پھیلیپیپا 1:20 - Ladakhi20 ངའེ༌ སེམས༌སི༌ དོད༌པ༌ དང༌ རེ༌ཝ༌ ཆེན༌མོ༌བོ༌ མ༌ཤི༌ཀའེ༌ སྐོར༌ལ༌ ཤད༌ཅེས༌ལ༌ ཁྲེལ༌ མ༌ཁྲེལ༌ལ༌ སེམ༌སྟོབས༌ ཉམ༌པོ༌ ཤད༌ཅེས༌པོ༌ ཨིན༌, ཀ༌ཟུག༌ ངའེ༌ ཅོ༌ཨིན༌ ཡོངས༌ཏེ༌ ཨིན༌། ཏ༌ ང༌ ཤི༌ན༌ ཡ༌ ང༌ སོན༌ནའང༌, ང༌རང༌ངི༌ མི༌ཚེའེ༌ ནང༌ང༌ མ༌ཤི༌ཀ༌ རྩི༌ཝ༌ ཁྱོང༌ཅེས༌པོ༌ ངའེ༌ དོད༌པ༌ ཨིན༌། Faic an caibideilNew Testament in Ladakhi Langage20 نگے سیمسّی دودپا تانگ ریوا چھینموبو مسیح سکورلا شادچیسلا ٹھیل ماٹھیلّا سیمسّتوبس نیامپو شادچیسپو این، کازوگ نگے چوین یونگستے این۔ تا نگا شینا یا نگا سونّانگ، نگارانگی میتشیے نانّگا مسیحا سیوا کھیونگچیسپو نگے دودپا این۔ Faic an caibideil |
ཁྱོ༌ཞ༌གུན༌ནི༌ ཟུགས༌པོའེ༌ ཁག༌ཅིག༌གའང༌, སྡིག༌པའེ༌ ཡོག༌པོ༌ ཅོ༌ཨིན༌ ངན༌པའེ༌ ལག༌ཆ༌ རིག༌ག༌ གྱུར༌ མ༌ཅུག༌ག༌, ཁྱོ༌ཞ༌རང༌གུན༌ ཅི༌ས༌ཐོག༌ནེ༌ དཀོན༌མཆོག༌ག༌ ཕུལ༌ཤིག༌། ཅིའ༌ཟེར༌ན༌ ཁྱོ༌ཞ༌གུན༌ ཤི༌ཏེ༌ ཨིན༌པིན༌, ཨིན༌ནའང༌ ཏ༌ ཁྱོ༌ཞ༌གུན༌ལ༌ མི༌ཚེ༌ སོ༌མ༌ཞིག༌ ཡོད༌ཏེ༌ ཨིན༌ནོག༌། ཏེན༌ན༌བོའེ༌ཕིའ༌ ཁྱོ༌ཞ༌གུན༌ནི༌ ཟུགས༌པོ༌བོ༌ དཀོན༌མཆོག༌ག༌ སྤལ༌ ཐོབ༌ཅེས༌ལ༌ འོས༌པའེ༌ ལས༌གུན༌ ཅོ༌ཅེས༌སི༌ ལག༌ཆ༌ ཙོགས༌ལ༌ ཀོལ༌ཤིག༌།
སེམས༌ཤུགས༌ མེད༌ཁན༌ནི༌ མི༌ ཨིན༌ཅེས༌པོའེ༌, ཁྱོ༌ཞ༌གུན༌ལ༌ འི༌ ཚང༌མ༌ ཧ༌གོ༌ཅུག༌ཅེས༌ལ༌ ངའེ༌ ཚེ༌ཡོག༌གི༌ སྤེ༌བོ༌ ཀོལ༌ལད༌། སྔུན༌ལ༌ ཁྱོ༌ཞའེ༌, ཁྱོ༌ཞ༌རང༌གུན༌ མང༌ངི༌ སང༌ མང༌ང༌ ངན༌པ༌ དང༌ ཚི༌ཏུ༌ ལས༌ ཉིས༌ཀོའེ༌ ཚེ༌ཡོག༌ གྱུར༌ཅུགས༌། ཏ༌ ཏམ༌པ༌ གྱུར༌ཅེས༌སི༌ ཕིའ༌ ཁྱོ༌ཞའེ༌ རང༌དང༌རང༌ མི༌ཚེ༌ ཀྲང༌པོ༌ཞིག༌གི༌ ཚེ༌ཡོག༌ གྱུར༌ཅུག༌གོས༌།
ཡང༌ ཁོའེ༌ སེམས༌པོ༌ ཁག༌ཉིས༌སི༌ ནང༌ང༌ བགོ༌གོས༌ས༌ནོག༌། ཏེན༌ན༌ ཙོགས༌ལ༌ མག༌པ༌ ཤི༌ཁན༌ ཡ༌ ན༌མ༌ མ༌ནེ༌ མ༌ཅོའ༌ དུག༌ཁན༌ནི༌ བུ༌མོ༌ གུན༌ནི༌, ཟུགས༌པོ༌ དང༌ སེམས༌ཉིད༌ ཉིས༌ཀོ༌ ཉམ༌པོ༌ ཏུས༌ གང༌པོ༌ གཙོ༌བོའ༌ ཞབས༌ཏོག༌ ཞུ༌ཉན༌ན༌ནོག༌། ཨིན༌ནའང༌ ན༌མ༌ ཅོ༌ཁན༌ནི༌ བུ༌མོ༌ཞིག༌གི༌ ཁོ༌རང༌ངི༌ ཇིག༌རྟེན༌ནི༌ ཁག༌གུན༌ དང༌ ཁོ༌རང༌ངི༌ མག༌པ༌ ཐད༌ཅུག༌ཅེས༌སི༌ སྐོར༌ལ༌ སམ༌མ༌ནོག༌།