Biblia Todo Logo
Bìoball air-loidhne

- Sanasan -




پھیلیپیپا 1:27 - Ladakhi

27 ཚང༌མའེ༌སང༌ ཁག༌ཅན༌བོ༌, ཁྱོ༌ཞ༌གུན༌ནི༌ མ༌ཤི༌ཀའེ༌ གའ༌མོའེ༌ ནས༌ཚུལ༌ལི༌ ཕིའ༌ འོས༌པ༌ཅན༌ནི༌ མི༌ཚེ༌ཞིག༌ ཕུད༌གོ༌ཤེས༌ ཨིན༌ནོག༌། ང༌ ཁྱོ༌ཞ༌གུན༌ ཡོད༌ས༌ ཡོངས༌ཏེ༌ ཐོང༌ཨིན༌ ཡ༌ ང༌ ཁྱོ༌ཞ༌གུན༌ནི༌ སྐོར༌ལ༌ ཚོར༌ཨིན༌, གའ༌མོའེ༌ ནས༌ཚུལ༌ལི༌ ལོན༌བོའེ༌ ཕིའ༌, ཁྱོ༌ཞ༌གུན༌ སེམས༌སི༌ ནང༌ང༌ ཅིག༌གྲིལ༌ སོང༌ཏེ༌ མག༌མི༌ ཅིག༌གི༌ ཚུལ༌ལ༌ ནོལ༌ཨིན༌ དུག༌ཅེས༌པོ༌ ང༌ གྱུས༌ཆེན༌།

Faic an caibideil Dèan lethbhreac

New Testament in Ladakhi Langage

27 تشانگمیسانگ کھاگچانبو، کھیوجاگونّی مسیح گاموےناتسُولّی پھیا اوسپاچانّی میتشے جیگ پھودگوشیس اینوگ۔ نگا کھیوجاگون یودسا یونگستے تھونگین یا نگا کھیوجاگونّی سکورلا تشورین، گاموےناتسُولّی لونبوے پھیا، کھیوجاگون سیمسّی نانّگا چیگڈیل سونگتے ماگمی چیگی تشولّا نولاین دوگچیسپو نگا گیوسچھین۔

Faic an caibideil Dèan lethbhreac




پھیلیپیپا 1:27
53 Iomraidhean Croise  

ཁོང༌གུན༌ནི༌ སམ༌བ༌ ངན༌པ༌བོ༌ ཡེ༌ཤུའི༌ ཁྱེན༌ཏེ༌ མོལས༌, “གྱལ༌སྲིད༌དི༌ ནང༌ང༌ ཡོད༌ཁན༌གུན༌ ཐུན༌ཏེ༌ མ༌དུག༌ན༌ ཏེ༌བོ༌ མེད༌ཁན༌ ཆེན༌, ཡང༌ གྱལ༌ས༌ ཡ༌ ནང༌ཚངས༌ཞིག༌གི༌ མི༌གུན༌ ནོལ༌ཨིན༌ དུག༌ན༌ ཏེ༌གུན༌ མེད༌ཁན༌ ཆེན༌།


ཁོང༌གུན༌ ཞག༌ཏང༌ ཆོད༌ཁང༌ངི༌ གྱང༌སྐོར༌རི༌ ནང༌ང༌ ཛོམ༌མད༌པིན༌། ཁང༌པ༌གུན༌ནི༌ ནང༌ང༌ གཙོ༌བོ༌ ཨིད༌ཏུ༌ ཅོ༌ཨིན༌ དོན༌ཀྱིར༌ ཅགས༌ཏེ༌ གའ༌མོ༌ དང༌ ཐད༌པོ༌ ཉམ༌པོ༌ སྙིང༌ ཕེས༌ཏེ༌ ཚང༌མ༌ ཉམ༌པོ༌ བགོས༌ཏེ༌ ཟེན༌,


ཞག༌ ཁ༌ཅིག༌གི༌ སྟིང༌ནེ༌, ཕེ༌ལིགས༌ རང༌ངི༌ ན༌མ༌ གྲུརུ༌སིལ༌ལཱ༌ ཉམ༌པོ༌ ཡོངས༌, ཁོ༌ ཡ༌ཧུ༌དཱ༌མ༌ཞིག༌ ཨིན༌པིན༌། ཕེ༌ལིགས༌སི༌ པ༌འུ༌ལུའ༌ བོད༌ཁན༌ ཏངས༌ཏེ༌ མ༌ཤི༌ཀ༌ ཡེ༌ཤུའི༌ ནང༌ང༌ ཏད༌པའེ༌ སྐོར༌ལ༌ པ༌འུ༌ལུའི༌ ཀ༌ནེ༌ ཉནས༌།


