Biblia Todo Logo
Bìoball air-loidhne

- Sanasan -




تیموتھِی ۲ 4:5 - Ladakhi

5 ཨིན༌ནའང༌ ཏེ༌ཙོགས༌སི༌ ནས༌ལུག༌ ཚང༌མའེ༌ ནང༌ང༌ ཁྱོ༌རང༌ངི༌ ཤང༌ ཅོས༌ཏེ༌ སལ༌པོ༌ སམ༌བ༌ ཏང༌གོ༌ཤེས༌ ཨིན༌ནོག༌། གཙོ༌བོའེ༌ ཕིའ༌ རྡུག༌ངལ༌ ཁུར༌ཅེས༌ལ༌ ཇིགས༌ མ༌ཇིགས༌, ཞན༌མ༌གུན༌ལ༌ གའ༌མོའེ༌ ནས༌ཚུལ༌ ཤད༌ཅེས༌སི༌ ལས༌གུན༌ ཅོས༌, ཡང༌ ཁྱོ༌རང༌ང༌ དཀོན༌མཆོག༌གི༌ ཅོའ༌ལ༌ སལ༌ཁན༌ནི༌ ཁག༌ ཚང༌མ༌ ཅོས༌།

Faic an caibideil Dèan lethbhreac

New Testament in Ladakhi Langage

5 اِین نانگ تیتسوگسی ناسلوگ تشانگمے نانّگا کھیرانگی شانگ چوستے سالپو سامبا تانگّوشیس اینوگ۔ مسیح پھیا ردوگنگال کھورچیسلا جیگس ماجیگس، جانماگونلا گاموےناتسُول شادچیسّی لاسگون چوس، یانگ کھیورانّگا خُدے چوالا سالکھانّی کھاگ تشانگما چوس۔

Faic an caibideil Dèan lethbhreac




تیموتھِی ۲ 4:5
28 Iomraidhean Croise  

“མུལ༌ལི༌ པེ༌ནེ༌ གི༌གུ༌ ལྔ༌ ཐོབ༌ཁན༌བོའེ༌ ཏེན༌ན༌མལ༌ལ༌ སོང༌ཏེ༌, པེ༌ནེ༌བོ༌ ལས༌སི༌ ནང༌ང༌ ཏངས༌པ༌ ཐེ༌བ༌ གི༌གུ༌ ལྔ༌ ཇོར༌།


“ཏེ༌བོ༌ ནི༌ མི༌ཞིག༌ ས༌ཆ༌ ཐག༌རིང༌ཞིག༌ག༌ བེས༌ལ༌ ཆའ༌ཁན༌ ཙོགས༌ ཨིན༌ནོག༌། ཁང༌པ༌ནེ༌ བིང༌ངི༌ སང༌ སྔུན༌ལ༌ ཁོའེ༌ ཡོག༌པོ༌གུན༌ལ༌ རང༌རང༌ངི༌ ལས༌ ཅོ༌ཅེས༌ལ༌ ཁག༌ ཀལ༌ཏེ༌ སྒོ༌ སྲུང༌པ༌བོའ༌ ཤང༌ ཅོས༌ཏེ༌ ཁོ༌ ལོགས༌ཏེ༌ ཡོང༌ཅེས༌ལ༌ སྲུངས༌ཏེ༌ དུག༌ ཟེར༌ར༌ནོག༌།


ངའེ༌ ཁྱོ༌ཞ༌གུན༌ལ༌ ཟེར༌ཁན༌བོ༌ ཚང༌མ༌ལ༌ ཟེར༌རད༌; ཤང༌ ཅོ༌ཤིག༌།”


སྤོན༌བོ༌ ཡོང༌ང༌ཅིག༌ སྲུངས༌ཏེ༌ ཉིད༌ མ༌ཏང༌ང༌ ཐོང༌ཁན༌ནི༌ ཡོག༌པོ༌གུན༌ནི༌ཀ༌ ཐད༌པོ༌ ཆེན༌། ངའེ༌ ཁྱོ༌ཞའ༌ དེན༌བ༌ ཟེར༌རད༌, སྤོན༌བོའེ༌ ཞབས༌ཏོག༌པའེ༌ ཀོས༌ལག༌ གོན༌ཏེ༌ ཁོང༌གུན༌ ཟན༌ ཟའ༌སའེ༌ ཅོག༌ཙེ༌ དུན༌ལ༌ དུག༌ཅུགས༌ཏེ༌, ཁོང༌གུན༌ལ༌ ཞབས༌ཏོག༌ ཞུ༌ཨིན༌།


