྲས༌བུ༌ ཐའ༌མེད༌པའེ༌ ཤི༌ཅེས༌པོ༌ ཨིན༌ནོག༌།


ཏ༌རུང༌ངའང༌ འི༌ ཇིག༌རྟེན༌པའེ༌ ཕུད༌ཁན༌ ཙོགས༌སི༌ མི༌ཚེ༌, ཁྱོ༌ཞ༌གུན༌ནིའང༌ ཕུད༌དུག༌། ཁྱོ༌ཞ༌གུན༌ནི༌ ནང༌ང༌ ཅིག༌ དང༌ ཅིག༌གི༌ ཕིའ༌ ཚིག༌ཅེས༌ དང༌ ཛིང༌མོ༌ ཡོད༌ཏེ༌ ཨིན༌ནོག༌། ཅི༌ ཏེ༌བོ༌ ཁྱོ༌ཞ༌གུན༌ནི༌ཀ༌ ཁྱོ༌ཞ༌རང༌ངི༌ སྡིག༌པའེ༌ དོད༌པ༌གུན༌ནི༌ ཝང༌སྲུལ༌ཏེ༌ མ༌ནོག༌ག༌? ཅི༌ ཁྱོ༌ཞ༌གུན༌ནི༌, ཇིག༌རྟེན༌པ༌གུན༌ ཙོགས༌ལ༌ མི༌ཚེ༌ ཕུད༌ཨིན༌ཞིག༌ མེད༌ད༌?


ཁྱོ༌ཞ༌གུན༌ནི༌ རྡུག༌པོ༌ དང༌ ཁྲེལ༌བའེ༌ ནང༌ང༌ ཉ༌ངན༌ ཅོས༌ཏེ༌, ཏེ༌ མི༌བོ༌ ཆོས༌ཚོགས༌སི༌ ཕྲོ༌ནེ༌ ཕིང༌གོ༌ཤེས༌ ཨིན༌ནོག༌། ཨིན༌ནའང༌ ཁྱོ༌ཞ༌གུན༌ནི༌ ཏེ༌བོའེ༌ཀ༌ ཕོ༌སོ༌ ཚོར༌དུག༌།


ཁྱོ༌ཞ༌གུན༌ནི༌ ཏེ༌བོའེ༌ཀ༌ ཕོ༌སོ༌ ཅོ༌ཅེས༌པོ༌ ནི༌ ཇིགས༌ནང༌ཅན༌ ཞིག༌ དུག༌། ཅི༌ འི༌ སྡིག༌པ༌བོ༌ པག༌པའེ༌ གང༌པོའེ༌ ནང༌ང༌, ཕེལ༌ཁན༌ནི༌ སྐྱུར༌ ཆུ༌ངུན༌ ཙོགས༌ ཨིན༌ཁན༌བོ༌ ཁྱོ༌ཞ༌གུན༌ལ༌ གྱུས༌ཆའ༌ མེ༌རག༌ག༌?


འོ༌ན༌ ངའེ༌ ཏ༌རུང༌ངའང༌ ཏེན༌ན༌བོ༌ ཅོ༌ཨིན༌ དུག༌ཨིན༌། ཏེ༌བོའེ༌ ཀྲག༌པོ༌ སྐུ༌ཚབས༌གུན༌ལ༌ ཁོང༌གུན༌ནི༌ ལས༌པོའང༌ ང༌ཞའེ༌ ལས༌ ཙོགས༌ ཨིན༌ ཟེར༌ཏེ༌ ཕོ༌སོ༌ ཅོ༌ཅེས༌སི༌ སྐབས༌ ཐོབ༌ཅེས༌ནེ༌ སྒགས༌ཏེ༌ བོར༌ཨིན༌།


ཏེ༌ནེ༌ ཤེ༌ཏན༌ནི༌ ཡོག༌པོ༌གུན༌ནིའང༌ ཁོ༌རང༌གུན༌ ཀྲང༌པོ༌ ཞབས༌ཏོག༌པ༌ ཨིན༌ཟུན༌ ཏང༌ཁན༌བོའེ༌ཀ༌ ང༌དང༌གུན༌ ཧ༌ལས༌གོ༌ཤེས༌ མ༌ནོག༌། སྟིང༌ཇུག༌ག༌ ཁོང༌གུན༌ལ༌ ཁོ༌རང༌གུན༌ནི༌ ལས༌ ངན༌པ༌ ཅོས༌ཁན༌གུན༌ལ༌ འོས༌པའེ༌ ཆད༌པ༌ ཕོག༌ག༌ནོག༌།