ཏད༌པ༌ཅན༌ ཚང༌མ༌ སྙིང༌སེམས༌ ཐུན༌ཏེ༌ སུ༌ཞིག༌གིའང༌ རང༌ངི༌ ནོར༌བོ༌ ང༌རང༌ངི༌ ཨིན༌ མ༌ཟེར༌ར༌ ཅི༌ཚང༌མ༌ ཞན༌མ༌གུན༌ ཉམ༌པོ༌ བགོའད༌པིན༌།


འི༌ གའ༌མོའེ༌ ནས༌ཚུལ༌བོའ༌ ངའ༌ ཁྲེལ༌ལ༌ མེ༌རག༌, ཅིའ༌ཟེར༌ན༌ འི༌བོ༌ ནི༌ ཏད༌པ༌ཅན༌ནི༌ མི༌ཚང༌མ༌ སྐྱོབ༌ཐུབ༌ཅེས༌སི༌ དཀོན༌མཆོག༌གི༌ སྟོབས༌པོ༌ ཨིན༌ནོག༌, ཏང༌པོ༌ ཡ༌ཧུ༌དཱ༌པ༌གུན༌ལ༌ ཏེ༌ནེ༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ལ༌།


མ༌ཤི༌ཀ༌ གྱུད༌ཏེ༌ དཀོན༌མཆོག༌གི༌ ང༌ཞ༌གུན༌ལ༌ སྐུ༌ཚབས༌སི༌ ཚུལ༌ལ༌, ཀ༌རུང༌ས༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ལ༌ དཀོན༌མཆོག༌གི༌ ཅོའ༌ ཛད༌ཁན༌གུན༌ ཤད༌ཅེས༌སི༌ ཝང༌ཆ༌ དང༌ རྩི༌ཝ༌ གུན༌ སལ༌ལ༌ ཛདས༌། ཁོང༌ངི༌ ཏེ༌ཟུག༌ ཅོའ༌ ཛད༌ཅེས༌སི༌ གྱུན༌ཚན༌ ནི༌, ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ནི༌ ཁོང༌ངི༌ ཁའ༌ཉན༌ཅེས༌ དང༌ ཏད༌པ༌ ཅོས༌ཏེ༌ ཁོང༌ངི༌ ཚན༌ལ༌ རྩི༌ཝ༌ ཁྱོང༌ཅེས༌པོ༌ ཨིན༌ནོག༌།


ངའེ༌ མོས༌ལམ༌ ཞུ༌ ཟ༌ནེ༌ ཁྱོ༌ཞ༌གུན༌ ཏུས༌གྱུན༌ ཨིད༌ཏུ༌ ཅོའད༌, ཏེ༌བོའེ༌ སྤང༌པོ༌ དཀོན༌མཆོག༌ ཨིན༌, ཁོང༌ངི༌ སྲས༌སི༌ གའ༌མོའེ༌ ནས༌ཚུལ༌བོ༌ ཕེལ༌ཅུག༌ཅེས༌ལ༌ ངའེ༌ ང༌རང༌ངི༌ སྙིང༌ངི༌ ཐིལ༌ནེ༌ ཞབས༌ཏོག༌ ཞུའད༌།


ཨིན༌ནའང༌ ཏད༌པའེ༌ སྐོར༌ལ༌ ལབ༌ཞའེ༌ ཅི༌ མོལ༌དུག༌?, “ལོན༌བོ༌ ཁྱོ༌ཞའེ༌ ལག༌ག༌ ཡོད༌ཏེ༌ ཨིན༌ནོག༌ ཏེ༌བོ༌ ཁྱོ༌ཞའེ༌ ཁལ༌པག༌ དང༌ སྙིང༌ གུན༌ནི༌ ནང༌ང༌ ཡོད༌ཏེ༌ ཨིན༌ནོག༌།” ཡང༌ ཏེན༌ན༌ ལོན༌བོ༌ ནི༌, མ༌ཤི༌ཀའེ༌ ནང༌ང༌ ཏད༌པ༌ ཅོ༌ཅེས༌ལ༌ ང༌ཞའེ༌ ཆོས༌ཤད༌ཁན༌ནི༌ ལོན༌བོ༌ ཨིན༌།