སྟིང༌མ༌ཞག༌པོ༌ ཏེ༌ཀ༌ནེ༌ བིང༌ཏེ༌ ང༌ཞ༌གུན༌ ཀཱེ༌སར༌རིའ༌ གྱལ༌ས༌ ལེབ༌, ཏེ༌རུ༌ གའ༌མོའེ༌ ནས༌ཚུལ༌ ཤད༌ཁན༌, ཕི༌ལིབ༌བི༌ ཁང༌པ༌ ང༌ཞའ༌ དུགས༌པིན༌, ཁོ༌ ཡེ༌རུ༌ཤ༌ལེམ༌མི༌ ནང༌ང༌ ཆོས༌ཚོགས༌ལ༌ ཞབས༌ཏོག༌ ཞུའ༌ལ༌ ལྡམས༌ཁན༌ རྡུན༌ནི༌ ཕྲོ༌ནེ༌ ཅིག༌ ཨིན༌པིན༌།


ཧ༌ལས༌ཤེས༌སི༌ ལྟས༌གུན༌ དང༌ སྟགས༌གུན༌ནི༌ ཤུགས༌ ཡང༌ ཏམ༌པའེ༌ ཐུག༌ཉིད༌དི༌ ཤུགས༌ གྱུད༌ཏེ༌, ཁོང༌གུན༌ནི༌ ངའེ༌ ལོན༌ ཀྲང༌པོ༌ ཨིན༌ཁན༌བོའེ༌ཀ༌ ལོ༌ཁྱེལས༌། ཏེན༌ན༌ ཚུལ༌ལ༌ ངའེ༌ མ༌ཤི༌ཀའེ༌ གའ༌མོའེ༌ ནས༌ཚུལ༌ གང༌པོ༌ ཡེ༌རུ༌ཤ༌ལེམ༌མི༌ གྱལ༌ས༌ནེ༌ ཨི༌ལི༌རི༌ཀམ༌མི༌ གྱལ༌ས༌ ཚོག༌པ༌ ཤད༌པིན༌།


མ༌ཤི༌ཀའེ༌ ཁ༌ཅིག༌ སྐུ༌ཚབས༌, ཁ༌ཅིག༌ ལུང༌སྟོན༌པ༌, ཁ༌ཅིག༌ གའ༌མོའེ༌ ནས༌ཚུལ༌ ཤད༌ཁན༌, ཁ༌ཅིག༌ ཆོས༌ཚོགས༌ལ༌ སྟ༌སྟོག༌ ཅོ༌ཁན༌ དང༌ ཁ༌ཅིག༌ག༌ ལོབ༌བོན༌ ཅོ༌ཅེས༌སི༌ ཁྱུད༌གུན༌ ཆོས༌ཚོགས༌ལ༌ སལ༌ལ༌ ཛདས༌།


ཁོང༌གུན༌ནི༌ ཁག༌པོ༌ ནི༌, མ༌ཤི༌ཀའེ༌ སྐུ༌ཟུགས༌ ཤེད༌ཅན༌ གྱུར༌ཅེས༌སི༌ ཕིའ༌ དཀོན༌མཆོག༌གི༌ མི༌གུན༌ ཁོང༌ང༌ ཞབས༌ཏོག༌ ཞུ༌ཅེས༌ལ༌, གྲལ༌གྲིག༌ ཅོ༌ཅེས༌པོ༌ ཨིན༌ནོག༌།


དཀོན༌མཆོག༌གི༌ ཁྱོ༌ཞ༌གུན༌ལ༌ ཁོང༌རང༌ངི༌ ལོན༌ གང༌པོ༌ ཤད༌ཏེ༌ ཁོང༌ངི༌ ཆོས༌ཚོགས༌གུན༌ལ༌ ཞབས༌ཏོག༌ ཞུ༌ཅེས༌སི༌ ཁག༌པོ༌ ངའ༌ ཀལ༌ལ༌ ཛདས༌།