སུན༌ནད༌ ཅོས༌ཏེ༌ ཡོད༌ཁན༌གུན༌ནིའང༌ ཁྲིམས༌ ཚང༌མའ༌ ཁའ༌ཉན༌ན༌ མ༌ནོག༌། ཨིན༌ནའང༌ ཁྱོ༌ཞའེ༌ སུན༌ནད༌ ཅོ༌ཁན༌བོའེ༌ཀ༌ ཁོང༌གུན༌ལ༌ ཕོ༌སོ༌ ཅོ༌ཉན༌ཅེས༌སི༌ དོད༌པའེ༌ ཞས༌ཏེ༌ ཁོང༌གུན༌ནི༌ ཁྱོ༌ཞའ༌ ཏེ༌བོ༌ ཅོ༌ཅུག༌ག༌ནོག༌།


ཅིའ༌ཟེར༌ན༌ ཞན༌མ༌ ཚང༌མའེ༌ རང༌དོན༌ མ༌ནེ༌ མ༌ཤི༌ཀ༌ ཡེ༌ཤུའི༌ ཐུགས༌དོད༌དི༌ ཕིའ༌ ཚེར༌ཁ༌ ཅོའ༌ མི༌དུག༌།


ཇིག༌རྟེན༌ནི༌ ནང༌ང༌ ཡོད༌ཁན༌གུན༌ནི༌ སྐོར༌ལ༌ སམ༌བ༌ མ༌ཏང༌ང༌, ནམ༌ཁའེ༌ ནང༌ང༌ ཡོད༌ཁན༌གུན༌ནི༌ སྐོར༌ལ༌ སམ༌བ༌ ཏོང༌ཤིག༌,


ཁོང༌གུན༌ལ༌ ཐའ༌མེད༌པའེ༌ རྡུག༌ངལ༌ལི༌ ཆད༌པ༌ ཕོག༌ཨིན༌, ཡང༌ ཁོང༌གུན༌ གཙོ༌བོ༌ དང༌ ཁོང༌ངི༌ ཟིར༌རྗིད༌ཅན༌ནི༌ ཝང༌གུན༌ནེ༌ སོ༌སོ༌ ཕེས༌ཏེ༌ བོར༌ཨིན༌།


ཁོང༌གུན༌ནི༌ ལོན༌ ཀྲང༌པོ༌བོའེ༌ཀ༌ ཏད༌པ༌ མ༌ཅོའ༌, ངན༌པ༌བོའ༌ ཐད༌པོ༌ ཅོ༌ཅེས༌པོའེ༌ ཞས༌ཏེ༌, ཁོང༌གུན༌ནི༌ཀ༌ ཤི༌ཅེས༌སི༌ ཐག༌ཅད༌ སལ༌ཨིན༌།


ཏེ༌ནེ༌ ཏེ༌ ཁྲིམས༌ མེད༌ཁན༌བོ༌ ཡོང༌ཨིན༌, ཨིན༌ནའང༌ གཙོ༌བོ༌ ཡེ༌ཤུའི༌ འུགས༌ ཅིག༌ ཉམ༌པོ༌ བཀའ༌ སལ༌ཏེ༌, ཁོའ༌ ཕམ༌ཀལ༌ལ༌ ཛད༌ཨིན༌། ཡང༌ ཁོང༌ ཟིར༌རྗིད༌དི༌ ནང༌ང༌ སྐྱོད༌ཅེས༌པོའེ༌, ཁོ༌ མེད༌ཁན༌ ཛད༌ཨིན༌།


ཏེ༌གུན༌ནི༌ ཏུས༌གྱུན༌ མི༌གུན༌ནི༌ ཕྲོའ༌ ཛིང༌མོ༌ ཆའ༌ ཅུག༌ག༌ནོག༌། ཁོང༌གུན༌ལ༌ དེན༌བ༌ དང༌ ཟུན༌བའེ༌ ཁྱད༌ མ༌ཤེས༌པ༌, དེན༌བ༌ ཆོགས༌ལ༌ རང༌ངི༌ གྱབ༌གྱུར༌ཏེ༌ ཨིན༌ནོག༌། ཁོང༌གུན༌ནི༌ ཁོ༌རང༌གུན༌ ཆུག༌པོ༌ གྱུར༌ཅེས༌སི༌ ཕིའ༌ དཀོན༌མཆོག༌གི༌ ལམ༌མི༌ཀ༌ གྲུལ༌ཟུན༌ ཏང༌ང༌ནོག༌།