ང༌, མ༌ཤི༌ཀ༌ ཡེ༌ཤུའི༌ ཞབས༌ཏོག༌པ༌ ཁྱོ༌ཞའ༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ནི༌ ཕིའ༌ ཏམ༌པའེ༌ ལོན༌ ཁྱོང༌ཁན༌བོ༌ ཨིན༌། ཁྱོ༌ཞ༌གུན༌, དཀོན༌མཆོག༌གི༌ ཐུགས༌ཐད༌ད༌ ཛད༌ཁན༌ནི༌ ཆོད༌པ༌ ཐེའ༌ ཛད༌ཅེས༌ལ༌ གའ༌མོའེ༌ ནས༌ཚུལ༌བོ༌ ཁྱོངས༌པིན༌, ཀ༌གུན༌ ཏམ༌པའེ༌ ཐུག༌ཉིད༌ གྱུད༌ཏེ༌ ཏམ༌པ༌ ཅོའ༌ ཛད༌ཏེ༌ ཨིན༌།


ཡང༌ ངའ༌ ཏན༌ཏན༌ རག༌, ང༌ ཁྱོ༌ཞའ༌ ཡོད༌ས༌ ལེབས༌ཏེ༌ ང༌དང༌གུན༌ ཉམ༌པོ༌ ཡོད༌ཁན༌ནི༌ ཏུས༌པོའ༌ མ༌ཤི༌ཀའེ༌, ཅིན༌ལབས༌ མང༌པོ༌ སལ༌ལ༌ ཛད༌ཨིན༌།


ངའེ༌ སྤུན༌གུན༌, ང༌དང༌གུན༌ནི༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ ངའ༌ ཝང༌ སལ༌ལ༌ ཛད༌ཁན༌ གྱུད༌ཏེ༌ ཁྱོ༌ཞ༌གུན༌ ཐུན༌བྲེལ༌ ཉམ༌པོ༌ དུག༌ཅེས༌, ཆོས༌ཚོགས༌སི༌ ནང༌ང༌ པོ༌བུད༌ཏེ༌ ཚོགས༌ཆུང༌ སོ༌སོ༌ མེད༌ཅེས༌ ཡང༌ སམ༌ཚུལ༌ དང༌ ཐག༌ཅད༌གུན༌ནའང༌ ཅིག༌ ཡོང༌ཅེས༌ལ༌ ངའེ༌ མ༌སྲན༌ཏྲེ༌ ཞུ༌ཝ༌ ཕུལ༌ལད༌།


ཏེ༌བོའེ༌ཕིའ༌ ངའེ༌ སྤུན༌གུན༌ ཏད༌པའེ༌ ནང༌ང༌ ཤེད༌ཅན༌ དང༌ སྟན༌པོ༌ གྱུར༌ཤིག༌། ཏུས༌གྱུན༌ གཙོ༌བོའེ༌ ཕིའ༌ རིངས༌ཨིན༌ཞིག༌ ཞབས༌ཏོག༌ ཞུ༌ཤིག༌, ཅིའ༌ཟེར༌ན༌ གཙོ༌བོའེ༌ ཕིའ༌ ཅི༌ཞིག༌ ཅོ༌ནའང༌, གོད༌ལ༌ མི༌ཆ༌ཅེས༌པོ༌ ཁྱོ༌ཞ༌གུན༌ལ༌ གྱུས༌ཨིན༌ནོག༌།


སྤུན༌གུན༌ འི༌ སྟིང༌ཇུག༌གི༌ ཚིགས༌པོ༌ ཉམ༌པོ༌ ངའེ༌ ཨི༌གེ༌ བྲི༌ཅེས༌པོ༌ ཚར༌ཅུག༌གད༌། སྐྱིད༌པོ༌ ཅོ༌ཤིག༌, ཏད༌པའེ༌ ནང༌ང༌ གང༌པོ༌ ལྡན༌ཅུག༌ཤིག༌, ཅིག༌ དང༌ ཅིག༌ག༌ སྤོས༌པ༌ ཏོང༌ཤིག༌, ཅིག༌ དང༌ ཅིག༌གི༌ པར༌ལ༌ ཐུན༌བྲེལ༌ དང༌ ཞི༌དེ༌ ཉམ༌པོ༌ དུག༌ཤིག༌, ཏེ༌ནེ༌ ཅེས༌པ༌ དང༌ ཞི༌དེའེ༌ དཀོན༌མཆོག༌ ཁྱོ༌ཞ༌གུན༌ ཉམ༌པོ༌ ཞུགས༌ས༌ ཛད༌ཨིན༌།