“གཙོ༌བོའེ༌ སྤུན༌ ཨར༌ཀིབ༌པུས༌སི༌ ལག༌ག༌ སྟད༌ད༌ ཛད༌ཁན༌ནི༌ ལས༌པོ༌ ཁོའ༌ དྲན༌དྲ༌” གྲུབ༌ཅུག༌ཅེས༌ལ༌ ཟེར༌།


ཏེ༌བོའེ༌ཕིའ༌ ཏ༌ ང༌དང༌གུན༌ ཤང༌ ཅོས༌ཏེ༌ ཞན༌མ༌གུན༌ ཙོགས༌ལ༌ ཉིད༌ལོགས༌ཏེ༌ མ༌དུག༌ག༌, རང༌སེམས༌ ཅུན༌ཐུབ༌ཁན༌ རིག༌ ཡོང༌གོ༌ཤེས༌ ཨིན༌ནོག༌།


ཁྱོ༌རང༌, ཏད༌པ༌ཅན༌གུན༌ནི༌ ཕིའ༌ སྤེ༌ར༌ ཏང༌ཅེས༌, མི༌ཚེ༌ ཕུད༌ཅེས༌, ཅམས༌པ༌ ཅོ༌ཅེས༌, ཏད༌པ༌ ཡང༌ རྩང༌མའེ༌ ཐོག༌ནེ༌ སྤེ༌ཞིག༌ག༌ གྱུར༌། ཀལ༌ཏེས༌ ཏེ༌ཟུག༌ ཅོ༌ན༌ ཁོང༌གུན༌ནི༌ ཞུན༌ནུ༌ ཨིན༌ནོག༌ སམས༌ཏེ༌ ཁོ༌རང༌ང༌ རྩི༌ཝ༌ ཅོ༌ཅེས༌སི༌ ནང༌ང༌ ཐེ༌ཚོམས༌ མི༌ཅོ༌།


ངའེ༌ ལབ༌ཞ༌གུན༌ལ༌ སྣང༌ང༌ བོར༌ཏེ༌, སྙིང༌ གང༌པོ༌ ཉམ༌པོ༌ ལག༌ལེན༌ ཅོས༌, ཏེ༌ནེ༌ མི༌ཚང༌མའེ༌ ཁྱོ༌རང༌ སེམས༌ཉིད༌དི༌ ཐོག༌ནེ༌ ཡར༌གྱས༌ ཆའ༌ཁན༌བོ༌, ཐོང༌ ཐུབ༌ཨིན༌།


ཏེ༌བོའེ༌ཕིའ༌ ང༌དང༌ངི༌ གཙོ༌བོ༌ མ༌ཤི༌ཀའེ༌ སྐོར༌ལ༌ ཞན༌མ༌གུན༌ལ༌ ཤད༌ཅེས༌ ཡང༌ ཁོང༌ངི༌ ཏོན༌ལ༌ ང༌ ཙོན༌ནི༌ ནང༌ང༌ ཡོད༌ཁན༌བོའ༌, ཁྱོ༌རང༌ ཁྲེལ༌ མ༌ཁྲེལ༌། དཀོན༌མཆོག༌གི༌ ཁྱོ༌རང༌ང༌ སལ༌ཁན༌ནི༌ སྟོབས༌ ཉམ༌པོ༌ གའ༌མོའེ༌ ནས༌ཚུལ༌ ཤད༌ཅེས༌སི༌ ནང༌ང༌, ང༌ ཉམ༌པོ༌ ནགས༌བར༌དོ༌ ཁུར༌ཅེས༌སི༌ ཕིའ༌ གྲལ༌གྲིག༌ ཅོས༌།


ཏེ༌བོའེ༌ཕིའ༌ དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌ནི༌ མི༌གུན༌ལ༌ ཐར༌པ༌ ཐོབ༌ཅེས༌ལ༌ ང༌ རྡུག༌ངལ༌ ཅི༌ཞིག༌ ཇུང༌ནའང༌ ཁུར༌ཅེས༌ལ༌ ཐད༌པོ༌ ཨིན༌། ཏེ༌ ཐར༌པ༌བོ༌ མ༌ཤི༌ཀ༌ ཡེ༌ཤུའི༌ ནང༌ང༌ ཐའ༌མེད༌པའེ༌ ཟིར༌རྗིད༌ ཉམ༌པོ༌ དུག༌ཅེས༌པོ༌ ཨིན༌།


