Biblia Todo Logo
Bìoball air-loidhne

- Sanasan -




تیموتھِی ۲ 3:12 - Ladakhi

12 འོ༌ན༌, མ༌ཤི༌ཀ༌ ཡེ༌ཤུའི༌ ནང༌ང༌ དཀོན༌མཆོག༌གི༌ ལམ༌མི༌ཀ༌ གྲུལ༌ཨིན༌ མི༌ཚེ༌ ཕུད༌ཉིན༌ ཡོད༌ཁན༌ ཚང༌མ༌ ནགས༌ ཐོང༌ཨིན༌།

Faic an caibideil Dèan lethbhreac

New Testament in Ladakhi Langage

12 اونا، حضرت عیسیٰ مسیح نانّگا خُدے سچودلامیکا ڈولین میتشے پھودنیین یودکھان تشانگما ناگس تھونگین ۔

Faic an caibideil Dèan lethbhreac




تیموتھِی ۲ 3:12
32 Iomraidhean Croise  

ཏེ༌ནེ༌ ཡེ༌ཤུའི༌ ཁོང༌རང༌ངི༌ ལོབ༌ཕྲུགས༌གུན༌ལ༌ མོལས༌, “ངའེ༌ སྟིང༌རང༌ནེ༌ ཡོང༌ང༌ ཐད༌ཁན༌གུན༌, རང༌དོད༌ ཕངས༌ཏེ༌ རང༌ངི༌ རྡུག༌ངལ༌ལི༌ རྐྱང༌ཤིང༌ ཁུར༌ཏེ༌ ངའ༌ བྲངས༌གོས༌།


“ཏེ༌བོའེ༌ཕིའ༌ ཁྱོ༌ཞའེ༌ཀ༌ ངའེ༌ ལུང༌སྟོན༌པ༌གུན༌, ཤེས༌རབས༌ཅན༌གུན༌ དང༌ ལོབ༌བོན༌གུན༌ ཀལ༌ཨིན༌། ཡང༌ ཁོང༌གུན༌ ཙལ༌ལ༌ གྲོང༌ཁྱེར༌ནེ༌ གྲོང༌ཁྱེར༌ལ༌ སོང༌ཏེ༌ ཁྱོ༌ཞའེ༌ ཁ༌ཅིག༌ རྐྱང༌ཤིང༌ང༌ རྐྱངས༌ཏེ༌ སད༌ཨིན༌, ཁ༌ཅིག༌ག༌ དུ༌ཁང༌ངི༌ ནང༌ང༌ རྟལ༌ལྕག༌ གྱབ༌ཨིན༌།


འིན༌ན༌ མི༌ཚེ༌ ནང༌ང༌, ཁང༌པ༌, ཨ༌ཅོ༌ནོ༌, ཨ༌ཅེ༌ ནོ༌མོ༌, ཨ༌བ༌, ཨ༌མ༌, ཕྲུ༌གུ༌, ཞིང༌ གུན༌ནི༌ གྱ༌ལྡབ༌ མ༌ཚད༌ དཀོན༌མཆོག༌གི༌ གྱལ༌སྲིད༌དི༌ ཏུས༌ལ༌ ཐའ༌མེད༌པའེ༌ མི༌ཚེ༌ ཐོབ༌ཨིན༌ ཨིན༌ནའང༌ ཇིག༌རྟེན༌པ༌གུན༌ནི༌ ནགས༌བར༌དོ༌ སྟན༌ཨིན༌།


ཁོང༌གུན༌ནི༌ ཁྱོ༌ཞའ༌ ཆོས༌ཚོགས༌སི༌ ཕྲོ༌ནེ༌ ཕིངས༌ ཏང༌ཨིན༌། ཏེ༌ཟུག༌ ཏུས༌སང༌ ལེབ༌ཨིན༌, ཁྱོ༌ཞའ༌ སད༌ཁན༌གུན༌ནི༌ སམ༌ཨིན༌ ཁོང༌གུན༌ནི༌ དཀོན༌མཆོག༌ག༌ ཞབས༌ཏོག༌ ཞུས༌ཏེ༌ ཨིན༌།