འི༌ ཇིག༌རྟེན༌ནི༌ཀ༌ ཝང༌སྲུལ༌ཁན༌ནི༌ ཤེ༌ཏན༌ནི༌, ཏད༌པ༌ མེད༌ཁན༌ནི༌ སྙིང༌གུན༌ སྐྱོང༌པོ༌ ཅོས༌ཏེ༌ སམ༌བ༌གུན༌ ཞར༌ ཅུག༌ག༌ནོག༌། ཁོང༌གུན༌ལ༌ གའ༌མོའེ༌ ནས༌ཚུལ༌ལི༌ ཟིར༌རྗིད༌ཅན༌ནི༌ དེན༌བའེ༌ འོད༌པོ༌ ཐོང༌ མི༌ཐུབ༌ཅེས༌ལ༌ ཁོའེ༌ ཏེ༌བོ༌ ཅོའ༌ནོག༌། ཁོང༌གུན༌ནི༌ ཅི༌ས༌ ཐོག༌ནེ༌ དཀོན༌མཆོག༌ ཙོགས༌ ཨིན༌ཁན༌ནི༌ མ༌ཤི༌ཀའེ༌ ཟིར༌རྗིད༌དི༌ སྐོར༌ལ༌ གའ༌མོའེ༌ ནས༌ཚུལ༌བོ༌ ཧ༌ མ༌གོའ༌ ཨིན༌ནོག༌།


ཁྱོ༌ཞ༌གུན༌ནི༌ ཞབས༌ཏོག༌གི༌ བྲས༌བུའི༌, ཁོང༌གུན༌ནི༌ དཀོན༌མཆོག༌ག༌ སྤལ༌ ཐོབ༌ ཅུག༌ག༌ནོག༌, ཅིའ༌ཟེར༌ན༌ ཁྱོ༌ཞ༌གུན༌ནི༌ ཁོང༌གུན༌ དང༌ ཏད༌པ༌ ཡོད༌ཁན༌ ཚང༌མ༌ལ༌, སྙིང༌ ཕེས༌ཏེ༌ ཏང༌ཅེས༌པོ༌ གྱུད༌ཏེ༌, ཁྱོ༌ཞ༌གུན༌ མ༌ཤི༌ཀའེ༌ གའ༌མོའེ༌ ནས༌ཚུལ༌ ཁའ༌ཉན༌ཁན༌ ཨིན༌ཁན༌བོ༌, སྟན༌ན༌ནོག༌།


ཀ༌བོ༌ ངོས༌པོའ༌ གའ༌མོའེ༌ ནས༌ཚུལ༌ཞིག༌ ཨིན༌ ཁོ༌རང༌ མ༌ནོག༌། ཨིན༌ནའང༌ མ༌ཤི༌ཀའེ༌ གའ༌མོའེ༌ ནས༌ཚུལ༌ལི༌ ཏོན༌ཏག༌གི༌ ནང༌ང༌ མིང༌ནའང༌ གྱུར༌ཇ༌ ཁྱོང༌ཁན༌གུན༌ནི༌, ཁྱོ༌ཞའེ༌ སྙིང༌ངི༌ ནང༌ང༌ ཐེ༌ཚོམས༌ སྐྱེ༌ཅུག༌ཨིན༌ ཡོད༌ཁན༌བོ༌ ངའ༌ ཧ༌གོའ༌རག༌།


ཡང༌ ཁྱོ༌ཞའ༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ནིའང༌ ཐར༌པ༌ ཐོབ༌ཅེས༌སི༌ དེན༌བའེ༌ ལོན༌བོ༌ ཚོར༌ཏེ༌, མ༌ཤི༌ཀའེ༌ཀ༌ ཏད༌པ༌ ཅོས༌ པ༌སང༌, དཀོན༌མཆོག༌གི༌ ཁྱོ༌ཞ༌གུན༌ནི༌ཀ༌ ཁོང༌རང༌ངི༌ ཐེ༌ཙེ༌བོ༌ སལས༌, ཀ༌བོ༌ ཁོང༌ངི༌ ཞལ༌ཆད༌ ཛད༌ཁན༌ནི༌ ཏམ༌པའེ༌ ཐུག༌ཉིད༌ ཨིན༌ནོག༌།


