Biblia Todo Logo
Bìoball air-loidhne

- Sanasan -




تیموتھِی ۲ 4:8 - Ladakhi

8 ཏ༌ ཀྲང༌པོའེ༌ ཐོར༌ཤོག༌པོ༌ ངའེ༌ ཕིའ༌ སྲུངས༌ཏེ༌ ཡོད༌, ཀ༌བོ༌ ཁྲིམས༌ཅད༌ སལ༌ཁན༌ནི༌ གཙོ༌བོ༌ ཀྲང༌པོའེ༌, ཁོང༌ ལོགས༌ཏེ༌ ཕེབས༌ཤེས༌སི༌ ཞག༌པོའ༌ ངའ༌ སལ༌ལ༌ ཛད༌ཨིན༌། ཡང༌ ཏེ༌ སོལ༌རས༌པོ༌ ང༌རང༌ ཅིག༌པོའ༌ མན༌པ༌, ཁོང༌ ཇལ༌ཅེས༌ལ༌ མ༌སྲན༌ཏྲེ༌ དོད༌པ༌ ཆེན༌མོ༌ བོར༌ཁན༌ ཚང༌མའེ༌ ཕིའང༌།

Faic an caibideil Dèan lethbhreac

New Testament in Ladakhi Langage

8 تا ٹانگپوے تھورشوگپو نگے پھیا ثونگستے یود، کا بو ٹھیمسچاد سالکھانّی مسیح ٹانگپوے، کھونگ لوگستے پھیبسشیسّی جاگپوا نگا سالّا زادِین۔ یانگ تے شزدے پو نگارانگ چیگپوا مانپا، کھونگ جالچیسلا ماثانٹے دودپا چھینمو بورکھان تشانگمے پھیانگ۔

Faic an caibideil Dèan lethbhreac




تیموتھِی ۲ 4:8
39 Iomraidhean Croise  

ཉེ༌རང༌ངི༌ འི༌ཟུག༌ ཅོའ༌ མན༌ནེ༌ མི༌ཛད༌, ཀྲང༌པོ༌ མི༌གུན༌ ངན༌པ༌གུན༌ ཉམ༌པོ༌ སད༌ད༌ མི༌ཛད༌། ཅི༌ཕིའ༌ ཉེ༌རང༌ངི༌ ཀྲང༌པོ༌གུན༌ སྡིག༌ཅན༌གུན༌ ཙོགས༌ ཐེན༌, ཏན༌ཏན༌ལ༌ ཉེ༌རང༌ངི༌ ཏེ༌ཟུག༌ ཅོའ༌ མི༌ཛད༌། ཇིག༌རྟེན༌པ༌གུན༌ལ༌ ཁྲིམས༌ཅད༌ད༌ ཛད༌ཁན༌བོའེ༌ ཀྲང༌པོ༌ ཅི༌ མི༌ཛད༌?”


“ཏེ༌ ཚང༌མ༌ ཇུང༌ཅེས༌སི༌ ཞག༌ ཡ༌ ཏུས༌ཚོད༌པོ༌ དཀོན༌མཆོག༌ ཡབ༌ ཅིག༌པོའ༌ མ༌ནེ༌ ཡང༌ སུའང༌ གྱུས༌མེད༌, ནམ༌ཁའེ༌ ཕོ༌ཉ༌ ཡ༌ བུ༌ཚའང༌།”


དཀོན༌མཆོག༌གི༌ ཁྲིམས༌ཅད༌དི༌ ཞག༌ག༌ མི༌ མང༌པོའེ༌ ངའ༌ ཟེར༌ཨིན༌, ‘གཙོ༌བོ༌ལེ༌, གཙོ༌བོ༌ལེ༌, ང༌ཞའེ༌ ཉེ༌རང༌ངི༌ ཚན༌ནི༌ ནང༌ང༌ ལུང༌སྟན༌ ཤད༌པིན༌, མི༌གུན༌ནི༌ ནང༌ནེ༌ རྡུད༌གུན༌ ཕིངས༌པིན༌, ཡང༌ ཧ༌ལས༌ཤེས༌སི༌ ཛད༌པ༌ མང༌པོ༌ སྟན༌པིན༌།’