ཛ༌འོ༌གུན༌ལ༌ ངོ༌ལོག༌ ཅོ༌ཁན༌, སམ༌བ༌ མ༌ཏང༌ང༌ གྱོགས༌པ༌ ལས༌ ཅོ༌ཁན༌, མངས༌ཏེའང༌ ཕོ༌སོ༌ ཅོ༌ཁན༌ དང༌, དཀོན༌མཆོག༌གི༌ སང༌ ཇིག༌རྟེན༌ནི༌ སྐྱིད༌པོའ༌ ཡ༌ཤ༌ ཅོ༌ཁན༌ ཡོང༌ཨིན༌།


ཏེ༌ མན༌ན༌, ཁྱོ༌ཞ༌གུན༌ནི༌ རང༌དང༌རང༌ངི༌ ཐབ༌ལྡིངས༌གུན༌ནི༌ ནང༌ང༌ ཕོ༌སོ༌ ཅོས༌ཏེ༌ ཨིན༌ནོག༌, ཡང༌ ཏེ༌ཙོགས༌སི༌ ཕོ༌སོ༌གུན༌ ངན༌པ༌ ཨིན༌ནོག༌།


ཀ༌ཟུག༌ སྔུན༌མ༌ ཨིས༌ར༌ཨེལ༌ལི༌ མིར༌གྱུད༌དི༌ ནང༌ང༌, ཟུས༌མའེ༌ ལུང༌སྟོན༌པ༌ མང༌པོ༌ཞིག༌ ཡོད༌པིན༌, ཏེན༌ན༌ ཙོགས༌ལ༌ ཁྱོ༌ཞ༌གུན༌ནི༌ ཆོས༌ཚོགས༌སི༌ ཕྲོའང༌ ཟུས༌མའེ༌ ལོབ༌བོན༌ མང༌པོ༌ རིག༌ ཐོང༌ཨིན༌, ཀ༌གུན༌ནི༌ སང༌ཝའེ༌ ནང༌ང༌ ཟུས༌མའེ༌ ལབ༌ཞ༌གུན༌ ཏངས༌ཏེ༌ ཁྲེས༌ཏོར༌ ཆོགས༌ལ༌ ཁྲིད༌ཨིན༌། ཡང༌ རང༌ངི༌ སྤོན༌བོ༌ གཙོ༌བོ༌ མ༌ཤི༌ཀའེ༌ ཁོང༌གུན༌ ཁོང༌རང༌ངི༌ ཁྲག༌གི༌ རིན༌ ཤལ༌ཏེ༌ ཉོའ༌ ཛད༌ཁན༌བོའང༌ ཕང༌ཨིན༌། ཏེ༌ཟུག༌ ཅོ༌ཅེས༌པོའེ༌, ཁོང༌གུན༌ནི༌ ཁོང༌རང༌གུན༌ གྱོགས༌པ༌ མེད༌ཁན༌ ཆ༌ཅེས༌པོ༌ ཇུང༌ ཅུགས༌ཏེ༌ ཨིན༌ནོག༌།


ཁོང༌གུན༌ལ༌ རང༌ངི༌ ལས༌ ངན༌པའེ༌ བྲས༌བུ༌ ངན༌པ༌ ཐོབ༌ཨིན༌། ཁོང༌གུན༌ ཉི༌མའེ༌ འོད༌དི༌ ནང༌ང༌ ཁོ༌རང༌གུན༌ནི༌ དོད༌པ༌ ངན༌པའེ༌ ལས༌ ཅོ༌ཅེས༌ལ༌ ཐད༌ད༌ནོག༌, ཡང༌ ཁོང༌གུན༌ ཁྱོ༌ཞའེ༌ ཀོས༌ལག༌ དང༌ ལྡོང༌ངི༌ཀ༌ ནག༌ཐིག༌ ཕོག༌ཁན༌ ཙོགས༌ ཨིན༌ནོག༌། ཁྱོ༌ཞའ༌ ཉམ༌པོ༌ ཡེ༌ཤུ༌ ཀྲོང༌ཤེས༌པོ༌ ཨིད༌ཏུ༌ ཅོ༌ཨིན༌ ཁར༌ཇི༌ ཟའ༌ ཟ༌ནེའང༌, ཁོང༌གུན༌ནི༌ ཁྱོ༌ཞ༌ གོབ༌སྐོར༌ ཏང༌ཅེས༌ལ༌ ཐད༌ད༌ནོག༌།