ཁྱོ༌ཞ༌གུན༌ནི༌ གཙོ༌བོ༌ ཡེ༌ཤུའི༌ཀ༌ ཏད༌པ༌ ཁྱོང༌ཅེས༌ དང༌ དཀོན༌མཆོག༌གི༌ མི༌ ཏམ༌པ༌ ཚང༌མ༌ལ༌ ཅེས༌པ༌ ཅོ༌རུག༌ ཟེར༌ཏེ༌ ང༌ ཚོར༌པ༌ནེ༌ ཕར༌ལ༌,


ཏེན༌ན༌བོའེ༌ཕིའ༌ གཙོ༌བོའ༌ ཞབས༌ཏོག༌ ཞུ༌ཅེས༌པོའེ༌ ང༌ ཙོན༌ནི༌ ནང༌ང༌ ཡོད༌ཁན༌ནི༌, ཇུ༌ཇུ༌ དཀོན༌མཆོག༌གི༌ བོད༌ད༌ ཛད༌ཁན༌ནི༌ འོས༌པའེ༌ མི༌ཚེ༌ཞིག༌ ཕུད༌ཅེས༌ལ༌ ཁྱོ༌ཞའ༌ ཞུ༌ཝ༌ ཕུལ༌ལད༌།


ཅིའ༌ཟེར༌ན༌ ཁྱོ༌ཞ༌གུན༌ནི༌ ཏད༌པ༌ ཅོས༌པ༌ནེ༌ ཕར༌ལ༌ དག༌ས༌ ཙུགས༌པ༌, གའ༌མོའེ༌ ནས༌ཚུལ༌ ཕེལ༌ཅེས༌སི༌ ཆག༌ལས༌སི༌ ནང༌ང༌ ངའ༌ རོགས༌ ཅོ༌ཨིན༌ཞིག༌ ཨིན༌།


ངའེ༌ ཅེས༌པའེ༌ ཛ༌འོ༌གུན༌, ང༌ ཁྱོ༌ཞ༌གུན༌ ཉམ༌པོ༌ ཡོད༌ ཟ༌ནེ༌, ཁྱོ༌ཞའེ༌ ཏུས༌གྱུན༌ ངའེ༌ ལབ༌ཞ༌གུན༌ ཁའ༌ཉན༌ཏེ༌ གྲུལ༌ལ༌ ཙོགས༌ལ༌, ང༌ ཁྱོ༌ཞའ༌ ཉམ༌པོ༌ མེད༌ ཟ༌ནེ༌ ཏེ༌སང༌ མང༌ང༌ ཁའ༌ཉོན༌ཤིག༌། ཡང༌ དཀོན༌མཆོག༌ག༌ རྩི༌ཝ༌ དང༌ ཁོང༌ངི༌ ཇིགས༌སི༌ ནང༌ང༌ སྟན༌ན༌ ཛད༌ཁན༌ནི༌ ལམ༌མི༌ཀ༌ གྲུལ༌ཨིན༌ ཐར༌པའེ༌ ཕིའ༌ རྩོན༌གྲུས༌ ཅོ༌ཤིག༌།


ང༌ ལོ༌ཁྱེལ༌ རག༌, གཙོ༌བོའེ༌ ངའང༌ ཁྱོ༌ཞ༌གུན༌ ཡོད༌ས༌ གྱོགས༌པ༌ ཡོང༌ ཅུག༌ག༌ ཛད༌ཨིན༌།


ངའེ༌ ཁྱོ༌ཞའ༌ སྔུན༌ལ༌ ལན༌ མང༌པོ༌ ཟེར༌ ཚར༌ཏེ༌ ཨིན༌, ཡང༌ ཏ༌རུང༌ངའང༌ ཆི༌མ༌ ཉམ༌པོ༌ ཟེར༌རད༌, མང༌པོ༌ཞིག༌ མ༌ཤི༌ཀའེ༌ རྐྱང༌ཤིང༌ངི༌ གྱབ༌གལ༌ ཨིན༌ཁན༌ནི༌ ལམ༌མི༌ཀ༌ གྲུལ༌དུག༌།