ངའེ༌ ཁྱོ༌ཞའ༌ ཟེར༌རད༌, དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌ནི༌ ཞག༌ག༌, སོ༌དོམ༌ གྲོང༌ཁྱེར༌རི༌ མི༌ངན༌པ༌གུན༌ནི༌ སང༌ ཏེ༌ གྲོང༌ཁྱེར༌རི༌ མི༌གུན༌ལ༌ ཆད༌པ༌ མང༌ང༌ སྲན༌ཏྲེ༌ ཕོག༌ཨིན༌།”


ཨིན༌ནའང༌ ཁྱོ༌ཞའ༌ སྐྱོང༌པོ༌ དང༌ ཁྱོ༌ཞ༌རང༌ངི༌ སྡིག༌པའེ༌ ཀ༌ནེ༌ གྱུར༌ཏེ༌ གྱོད༌པ༌ མི༌ཅོ༌ཅེས༌པོའེ༌, ཁྱོ༌ཞའེ༌ ཁྱོ༌ཞ༌རང༌ངི༌ཀ༌ ཇིགས༌ནང༌ཅན༌ནི༌ ཆད༌པ༌གུན༌ སག༌ཨིན༌ ཨིན༌ནོག༌། དཀོན༌མཆོག༌གི༌ ཐུགས༌སྲོའེ༌ ཞག༌པོ༌ ལེབ༌ཨིན༌ ནམ༌ དཀོན༌མཆོག༌གི༌ ཀྲང༌པོའེ༌ ཁྲིམས༌ཅད༌པོ༌ སྔོན༌ཨིན༌།


ཡང༌ ཏམ༌པའེ༌ ཐུག༌ཉིད༌ ཀ༌བོ༌ ཡོང༌ཅེས༌ཅན༌ནི༌ ཅིན༌ལབས༌ གང༌པོའེ༌ ཁག༌ཤིག༌ ཨིན༌, ཏེ༌བོ༌ ཐོབ༌ཁན༌ ང༌དང༌གུན༌ནིའང༌ བར༌དོ༌ ཁུར༌ཨིན༌ ཏེ༌ ཞག༌པོའ༌ རིངས༌ཨིན༌ སྲུང༌ང༌ནོག༌། ཡང༌ དཀོན༌མཆོག༌གི༌ སོས༌བུའ༌ ལེན༌ན༌ ཛད༌ཁན༌ནི༌ ཕྲུ༌གུ༌གུན༌ ཙོགས༌ལ༌, ཁོང༌ངི༌ ང༌དང༌ང༌ ཐོབ༌ཏང༌ གང༌པོ༌ སལ༌ཅེས༌, མ༌ཚད༌ ཟུགས༌པོ༌ སོ༌མ༌ཞིག༌གི༌ ཞལ༌ཆད༌ ཛད༌ཁན༌ནི༌ ཞག༌པོའེ༌ ཕིའ༌ རེ༌ཝ༌ སྲན༌ཏྲེ༌ ཉམ༌པོ༌ སྲུང༌ང༌ནོག༌།


ཏེན༌ན༌བོའེ༌ཕིའ༌ ཏམ༌པའེ༌ སུང༌རབས༌སི༌ ནང༌ང༌ མོལ༌ཏེ༌ ཨིན༌ནོག༌ “སུ༌ཞིག༌གིའང༌ མ༌ཐོང༌ཁན༌ ཡ༌ མ༌ཚོར༌ཁན༌ ཡ༌ སམ༌བའེ༌ ནང༌ང༌ མེད༌ཁན༌ཞིག༌ དཀོན༌མཆོག༌ག༌ ཅེས༌པ༌ ཅོ༌ཁན༌གུན༌ནི༌ ཕིའ༌ གྲལ༌གྲིག༌ ཅོའ༌ ཛད༌ཏེ༌ ཡོད༌ཏེ༌ ཨིན༌ནོག༌།”