“ངའ༌ ཉམ༌པོ༌ བྲེལ༌ ཡོད༌ཅེས༌པོའེ༌, ཁྱོ༌ཞ༌གུན༌ལ༌ ཞི༌དེ༌ ཐོབ༌ཅེས༌ལ༌ ངའེ༌ འི༌ སྤེ༌ར༌གུན༌ ཟེར༌ཏེ༌ ཨིན༌། འི༌ ཇིག༌རྟེན༌ནི༌ ནང༌ང༌ ཁྱོ༌ཞ༌གུན༌ལ༌ རྡུག༌ངལ༌ ཐོང༌ཨིན༌, ཨིན༌ནའང༌ སྤོས༌པ༌ བོར༌ཤིག༌, ཇིག༌རྟེན༌ནི༌ ཝང༌སྲུལ༌པ༌གུན༌ནི༌ཀ༌ ངའ༌ གྱལ༌ ཐོབ༌ཏེ༌ ཨིན༌།”


ངའེ༌ ཁོང༌གུན༌ལ༌ ཉེ༌རང༌ངི༌ བཀའ༌ ཏངས༌པིན༌, ཡང༌ ཇིག༌རྟེན༌པ༌གུན༌ནི༌ ཁོང༌གུན༌ལ༌ ནཕ༌རད༌ ཅོས༌, ཅིའ༌ཟེར༌ན༌ ང༌ ཇིག༌རྟེན༌ནེ༌ མན༌ཁན༌ ཙོགས༌ལ༌ ངའེ༌ ལོབ༌ཕྲུགས༌གུན༌ནའང༌ ཇིག༌རྟེན༌ནེ༌ མན༌།


ཁོང༌གུན༌ནི༌ ལོབ༌ཕྲུགས༌གུན༌ལ༌ ཏད༌པའེ༌ ནང༌ང༌ སྟན༌པོ༌ དུག༌ཅེས༌ལ༌ སྤོས༌པ༌ ཏང༌ཨིན༌ མོལས༌, “དཀོན༌མཆོག༌གི༌ གྱལ༌སྲིད༌དི༌ ནང༌ང༌ ལེབ༌བ༌ལ༌ ང༌དང༌ང༌ སྐ༌ལས༌ མང༌པོའེ༌ དོང༌ལེན༌ ཅོ༌གོས༌ཨིན༌།”


ཡང༌ འི༌ མི༌ཚེ༌ ནང༌ང༌ ཀལ༌ཏེས༌ ང༌དང༌གུན༌ནི༌ མ༌ཤི༌ཀའེ༌ ནང༌ང༌ སོན༌ཏེའ༌ ལང༌ཅེས༌སི༌ རེ༌ཝ༌བོ༌ ཏོན༌མེད༌ ཨིན༌ན༌ ཏེ༌ནེ༌ ང༌དང༌གུན༌ ཚང༌མའེ༌སང༌ སྡིག༌པ༌རིག༌ ཨིན༌ནོག༌།


ང༌ཞ༌གུན༌ནི༌ ལོ༌ཁྱེལ༌ དང༌ སེམས༌ ལག༌མོ༌ ཉམ༌པོ༌ ཟེར༌ཉན༌ཨིན༌, ང༌ཞ༌གུན༌ འི༌ ཇིག༌རྟེན༌པ༌ ཡང༌ མིག༌སལ༌ལི༌ ཁྱོ༌ཞ༌གུན༌ ཉམ༌པོ༌ དུག༌ ཟ༌ནེ༌, དཀོན༌མཆོག༌གི༌ སལ༌ཁན༌ནི༌ མི༌ཚེ༌ ཏམ༌པ༌ དང༌ ཀྲང༌པོའེ༌ ཚུལ༌ལ༌ པུད༌པིན༌། ང༌ཞ༌གུན༌ མི༌ཤེས༌རབས༌སི༌ཀ༌ མན༌པ༌, དཀོན༌མཆོག༌གི༌ ཐུག༌རྗེའེ༌ཀ༌ རག༌ལས༌ཏེ༌ དུགས༌པིན༌།


ང༌ཞའ༌ མི༌གུན༌ནི༌ ནགས༌ སྟན༌ནའང༌, དཀོན༌མཆོག༌གི༌ ཕང༌ང༌ ཛད༌ད༌ མི༌རུག༌། ང༌ཞའ༌ མ༌སྐྱོན༌ མ༌སྲན༌ཏྲེ༌ ཆ༌ནའང༌, ང༌ཞ༌གུན༌ མེད༌ཁན༌ ཅོ༌ ཅུག༌ག༌ ཛད༌ད༌ མི༌རུག༌།