ཨིན༌ནའང༌ ང༌དང༌གུན༌ ནི༌ ནམ༌ཁའེ༌ ཡུལ༌མི༌ ཨིན༌ནོག༌, ཡང༌ སྐྱབ༌གོན༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀ༌ ལོགས༌ཏེ༌ ཕེབས༌ཤེས༌སི༌ ཕིའ༌ ང༌དང༌གུན༌ནི༌ རིངས༌ཨིན༌ སྲུང༌ང༌ནོག༌།


ཏེན༌ན༌བོའེ༌ཕིའ༌ སྤུན༌གུན༌, ངའེ༌ ཅམས༌པ༌ ཅོ༌ཁན༌ དང༌ ཐུག༌ཅེས༌ལ༌ ངའ༌ རིངས༌ཨིན༌ ཡོད༌, ཁྱོ༌ཞའ༌ ངའེ༌ སྐྱིད༌པོ༌ དང༌ ཐོར༌ཤོག༌ ཨིན༌། ངའེ༌ ཅེས༌པའེ༌ ཛ༌འོ༌གུན༌ གཙོ༌བོ༌ ཡེ༌ཤུའི༌ ནང༌ང༌ སྟན༌པོ༌ དུག༌ཤིག༌།


ཏེ༌ནེ༌ ཁྱོ༌ཞ༌གུན༌ནི༌ ཅི༌ས༌ཐོག༌ནེ༌ གཙོ༌བོའ༌ ཐུགས༌ཐད༌ཅེས༌ དང༌ རྩི༌ཝ༌ ཁྱོང༌ཁན༌ནི༌ མི༌ཚེ༌ཞིག༌ ཕུད༌ཉན༌ཨིན༌། ཁྱོ༌ཞའེ༌ མི༌ཚེའེ༌, བྲས༌བུའི༌ རིགས༌ ཟང༌པོ༌ ཚང༌མ༌ སྨིན༌ཏེ༌ དཀོན༌མཆོག༌ ཤེ༌ཤེས༌སི༌ ནང༌ང༌ མང༌ངི༌ སང༌ མང༌ང༌ ལྡན༌ཨིན༌།


ཅིའ༌ཞུ༌ན༌ ཁྱོ༌ཞ༌གུན༌ནི༌ ཡེ༌ཤུ༌ མ༌ཤི༌ཀའེ༌ཀ༌ ཏད༌པ༌ དང༌ དཀོན༌མཆོག༌གི༌ ཏམ༌པ༌ མི༌ཚང༌མ༌ ཉམ༌པོ༌ ཅམས༌པ༌ ཅོ༌ཅེས༌པོ༌ ང༌ཞའེ༌ ཚོར༌།


ཨིན༌ནའང༌ ཁྱོ༌ཞ༌གུན༌ནི༌ ཏད༌པ༌ དང༌ ཅམས༌པའེ༌ སྐོར༌ལ༌ ནས༌ཚུལ༌ ཟང༌པོ༌ ཁུར༌ཏེ༌ ཏི༌མོ༌ཐི༌ དག༌ས༌རང༌ ང༌ཞའེ༌ཀ༌ ལོགས༌ཏེ༌ ལེབ༌། ཁྱོ༌ཞ༌གུན༌ནི༌ ང༌ཞའ༌ ཁྱོ༌ཞའ༌ ཉམ༌པོ༌ ཡོད༌ཁན༌ནི༌ ཏུས༌གུན༌ ཐད༌པོ༌ ཉམ༌པོ༌ ཨིད༌ཏུ༌ ཅོ༌ཅེས༌ ཡང༌, ང༌ཞའ༌ ཁྱོ༌ཞའ༌ ཐུག༌ཅེས༌ལ༌ དོད༌པ༌ སྲན༌ཏྲེ༌ ཡོད༌ཁན༌ ཙོགས༌ལ༌, ཁྱོ༌ཞའང༌ ཐུག༌ཅེས༌ལ༌ དོད༌པ༌ ཡོད༌ཁན༌གུན༌ ཏི༌མོ༌ཐིའི༌ ཤད༌ད༌རག༌།