ཨིན༌ནའང༌ ཁྲིམས༌ཅད༌དི༌ ཞག༌ག༌, ཏེ༌ རྩིག༌སྤོན༌ རེ༌རེ༌ ལས༌ ཅོ༌ཁན༌བོ༌, མེ༌ གྱུད༌ཏེ༌ སྔོན༌ཨིན༌། ཏེན༌ན༌ མེ༌བོའེ༌ སྟག༌ཅད༌ ཅོས༌ཏེ༌ མི༌ རེ༌རེའེ༌ ལས༌གུན༌ནི༌ རིན༌ཐང༌ སྟན༌ཨིན༌།


མེད༌ཁན༌ ཆ༌ཅེས༌སི༌ སོལ༌རས༌ ཐོབ༌ཅེས༌ལ༌ བང༌གྱུགས༌ ཏང༌ཁན༌ ཚང༌མའེ༌ ཁོ༌རང༌གུན༌ ལོབ༌ཇོང༌ངི༌ སྕོད༌ལམ༌མི༌ ནང༌ང༌ སྟན༌པོ༌ བོར༌ར༌ནོག༌, ཨིན༌ནའང༌ ང༌ཞ༌གུན༌ནི༌ འི༌བོ༌ ཐའ༌མེད༌པའེ༌ སོལ༌རས༌ ཐོབ༌ཅེས༌སི༌ ཕིའ༌ ཅོའད༌།


ང༌དང༌གུན༌ དག༌ས༌ ཡོད༌ཁན༌ནི༌ ཟུགས༌པོའེ༌ ནང༌ང༌ འུ༌ཐུགས༌ཏེ༌, ཀོས༌ལག༌ སོ༌མ༌ ཙོགས༌ལ༌ ནམ༌ཁའེ༌ ཟུགས༌པོ༌བོ༌ གོན༌ཅེས༌ལ༌ རིངས༌ཨིན༌ ཨིན༌ནོག༌།


ངའང༌ ཤི༌ཁན༌གུན༌ནི༌ ཕྲོ༌ནེ༌ སོན༌པོ༌ ལང༌ང༌ ཛད༌ཅེས༌སི༌ རེ༌ཝའེ༌ ནང༌ང༌ ངའེ༌ ཏེ༌གུན༌ ཅོའད༌།


ཏེ༌ ཏད༌པ༌ དང༌ ཅམས༌པ༌ གུན༌ ཁྱོ༌ཞ༌གུན༌ལ༌ ནམ༌ཁའེ༌ ནང༌ང༌ དཀོན༌མཆོག༌གི༌ བོར༌ར༌ ཛད༌ཁན༌ནི༌ སོལ༌རས༌སི༌ རེ༌ཝ༌བོའེ༌ ཀ༌ནེ༌ ཡོངས༌ཏེ༌ ཨིན༌ནོག༌། ཡང༌ ཏེ༌ རེ༌ཝ༌བོ༌ ཁྱོ༌ཞ༌གུན༌ནི༌ ནང༌ང༌ ཡོད༌པིན༌ ནམ༌, ཁྱོ༌ཞ༌གུན༌ལ༌ ཏང༌པོ༌རང༌ དེན༌བའེ༌ ལོན༌ གའ༌མོའེ༌ ནས༌ཚུལ༌བོ༌ ཚོར༌།


མ༌ཚད༌ དཀོན༌མཆོག༌གི༌ ཤི༌ཁན༌གུན༌ནི༌ ཕྲོ༌ནེ༌ སོན༌ཏེའ༌ ལང༌ང༌ ཛད༌ཁན༌ སྲས༌ ཡེ༌ཤུ༌, ནམ༌ཁའ༌ནེ༌ ལོགས༌ཏེ༌ ཕེབས༌ཤེས༌སི༌ ཕིའ༌, ཁྱོ༌ཞ༌གུན༌ སྲུངས༌ཏེ༌ ཡོད༌ཁན༌བོའེ༌ སྐོར༌ལའང༌ ཤད༌དུག༌། ང༌དང༌གུན༌ དཀོན༌མཆོག༌ནེ༌ ཡོང༌ཅེས༌ཅན༌ནི༌ ཐུགས༌སྲོའེ༌ ཀ༌ནེ༌ སྐྱོབ༌བ༌ ཛད༌ཁན༌བོ༌ ཡེ༌ཤུ༌ ཨིན༌ནོག༌།