ཡང༌ ཁོང༌གུན༌ནི༌ ནབ༌སེམས༌སི༌ ནང༌ང༌ རུངས༌ ཅོས༌མ༌གུན༌ གྱུད༌ཏེ༌, ཁྱོ༌ཞ༌གུན༌ལ༌ གོབ༌སྐོར༌ ཏངས༌ཏེ༌ ཕན༌ཐོགས༌ ལེན༌ཨིན༌། ཨིན༌ནའང༌ ཏུས༌ཡུན༌རིང༌ ཞིག༌ནེ༌ ཁོང༌གུན༌ལ༌ ཤི༌ཅེས༌སི༌ ཆད༌པ༌ ཕོག༌ཁན༌བོ༌, ཉེ༌ཁོར༌ལ༌ ཁོར༌ཨིན༌ ཡོད༌། ཡང༌ ཁོང༌གུན༌ ཁྲེས༌ཏོར༌ ཆ༌ཅེས༌པོ༌ གོར༌ མི༌ཅུག༌།


ཨིན༌ནའང༌ འི༌ ཟུས༌མའེ༌ ལོབ༌བོན༌གུན༌ནི༌, ཧ༌མ༌གོ༌ཁན༌ ཚང༌མའེ༌ གྱབ༌གལ༌ལ༌ སྤེ༌ར༌ ངན༌པ༌ ཏང༌ང༌ནོག༌། ཡང༌ སམ༌བ༌ མེད༌ཁན༌ནི༌ རིའི༌ སེམས༌ཅན༌ ཙོགས༌ལ༌, ཁོང༌གུན༌ནི༌ དོད༌པ༌ ནང༌ཞིན༌ ཅོ༌ཅེས༌པོའེ༌, ཁོ༌རང༌གུན༌ མེད༌ཁན༌ ཆ༌ཅུག༌ག༌ནོག༌།


འི༌ ཟུས༌མའེ༌ ལོབ༌བོན༌གུན༌ ཏུས༌གྱུན༌ བར༌ཁན༌, ཞན༌མའེ༌ ནང༌ང༌ སྐྱོན༌ ཙལ༌ཁན༌, ཁོང༌རང༌ངི༌ དོད༌པ༌ ངན༌པའེ༌ ལམ༌མི༌ཀ༌ གྲུལ༌ཁན༌, ཁོ༌རང༌ དང༌ རང༌ངི༌ སྐོར༌ལ༌ ཕོ༌སོ༌ ཅོ༌ཁན༌ དང༌ རང༌ངི༌ ཕན༌ཐོགས༌སི༌ ཕིའ༌ ཞན༌མ༌གུན༌ལ༌ སྟོད༌པ༌ ཏང༌ང༌ནོག༌།


ངའེ༌ ཏེ༌བོ༌ ཁྱོ༌ཞ༌གུན༌ལ༌ ཟེར༌རད༌, ཅིའ༌ཟེར༌ན༌ ངན༌པ༌ མི༌ ཁ༌ཅིག༌ ཁྱོ༌ཞ༌གུན༌ནི༌ ཆོས༌ཚོགས༌སི༌ ནང༌ང༌ སང༌ཝའེ༌ ཐོག༌ནེ༌ དྲེས༌ ཚར༌ཏེ༌ ཨིན༌། ཏེ༌གུན༌ནི༌ དཀོན༌མཆོག༌གི༌ ཐུག༌རྗེའེ༌ ཏོན༌བོ༌ གྱུར༌ཏེ༌ ང༌དང༌གུན༌ལ༌ ངན༌པའེ༌ མི༌ཚེ༌ ཕུད༌ཅེས༌སི༌ རང༌ཝང༌ ཡོད༌ཏེ༌ ཨིན༌ནོག༌ ཟེར༌ར༌ནོག༌། ཏུས༌ མང༌པོ༌ཞིག༌གི༌ སྔུན༌ལ༌ ཏེ༌ཟུག༌ མི༌གུན༌ལ༌ ཆད༌པ༌ ཕོག༌ཅེས༌སི༌ སྐོར༌ལ༌ བྲིའ༌ ཛད༌ཏེ༌ ཨིན༌ནོག༌, ཅིའ༌ཟེར༌ན༌ ཁོང༌གུན༌ནི༌ ང༌དང༌གུན༌ནི༌ གྱལ༌པོ༌ དང༌ གཙོ༌བོ༌ ཅིག༌པོ༌ ཞུགས༌ཁན༌ནི༌ ཡེ༌ཤུ༌ མ༌ཤི༌ཀའ༌ ངོ༌ལོག༌ ཅོ༌རུག༌།