ཏེན༌ན༌ ཙོགས༌ལ༌, དཀོན༌མཆོག༌གི༌ སྕོད༌ལམ༌ དང༌ ཏམ༌པའེ༌ ལམ༌མི༌ཀ༌ གྲུལ༌ཨིན༌ ང༌དང༌གུན༌ ཞི༌དེ༌ དང༌ ཁམ༌ཟང༌ངི༌ མི༌ཚེ༌, ཕུད༌ ཉན༌ཅེས༌ལ༌ གྱལ༌པོ༌ དང༌ ཝང༌ ཡོད༌ཁན༌ ཚང༌མའེ༌ ཕིའ༌ མོས༌ལམ༌ ཞུ༌ཤིག༌།


ཐེ༌ཚོམས༌ མེད༌པ༌ འི༌བོ༌ ནི༌, ང༌དང༌གུན༌ནི༌ ཏད༌པའེ༌ སང༌ཝ༌ ཆེ༌ཤོག༌པོ༌ ཨིན༌ནོག༌། མ༌ཤི༌ཀ༌ མིའི༌ ཟོབ༌སྟའེ༌ ནང༌ང༌ སྔོན༌ཏེ༌ ཁོང༌ དཀོན༌མཆོག༌གི༌ སྲས༌ ཨིན༌ཁན༌བོ༌ ཏམ༌པའེ༌ ཐུག༌ཉིད༌དི༌ སྟན༌ཏེ༌, ཕོ༌ཉ༌གུན༌ནི༌ ཇལ༌། ཡང༌ གྱལ༌ཁམས༌གུན༌ནི༌ ནང༌ང༌ ཤད༌ཏེ༌ ཇིག༌རྟེན༌ གང༌པོའེ༌ ནང༌ང༌ མི༌ མང༌པོ༌ཞིག༌གི༌ ཁོང༌ང༌ ཏད༌པ༌ ཅོས༌། ཡང༌ ནམ༌ཁའེ༌ ནང༌ང༌ ཟིར༌རྗིད༌ ཉམ༌པོ༌ ཁྱེར༌ར༌ ཛད༌ཏེ༌ ཨིན༌།


མི༌ ཁ༌ཅིག༌གི༌ ང༌ཏི༌ ལབ༌ཞ༌གུན༌ལ༌ གྱབ༌གལ༌ ཅོ༌སྲིད༌ཅེས༌ ཨིན༌ནོག༌། ཨིན༌ནའང༌ འི༌གུན༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ ལབ༌ཞ༌ ཟང༌པོ༌གུན༌ ཨིན༌ནོག༌, ཀ༌བོའེ༌ ང༌དང༌གུན༌ལ༌ དཀོན༌མཆོག༌གི༌ ལམ༌མི༌ ནང༌ང༌ ལྡན༌ ཅུག༌ག༌ནོག༌།


འི༌ ཨི༌གེ༌བོ༌ ང༌ པ༌འུ༌ལུའི༌ ཆོགས༌ནེ༌ ཨིན༌། ང༌ ནི༌ དཀོན༌མཆོག༌གི༌ ཞབས༌ཏོག༌པ༌ དང༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ སྐུ༌ཚབས༌ ཨིན༌། དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌གུན༌ལ༌, མ༌ཤི༌ཀའེ༌ ནང༌ང༌ ཨིད༌ཤེས༌ ཅོ༌ཅེས༌པོ༌ ཤད༌ཅེས༌ དང༌ དཀོན༌མཆོག༌གི༌ ལམ༌མི༌ཀ༌ གྲུལ༌ཨིན༌ མི༌ཚེ༌ ཕུད༌ཅེས༌སི༌ དེན༌བ༌བོ༌, ཤེ༌ཤེས༌ ལབ༌བ༌ལ༌ ང༌ ལམ༌ཅུགས༌།


ཡང༌ ང༌དང༌གུན༌ལ༌ “ངན༌པའེ༌ མི༌ཚེ༌ ཕུད༌ཅེས༌ དང༌, སྡིག༌པའེ༌ དོད༌པ༌གུན༌ལ༌ གྱབ༌གྱུར༌གོས༌” ཟེར༌ཏེ༌ ཤད༌ད༌ ཛདས༌། ང༌དང༌གུན༌ནི༌ འི༌ ཇིག༌རྟེན༌ ངན༌པའེ༌ ནང༌ང༌ རང༌སེམས༌ ཅུན༌ཉན༌ཁན༌, ཀྲང༌པོ༌ དང༌, དཀོན༌མཆོག༌གི༌ ལམ༌མི༌ཀ༌ གྲུལ༌ཁན༌ནི༌ མི༌ཚེ༌ཞིག༌ ཕུད༌གོ༌ཤེས༌ ཨིན༌ནོག༌།