ཨིན༌ནའང༌ ཅེས༌པའེ༌ སྤུན༌གུན༌, ཁྱོ༌ཞ༌གུན༌ མུན༌གྲིག༌གི༌ ནང༌ང༌ གྱུས༌མེད༌ཁན༌གུན༌ ཙོགས༌ལ༌ དུགས༌ཏེ༌ མན༌ པ༌སང༌, རྐུན༌མ༌ ཙོགས༌ལ༌ ཏེ༌ ཞག༌པོ༌ ལེབ༌ ཟ༌ནེ༌, ཁྱོ༌ཞ༌གུན༌ ཧ༌ མི༌ལས༌།


ཏེ༌ནེ༌ ཏེ༌ ཁྲིམས༌ མེད༌ཁན༌བོ༌ ཡོང༌ཨིན༌, ཨིན༌ནའང༌ གཙོ༌བོ༌ ཡེ༌ཤུའི༌ འུགས༌ ཅིག༌ ཉམ༌པོ༌ བཀའ༌ སལ༌ཏེ༌, ཁོའ༌ ཕམ༌ཀལ༌ལ༌ ཛད༌ཨིན༌། ཡང༌ ཁོང༌ ཟིར༌རྗིད༌དི༌ ནང༌ང༌ སྐྱོད༌ཅེས༌པོའེ༌, ཁོ༌ མེད༌ཁན༌ ཛད༌ཨིན༌།


ཏེ༌ཟུག༌ ཅོ༌ཅེས༌པོའེ༌, ཁོང༌གུན༌ནི༌ ཡོང༌ཅེས༌ཅན༌ནི༌ ཏུས༌སི༌ ཕིའ༌ ཁོ༌རང༌གུན༌ལ༌ ནམ༌ཁའེ༌ ནང༌ང༌ མག༌ལྡན༌ སྟན༌པོ༌ ཙོགས༌ལ༌ བང༌ཛོད༌ སགས༌ཏེ༌ བོར༌ཨིན༌, ཏེ༌ནེ༌ ཁོང༌གུན༌ནི༌ དེན༌བའེ༌ ངོས༌མའེ༌ མི༌ཚེ༌བོ༌ ཐམས༌ ཐུབ༌ཨིན༌།


ཏ༌ མ༌ཤི༌ཀ༌ ཡེ༌ཤུ༌ ང༌དང༌ངི༌ སྐྱབ༌གོན༌ ཕེབ༌ཅེས༌པོའེ༌, དཀོན༌མཆོག༌གི༌ ཏེ༌གུན༌ སལ༌པོ༌ ཅོས༌ཏེ༌ སྔོན༌ ཅུག༌ག༌ ཛད༌ཏེ༌ ཨིན༌ནོག༌། མ༌ཤི༌ཀ༌ ཡེ༌ཤུའི༌ ཤི༌ཅེས༌སི༌ ཝང༌བོ༌ མེད༌ཁན༌ ཅོའ༌ ཛད༌ཏེ༌, གའ༌མོའེ༌ ནས༌ཚུལ༌ གྱུད༌ཏེ༌ དེན༌བའེ༌ མི༌ཚེ༌ དང༌ ཏུས༌གྱུན༌ སོན༌ཏེའ༌ ལུས༌ཤེས༌སི༌ ལམ༌བོ༌ སྟན༌ན༌ ཛད༌ཏེ༌ ཨིན༌ནོག༌།