ཏེ༌ བུ༌མོའེ༌ ཁོ༌རང༌ང༌ སྤལ༌ དང༌ གྱུ༌ནོར༌ ཐོབ༌ཁན༌ དྲན༌དྲ༌ ཁོའ༌ བར༌དོ༌ དང༌ རྡུག༌ངལ༌ ཏོང༌, ཅིའ༌ཟེར༌ན༌ ཏེ༌ བུ༌མོའེ༌ ཁོ༌རང༌ངི༌ སྙིང༌ངི༌ ནང༌ང༌ ཕོ༌སོ༌ ཅོས༌ཏེ༌, ‘ང༌ ནི༌ གྱལ༌མོ༌ ཁྲིས༌སི༌ཀ༌ དུགས༌ཏེ༌ ཨིན༌། ང༌ ནི༌ ཨ༌ནེ༌མ༌རང༌མོ༌ མན༌, ཡང༌ ངའ༌ མ༌ནེ༌ ཚེར༌ཁ༌ ཅོ༌ མི༌གོས༌’ ཟེར༌དུག༌།


ཨིན༌ནའང༌ ཏེ༌ ཇིགས༌ནང༌ཅན༌ནི༌ སེམས༌ཅན༌ དང༌ ཁོའེ༌ ལུང༌སྟོན༌པ༌ ཟུས༌མ༌བོ༌ ཟུམས༌, ཀ༌བོའེ༌ ཇིགས༌ནང༌ཅན༌ནི༌ སེམས༌ཅན༌བོའེ༌ ཚབས༌ལ༌ ཧ༌ལས༌ཤེས༌སི༌ ལྟས༌ མིན༌དྲ༌ མིན༌དྲ༌ སྟན༌ནད༌པིན༌། ཏེ༌ ལྟས༌གུན༌ནི༌ མི༌གུན༌ལ༌ གོབ༌སྐོར༌ ཏངས༌ པ༌སང༌, ཁོང༌གུན༌ནི༌ ཇིགས༌ནང༌ཅན༌ནི༌ སེམས༌ཅན༌ནི༌ སྟགས༌པོ༌ ཅོ༌ཅུགས༌ཏེ༌ ཁོའེ༌ སྐུན༌དྲ༌བོའ༌ ཆག༌ཕུལས༌ ཡང༌ ཅོལས༌། ཇིགས༌ནང༌ཅན༌ནི༌ སེམས༌ཅན༌ དང༌ ཁོའེ༌ ལུང༌སྟོན༌པ༌ ཟུས༌མ༌ ཉིས༌ཀོ༌ སོན༌ཏེའ༌ མུ༌ཟི༌ མེའ༌ ཞེན༌ཨིན༌ ཡོད༌ཁན༌ནི༌ ཚོའེ༌ ནང༌ང༌ ཕངས༌།


ཨིན༌ནའང༌ ཟུན༌ ཏང༌ཁན༌ ཚང༌མ༌, ཇིགས༌བུད༌, ཏད༌པ༌ མེད༌ཁན༌, ཚི༌ཏུ༌ སྕོད༌པ༌, མི༌སད༌, ལུས༌བྲེལ༌ ངན༌པ༌, ཆོས༌ངན༌ ཅོ༌ཁན༌ དང༌ སྐུན༌དྲ༌ ཅོལ༌ཁན༌ གུན༌ མུ༌ཟི༌ མེའ༌ ཞེན༌ཨིན༌ ཡོད༌ཁན༌ནི༌ ཚོའེ༌ ནང༌ང༌ ཕང༌ཨིན༌, ཀ༌བོའ༌ ཤི༌ཅེས༌ ཉིས༌པ༌ ཟེར༌རད༌།”


ཆོས༌ངན༌ ཅོ༌ཁན༌, ལུས༌བྲེལ༌ ངན༌པ༌ ཅོ༌ཁན༌, མི༌སད༌, སྐུན༌དྲ༌ ཅོལ༌ཁན༌, ཟུན༌མ༌ ཏམ༌པའེ༌ མི༌ཚེ༌ ཕུད༌ཁན༌, ཏེ༌ ཁྱི༌ ཙོགས༌གུན༌ གྱལ༌སའེ༌ ཕི༌ལོག༌ག༌ ལུས༌ཨིན༌།”


Lean sinn:

Sanasan


Sanasan