མ༌ཤི༌ཀ༌ ཡེ༌ཤུའི༌ མག༌མི༌ ཟང༌པོ༌ཞིག༌གི༌ ཚུལ༌ལ༌ ང༌ ཉམ༌པོ༌ བར༌དོ༌གུན༌ ཁུར༌།


ཨིན༌ནའང༌ ངའེ༌ གའ༌མོའེ༌ ནས༌ཚུལ༌ གང༌པོ༌ ཤད༌ ཐུབ༌ཏེ༌ ཡ༌ཧུ༌དཱ༌པ༌ མན༌ཁན༌ ཚང༌མའེ༌ ཚོར༌ཅེས༌སི༌ ཕིའ༌, གཙོ༌བོ༌ ང༌ ཉམ༌པོ༌ ཞུགས༌ས༌ ཛད༌ཏེ༌ ངའ༌ ཤེད༌ སལ༌ལ༌ ཛདས༌། ཡང༌ ཁོང༌ངི༌ སིང༌གེ༌གུན༌ལ༌ ཟའ༌ཅུག༌ཅེས༌སི༌ ཆད༌པའེ༌ ཀ༌ནེ༌ ངའ༌ ཐར༌ ཅུག༌ག༌ ཛདས༌།


ཆོས༌ཚོགས༌སི༌ འུ༌སྐྱོང༌གུན༌ནི༌ ཁའ༌ཉན༌ཏེ༌ ཁོང༌གུན༌ནི༌ ཝང༌ངི༌ ཡོག༌ག༌ དུག༌ཤིག༌། ཁྱོ༌ཞ༌གུན༌ནི༌ ཏད༌པའེ༌ མི༌ཚེ༌ སྟ༌སྟོག༌ ཅོ༌ཅེས༌པོ༌ ནི༌ ཁོང༌གུན༌ནི༌ ཁག༌ ཨིན༌ པ༌སང༌, ཁོང༌གུན༌ལ༌ དཀོན༌མཆོག༌ག༌ རྩི༌རུག༌ ཏང༌ གོས༌ས༌ནོག༌། ཁོང༌གུན༌ལ༌ འི༌གུན༌ རྡུག༌པོ༌ ཉམ༌པོ༌ ཅོ༌ མ༌ཅུག༌ག༌, སྐྱིད༌པོ༌ ཉམ༌པོ༌ ཅོ༌ཅུག༌ཅེས༌ལ༌ ཁོང༌གུན༌ནི༌ ཁའ༌ཉོན༌ཤིག༌, ཏེ༌བོ༌ ཁྱོ༌ཞ༌གུན༌ནི༌ ཕན༌ཐོགས༌སི༌ ཕིའ༌ ཨིན༌ནོག༌།


ཏེན༌ན༌བོའེ༌ཕིའ༌ ཇིག༌རྟེན༌ནི༌ ནང༌ང༌ ཡོད༌ཁན༌གུན༌ནི༌ ཆོགས༌ལ༌ སམ༌བ༌ མ༌ཏང༌ང༌, རང༌སེམས༌ ཅུན༌ཏེ༌ ཡེ༌ཤུ༌ མ༌ཤི༌ཀ༌ སྔོན༌ནི༌ ཏུས༌ལ༌ ཐོབ༌ཅེས༌ཅན༌ནི༌ ཐུག༌རྗེ༌ ཐར༌པ༌བོའེ༌ཀ༌ སྟན༌པོ༌ རེ༌ཝ༌ བོར༌ཤིག༌།


ཉིད༌ནེ༌ ལོང༌ཤིག༌, ཁྱོ༌ཞ༌གུན༌ནི༌ ནང༌ང༌ ལུས༌ཏེ༌ ཡོད༌ཁན༌ནི༌ ཏད༌པ༌ ཤི༌ཀྱིས༌ཅན༌བོ༌ སྟན༌པོ༌ ཅོ༌ཤིག༌། ངའེ༌ ཐོང༌ཅེས༌ལ༌ ཁྱོ༌ཞའེ༌ ལས༌ ཅོ༌ཁན༌གུན༌, ངའེ༌ དཀོན༌མཆོག༌ ཐུགས༌ཐད༌ཅེས༌སི༌ ཚད༌ དྲན༌དྲའ༌ ལེབ༌ མ༌ཐུབ༌ཏོག༌།


Lean sinn:

Sanasan


Sanasan