ཏེ༌བོའེ༌ཕིའ༌ ངའ༌ འི༌རུ༌ ཙོན༌ཁང༌ངི༌ ནང༌ང༌ རྡུག༌ངལ༌ ཐོང༌ཨིན༌ ཡོད༌། ཨིན༌ནའང༌ ངའ༌ ཏེ༌བོའེ༌ ཕིའ༌ ཁྲེལ༌ལ༌ མེ༌རག༌, ཅིའ༌ཟེར༌ན༌ ང༌ གྱུས༌ཡོད༌ སུའི༌ཀ༌ ངའེ༌ ཏད༌པ༌ ཅོའད༌, ཡང༌ ངའ༌ ཏན༌ཏན༌ ལོ༌ཁྱེལ༌ རག༌, ཁོང༌ ལོགས༌ཏེ༌ སྐྱོད༌ཅེས༌སི༌ ཞག༌ ཚོག༌པ༌ ཁོང༌ངི༌ ཆག༌ག༌ ངའེ༌ སྟད༌ཁན༌ ཚང༌མ༌ སྐྱོབས༌ཏེ༌ བོར༌ར༌ ཛད༌ཨིན༌།


མ༌ཤི༌ཀ༌ ལོགས༌ཏེ༌ ཕེབས༌སི༌ ཏུས༌ལ༌, གཙོ༌བོའེ༌ ཁོའ༌ སྙིང༌རྗེ༌ ཛད༌ཤིག༌། ཨེ༌ཕེ༌སས༌སི༌ ནང༌ང༌ ཁོའེ༌ ངའ༌ ཙམ༌ཤིག༌གི༌ ཞབས༌ཏོག༌ གྱལ༌ལ༌ ཅོས༌ཏེ༌ ཞུས༌ཁན༌བོ༌ ཏི༌མོ༌ཐི༌ ཁྱོ༌རང༌ང༌ གྱལ༌ལ༌ ཅོས༌ཏེ༌ གྱུས༌ཨིན༌ནོག༌།


ཡང༌ རྩལ༌ཡངས༌ རྩེ༌ཁན༌ཞིག༌ག༌ གྱལ༌ཁའེ༌ སོལ༌རས༌ ཐོབ༌བ༌ མ༌ནོག༌, ནམ༌ཚོག༌པ༌ ཁོང༌གུན༌ ཁྲིམས༌སི༌ཀ༌ གྲུལ༌ མི༌གྲུལ༌།


དཀོན༌མཆོག༌ དང༌ མ༌ཤི༌ཀ༌ ཡེ༌ཤུ༌ ཁོང༌རང༌ངི༌ གྱལ༌སྲིད༌ སྐྱོང༌ཅེས༌ལ༌ སྐྱོད༌ ཟ༌ནེ༌, ཁོང༌ངི༌ སོན༌པོ༌ དང༌ ཤི༌ཁན༌ ཉིས༌ཀོའེ༌ ཁྲིམས༌ཅད༌ ཛད༌ཨིན༌། ཁོང༌ ཉིས༌ཀོའེ༌ སྐུན༌དུན༌ལ༌ ངའེ༌ ཁྱོ༌རང༌ང༌ སྙིང༌ནེ༌ སྤང༌པུད༌དད༌:


འི༌ཙོགས༌སི༌ མི༌ཚེ༌ ཕུད༌ ཟ༌ནེ༌, རེ༌ཝ༌ ཉམ༌པོ༌ ང༌དང༌གུན༌ནི༌ ཀུན༌ཝང༌ དཀོན༌མཆོག༌ དང༌ སྐྱབ༌གོན༌ ཡེ༌ཤུ༌ མ༌ཤི༌ཀའེ༌ ཟིར༌རྗིད༌ སྔོན༌ཅེས༌ཅན༌ནི༌ ཏེ༌ ཧ༌ལས༌ཤེས༌སི༌ ཞག༌པོའ༌ སྲུང༌ཨིན༌།


སྐྱོང༌ཅེས༌སི༌ ཏུས༌པོ༌ སྐྱིད༌པོ༌ མན༌པ༌ རྡུག༌ངལ༌ཅན༌ཞིག༌ ཡོང༌ང༌ནོག༌། ཨིན༌ནའང༌ སྟིང༌ནེ༌ འི༌ཙོགས༌སི༌ ལམ༌མི༌ ནང༌ང༌ ལོབ༌ཇོང༌ ཐོབ༌ཁན༌གུན༌ལ༌ ཀྲང༌པོ༌ དང༌ ཞི༌དེའེ༌ བྲས༌བུ༌གུན༌ སྨིན༌ཨིན༌།