སྟིང༌ཇུག༌པའེ༌ཀ༌ ཅེས༌པའེ༌ སྤུན༌གུན༌, དཀོན༌མཆོག༌ ཐུགས༌ཐད༌ཅེས༌སི༌ ཕིའ༌ ང༌ཞའེ༌ ཁྱོ༌ཞའ༌ ལབས༌ཁན༌ ནང༌ཞིན༌ མི༌ཚེ༌ ཕུད༌ཅེས༌ལ༌ ཞུའད༌། འོ༌ན༌ ཁྱོ༌ཞའེ༌ ཏེན༌ན༌ ཙོགས༌སི༌ མི༌ཚེ༌ ཕུད༌ཨིན༌ ཨིན༌ནོག༌, ཨིན༌ནའང༌ ཏ༌ ཏ༌རུང༌ངའང༌ མང༌ང༌ ཏེ༌ཙོགས༌སི༌ མི༌ཚེ༌ ཕུད༌ཅེས༌ལ༌ ང༌ཞའེ༌ གཙོ༌བོ༌ ཡེ༌ཤུའི༌ ཚན༌ནི༌ ནང༌ང༌ ཁྱོ༌ཞའ༌ སྤོས༌པ༌ ཏང༌ཨིན༌ ཞུ༌ཝ༌ ཞུའད༌།


ཁོང༌གུན༌ནི༌ གྱབ༌གལ༌ ཅོ༌ཁན༌ནི༌ ལབ༌ཞ༌ ཟང༌པོ༌གུན༌, ཟིར༌རྗིད༌ཅན༌ནི༌ གའ༌མོའེ༌ ནས༌ཚུལ༌ནེ༌ ཇུང༌ང༌ནོག༌, ཀ༌བོ༌ ཅིན༌ལབས༌ཅན༌ནི༌ དཀོན༌མཆོག༌གི༌ ངའེ༌ ལག༌ག༌ སྟད༌ད༌ ཛད༌ཏེ༌ ཨིན༌།


མ༌ཤི༌ཀའེ༌ ནང༌ང༌ ཁྱོ༌རང༌ངི༌ ཏད༌པ༌བོ༌ སྟན༌པོ༌ ཐམས༌ཏེ༌ དུག༌, ཡང༌ ཁྱོ༌རང༌ངི༌ སེམས༌ ནོངས༌མེད༌ བོར༌, ཅིའ༌ཟེར༌ན༌ མི༌ ཁ༌ཅིག༌གི༌ འི༌ ལབ༌ཞ༌བོ༌ ཕངས༌པ༌, ཁོང༌གུན༌ནི༌ ཏད༌པ༌བོ༌ ཁྲེས༌ཏོར༌ སོང༌ཏེ༌ ཨིན༌ནོག༌།


རྩལ༌ཡངས༌ རྩེ༌ཁན༌ཞིག༌ ཙོགས༌ལ༌, ངེའང༌ གྲན༌དུར༌ གྱལ༌ལ༌ ཅོས༌ཏེ༌ ཏངས༌པིན༌, ངའེ༌ བང༌གྱུགས༌ ཏང༌ ཚར༌ཏེ༌ ཨིན༌, ཡང༌ ངའེ༌ ཏད༌པ༌ མ༌ཕང༌ང༌ སྟན༌པོ༌ ཡོད༌།


ཡ༌ རྐུ༌ མ༌རྐུ༌, ཨིན༌ནའང༌ ཁོ༌རང༌གུན༌ ཅི༌ས༌ཐོག༌ནེ༌ ཨིད༌ཤེས༌ཅན༌ དང༌ ཟང༌པོ༌ ཨིན༌ཁན༌བོ༌ སྟན༌གོས༌། ཏེ༌ནེ༌ ཁོང༌གུན༌ལ༌ དཀོན༌མཆོག༌ ང༌དང༌གུན༌ནི༌ སྐྱབ༌གོན༌ནི༌ ལབ༌ཞ༌ ཧ༌གོ༌ཅེས༌སི༌ དོད༌པ༌ སྐྱེ༌ཅུག༌ཨིན༌།


ཅིའ༌ཟེར༌ན༌ ཁྱོ༌རང༌ངི༌ གཙོ༌བོ༌ ཡེ༌ཤུའི༌ ནང༌ང༌ ཏད༌པ༌ དང༌, དཀོན༌མཆོག༌གི༌ མི༌ ཏམ༌པ༌ ཚང༌མའེ༌ ཕིའ༌ ཅེས༌པ༌ ཡོད༌ཁན༌བོའེ༌ སྐོར༌ལ༌ ཚོར༌།