ཡོ༌སེབ༌བི༌ པུར༌གྱུད༌གུན༌ནི༌ ཡོ༌ཤུའ༌ ཟེརས༌, “ཅི༌ཕིའ༌ ཉེ༌རང༌ངི༌ ང༌ཞ༌གུན༌ལ༌ ས༌ཀྱད༌དི༌ ཁག༌ཅིག༌ མ༌ནེ༌ མ༌ཏང༌ང༌ ཨིན༌? ཡ༌ཝའེ༌ ང༌ཞའ༌ ཅིན༌ལབས༌ སལ༌ལ༌ ཛད༌ཏེ༌ ང༌ཞ༌གུན༌ མ༌མང༌པོ༌ གྱུར༌ཏེ༌ ཨིན༌ནོག༌།”


ཀལ༌ཏེས༌ ཁྱོ༌ཞའ༌ ལས༌ ཟང༌པོ༌ ཅོ༌ཅེས༌པོའེ༌ རྡུག༌ངལ༌ ཐོང༌ནའང༌, དཀོན༌མཆོག༌གི༌ ཅིན༌ལབས༌ སལ༌ལ༌ ཛད༌ཨིན༌། “ཏེ༌ ཇིགས༌ནང༌ སྟན༌ཁན༌གུན༌ལ༌ མ༌ཇིགས༌ཤིག༌ ཡང༌ མ༌ཚེར༌ཤིག༌།”


ཏ༌ ཀལ༌ཏེས༌ འི༌ ཚང༌མ༌ མེད༌ཁན༌ ཆའད༌ན༌, ཁྱོ༌ཞ༌གུན༌ནི༌ མི༌ཚེ༌བོ༌ ཀ༌ཟུག༌ག༌ ཕུད༌གོས༌། དཀོན༌མཆོག༌གི༌ ཞག༌པོའ༌ སྲུང༌ཏེ༌ གྱོགས༌པ༌ ལེབ༌ཅུག༌ཅེས༌ལ༌ རྩོན༌གྲུས༌ ཅོ༌ཨིན༌, ཁྱོ༌ཞ༌གུན༌ནི༌ དཀོན༌མཆོག༌གི༌ ལམ༌མི༌ཀ༌ གྲུལ༌ཁན༌ དང༌ ཏམ༌པ༌ མི༌ཚེ༌ཞིག༌ ཕུད༌གོ༌ཤེས༌ ཨིན༌ནོག༌། ཏེ༌ ཞག༌ག༌ ནམ༌ཁའེ༌ བར༌ནང༌ མེའ༌ ཚིག༌ཏེ༌, ཡང༌ ཏེ༌ནང༌ང༌ ཡོད༌ཁན༌ ཚང༌མ༌ ཞུ༌ཏེ༌ མེད༌ཁན༌ ཆེན༌།


ཁོའེ༌ རྔ༌མ༌བོ༌ ནམ༌ཁའེ༌ ནང༌ང༌ སྐར༌མ༌ ཁག༌ སུམ༌མི༌ ནང༌ནེ༌ ཁག༌ ཅིག༌ག༌ གྱབས༌ཏེ༌ ཇིག༌རྟེན༌ནི༌ཀ༌ ཕངས༌, ཡང༌ ཕྲུ༌གུ༌བོ༌ ཟའ༌ཅེས༌སི༌ ཕིའ༌ ཏེ༌ བུ༌མོ༌ ཕྲུ༌གུ༌ ཇོར༌ཅེས༌ཅན༌ནི༌ དུན༌ལ༌ སོང༌ཏེ༌ དུགས༌།


ངའེ༌ ཁོང༌ང༌, “སྤོན༌བོ༌ལེ༌, ངའ༌ གྱུས༌མེད༌ ཨིན༌ནའང༌ ཉེ༌རང༌ངི༌ ཁྱེན༌ན༌ནོག༌” ཞུས༌པིན༌། ཁོང༌ངི༌ མོལ༌ལ༌རག༌, “འི༌གུན༌ རྡུག༌ངལ༌ མ༌ ཆེན༌མོ༌ནེ༌ བིངས༌ཏེ༌ ཡོང༌ཁན༌གུན༌ ཨིན༌ནོག༌། ཁོང༌གུན༌ནི༌ ཁོ༌རང༌གུན༌ནི༌ ཀོས༌གུན༌ ལུ༌གུའི༌ སྐུ༌ཁྲག༌གི༌ ནང༌ང༌ ཁྲུས༌ཏེ༌ ཀར༌པོ༌ ཅོས༌ཏེ༌ ཨིན༌ནོག༌།”


Lean sinn:

Sanasan


Sanasan