ཏེན༌ན༌ ཙོགས༌ལ༌ མ༌ཤི༌ཀ༌ ལན༌ཅིག༌ མི༌ མང༌པོའེ༌ སྡིག༌པ༌གུན༌ནི༌ ཆད༌པ༌བོ༌ ནམས༌ཏེ༌ ཀྲོངས༌ས༌ ཛདས༌། ང༌དང༌གུན༌ནི༌ སྡིག༌པའེ༌ ཆད༌པ༌ ནམས༌ཤེས༌ལ༌ མན༌པ༌, ཁོང༌ང༌ སྲུངས༌ཏེ༌ ཡོད༌ཁན༌གུན༌ སྐྱོབ༌ཅེས༌ལ༌ ཁོང༌ ཡང༌སྐྱར༌ སྐྱོད༌ད༌ ཛད༌ཨིན༌།


སྙིང༌རུས༌ ཉམ༌པོ༌ རྡུག༌ངལ༌ ཁུར༌ཁན༌གུན༌ལ༌, ཅིན༌ལབས༌ སལ༌ཨིན༌, ཅིའ༌ཟེར༌ན༌ ཚོད༌ལྟའེ༌ ནང༌ང༌ ཐར༌ཁྱེལ༌ ཆའ༌ཁན༌གུན༌ལ༌, དཀོན༌མཆོག༌གི༌ ཐའ༌མེད༌པའེ༌ མི༌ཚེའེ༌ ཐོར༌ཤོག༌པོ༌ སལ༌ལ༌ ཛད༌ཨིན༌, ཀ༌བོ༌ དཀོན༌མཆོག༌གི༌ ཁོང༌ང༌ ཅེས༌པ༌ ཅོ༌ཁན༌གུན༌ལ༌ སལ༌ཅེས༌སི༌ ཞལ༌ཆད༌ ཛད༌ཏེ༌ ཨིན༌།


ཏེ༌བོ༌ ནི༌ ནོར༌སྐལ༌ མ༌ནེ༌ མི༌རུལ༌ཁན༌, མ༌ནེ༌ ཚི༌ཏུ༌ མི༌ཆའ༌ཁན༌ དང༌ ལྡངས༌ མ༌ནེ༌ མི༌ཡོལ༌ཁན༌ ཀ༌བོ༌ ང༌དང༌གུན༌ནི༌ ཕིའ༌ ནམ༌ཁའེ༌ ནང༌ང༌ བོར༌ར༌ ཛད༌ཏེ༌ ཡོད༌།


ལུག༌རྫི༌ ཚང༌མའེ༌ སྤོན༌བོ༌, ཡེ༌ཤུ༌ སྐྱོད༌ ཟ༌ནེ༌, ཁྱོ༌ཞ༌གུན༌ལ༌ དཀོན༌མཆོག༌གི༌ ཆོགས༌ནེ༌ ཏུས༌གྱུན༌ ལུས༌ཤེས༌སི༌ སྤལ༌ལི༌ ཐོར༌ཤོག༌པོ༌ ཐོབ༌ཨིན༌།


ལྟོས༌ཤིག༌, ཁོང༌ སྲིན༌ནི༌ཀ༌ ཞུགས༌ཏེ༌ ཕེབས༌དུག༌། མི༌ཚང༌མའེ༌ ཁོང༌ ཇལ༌ཨིན༌, ཡང༌ ཁོང༌ང༌ རྡུང༌ ཙུག༌ཁན༌གུན༌ནིའང༌། ཁོང༌ངི༌ ཞས༌ཏེ༌ ཇིག༌རྟེན༌པ༌ ཚང༌མའེ༌ རྡུག༌པོ༌ ཅོ༌ཨིན༌། ཏེ༌བོ༌ ཏན༌ཏན༌ གྲུབ༌ཨིན༌, ཨ༌མེན༌།