མི༌ པར༌ལ༌ ཞི༌དེ༌ ཁྱོང༌ཁན༌གུན༌ནི༌ ཞན༌མ༌གུན༌ནི༌ སེམས༌སི༌ ནང༌ང༌ ཞི༌དེའེ༌ ས༌འོན༌ ཏབ༌བ༌ནོག༌, ཡང༌ ཀྲང༌པོའེ༌ སྟོན༌ཐོག༌ རྔའ༌ནོག༌།


ཏ༌ ཀལ༌ཏེས༌ འི༌ ཚང༌མ༌ མེད༌ཁན༌ ཆའད༌ན༌, ཁྱོ༌ཞ༌གུན༌ནི༌ མི༌ཚེ༌བོ༌ ཀ༌ཟུག༌ག༌ ཕུད༌གོས༌། དཀོན༌མཆོག༌གི༌ ཞག༌པོའ༌ སྲུང༌ཏེ༌ གྱོགས༌པ༌ ལེབ༌ཅུག༌ཅེས༌ལ༌ རྩོན༌གྲུས༌ ཅོ༌ཨིན༌, ཁྱོ༌ཞ༌གུན༌ནི༌ དཀོན༌མཆོག༌གི༌ ལམ༌མི༌ཀ༌ གྲུལ༌ཁན༌ དང༌ ཏམ༌པ༌ མི༌ཚེ༌ཞིག༌ ཕུད༌གོ༌ཤེས༌ ཨིན༌ནོག༌། ཏེ༌ ཞག༌ག༌ ནམ༌ཁའེ༌ བར༌ནང༌ མེའ༌ ཚིག༌ཏེ༌, ཡང༌ ཏེ༌ནང༌ང༌ ཡོད༌ཁན༌ ཚང༌མ༌ ཞུ༌ཏེ༌ མེད༌ཁན༌ ཆེན༌།


ཏེ༌བོའེ༌ཕིའ༌ ངའེ༌ ཅེས༌པའེ༌ སྤུན༌གུན༌, ཁྱོ༌ཞ༌གུན༌ འི༌ ཚང༌མ༌ ཇུང༌ཅེས༌སི༌ ཕིའ༌ སྲུངས༌ཏེ༌ ཡོད༌ ཟ༌ནེ༌, ཁྱོ༌ཞ༌རང༌ དཀོན༌མཆོག༌གི༌ སྐུན༌དུན༌ལ༌ རྩང༌མ༌, སྐྱོན༌མེད༌ཁན༌ དང༌ ཞི༌དེ༌ ཉམ༌པོ༌ མི༌ཚེ༌ ཕུད༌ཁན༌ཞིག༌ སྟན༌ ཐུབ༌ཅེས༌སི༌ ཕིའ༌ མ༌ རྩོན༌གྲུས༌ ཅོ༌ཤིག༌།


ཅེས༌པའེ༌ སྤུན༌གུན༌, ཞན༌ཏ༌ ང༌ ཁྱོ༌ཞ༌གུན༌ལ༌ ང༌དང༌ ཚང༌མའ༌ ཐོབ༌ཅེས༌སི༌ ཐར༌པའེ༌ སྐོར༌ལ༌ བྲི༌ཅེས༌ལ༌ རིངས༌ཨིན༌ ཡོད༌, ཨིན༌ནའང༌ ངའེ༌ ཁྱོ༌ཞ༌གུན༌ལ༌ དཀོན༌མཆོག༌གི༌ ལན༌ཅིག༌ ཏུས༌གྱུན༌ནི༌ ཕིའ༌ ཁོང༌ངི༌ ཏམ༌པ༌ མི༌གུན༌ནི༌ ལག༌ག༌ སྟད༌ད༌ ཛད༌ཁན༌ནི༌ ཏད༌པའེ༌ ནང༌ང༌ སྟན༌པོ༌ དུག༌ཅེས༌ལ༌ སྤོས༌པ༌ ཏང༌ཨིན༌ བྲི༌གོ༌ཤེས༌པོ༌ ཁག༌ཅན༌ སམ༌མ༌རག༌།


Lean sinn:

Sanasan


Sanasan