ཏེ༌ནེ༌ ངའ༌ ནམ༌ཁའ༌ བེས༌ཏེ༌ ཐོང༌, རྟ༌ ཀར༌པོ༌ ཡང༌ ཏེ༌བོའེ༌ཀ༌ ཞོན༌ཁན༌བོའེ༌ ཚན༌ལ༌ ཨིད༌ཤེས༌ཅན༌ དང༌ ཀྲང༌པོ༌ ཞུ༌རུག༌, ཅིའ༌ཟེར༌ན༌ ཁོང༌ངི༌, འོས༌པ༌ ཉམ༌པོ༌ ཁྲིམས༌ཅད༌ ཛད༌ཏེ༌ ཀྲང༌པོའེ༌ མག༌པོ༌ སལ༌ལ༌ ཛད༌དུག༌།


ཁྱོ༌ཞ༌གུན༌ལ༌ རྡུག༌ངལ༌ ཐོང༌ཅེས༌ཅན༌བོའ༌ མ༌ཇིགས༌ཤིག༌། ངའེ༌ ཟེར༌རད༌, རྡུད༌དི༌ གོ༌བའེ༌ ཁྱོ༌ཞ༌གུན༌ནི༌ ཏད༌པའ༌ སྟག༌ཅད༌ ཅོ༌ཅེས༌སི༌ ཕིའ༌ ཁྱོ༌ཞའ༌ ཙོན༌ཁང༌ངི༌ ནང༌ང༌ ཀག༌ཨིན༌, ཡང༌ ཁྱོ༌ཞའ༌, ཞག༌མ༌ རྕུ༌ ཚག༌པ༌ ནགས༌ སྟན༌ཨིན༌། ཤི༌ཅེས༌ ཡོད༌ནའང༌ ཀལ༌ཏེས༌ ཁྱོ༌ཞ༌གུན༌ ཏད༌པའེ༌ ནང༌ང༌ སྟན༌པོ༌ དུག༌ན༌, ངའེ༌ ཁྱོ༌ཞ༌གུན༌ལ༌ ཐའ༌མེད༌པའེ༌ མི༌ཚེའེ༌ ཐོར༌ཤོག༌པོ༌ ཏང༌ཨིན༌།”


འི༌ བྲིས༌ཁན༌ ཚང༌མའེ༌ སྤང༌པོ༌ སལ༌ལ༌ ཛད༌ཁན༌ནི༌ ཡེ༌ཤུའི༌ མོལ༌ལ༌ ཛདས༌, “འོ༌ན༌ ང༌ གྱོགས༌པ༌ ཡོང༌ཨིན༌།” ངའེ༌ ལན༌ཏངས༌པིན༌, “ཨ༌མེན༌, ཀྱེ༌ གཙོ༌བོ༌ ཡེ༌ཤུ༌ སྐྱོད༌ད༌ ཛད༌།”


འུ༌སྐྱོང༌ 24 བོའེང༌ ཞུགས༌ཁྲིས༌སི༌ཀ༌ ཞུགས༌ཏེ༌ ཡོད༌ཁན༌ ཀ༌བོ༌ ཏུས༌གྱུན༌ནེ༌གྱུན༌ ཞུགས༌ས༌ནོག༌ ཁོང༌ངི༌ དུན༌ལ༌ ཆག༌ཕུལ༌ཨིན༌ ཁོང༌ང༌ ཅོལས༌། ཁོང༌གུན༌ནི༌ རང༌རང༌ངི༌ ཐོར༌ཤོག༌པོ༌ ཞུགས༌ཁྲིས༌སི༌ དུན༌ལ༌ བོར༌ཏེ༌ མོལས༌,


ཏེ༌ ཞུགས༌ཁྲིས༌པོ༌ ཞན༌ ཁྲིས༌ 24 སྐོར༌ཏེ༌ དུག༌, ཏེ༌གུན༌ནི༌ཀ༌ འུ༌སྐྱོང༌ 24 ཞུགས༌ཏེ༌ ཡོད༌ཁན༌གུན༌ནི༌ ནམ༌ཟའ༌ ཀར༌པོ༌ ཡང༌ ཁོང༌གུན༌ནི༌ གོའེ༌ཀ༌ སེར༌རི༌ ཐོར༌ཤོག༌ ནམས༌ཏེ༌ ཐོང༌།


Lean sinn:

Sanasan


Sanasan