Biblia Todo Logo
Bìoball air-loidhne

- Sanasan -




تیموتھِی ۲ 3:11 - Ladakhi

11 ཨན༌ཏི༌ཡོག༌, ཨི༌ཀོ༌ནི༌འམ༌ དང༌, ལིས༌ཏྲའ༌ གུན༌ནི༌ ནང༌ང༌ ངའ༌ ནགས༌ དང༌ བར༌དོ༌ སྟནས༌། ཏེ༌རུ༌ ཡོད༌ ཟ༌ནེ༌ ངའེ༌ ཙམ༌ཤིག༌གི༌ ནགས༌ དང༌ རྡུག༌ངལ༌ གུན༌ ཁུརས༌, ཨིན༌ནའང༌ གཙོ༌བོའེ༌ ང༌ ཏེ༌ ཚང༌མའེ༌ ནང༌ནེ༌ ཐར༌ ཅུག༌ག༌ ཛད༌ཁན༌བོ༌ ཁྱོ༌རང༌ང༌ གྱུས༌ཨིན༌ནོག༌།

Faic an caibideil Dèan lethbhreac

New Testament in Ladakhi Langage

11 انطاؔکِیہ ، اِکُنیُم تانگ، لُسترا گیالساگُونی نانّگا نگا ناگس تانگ باردو ستانس۔ تیرو یود زانے نگے تسامشیگی ناگس تانگ ردوگنگال گُون کھورس، اِین نانگ مسیح نگا تے تشانگمے نانگنے تھار چوگّا زادکھانبو کھیورانّگا گیوس اینّوگ۔

Faic an caibideil Dèan lethbhreac




تیموتھِی ۲ 3:11
43 Iomraidhean Croise  

ང༌ ནོད༌པ༌ ཚང༌མ༌ནེ༌ སྐྱོབ༌བ༌ ཛད༌ཁན༌ནི༌ ཕོ༌ཉ༌, ཁོང༌ངི༌ འི༌ བུ༌ཚ༌གུན༌ལ༌ ཅིན༌ལབས༌ སལ༌ལ༌ ཛད༌ཤིག༌། འི༌ བུ༌ཚ༌གུན༌ གྱུད༌ཏེ༌ ཨབ༌ར༌ཧམ༌ དང༌ ཨི༌སཱག༌གི༌ ཚན༌ ཡང༌ ངའེ༌ མིང༌ ལུས༌ཤིག༌། ཁོང༌གུན༌ལ༌ ཕྲུ༌གུ༌ མང༌པོ༌ ཇོར༌ཏེ༌ ཇིག༌རྟེན༌ནི༌ཀ༌ ཁོང༌གུན༌ནི༌ མིར༌གྱུད༌ མང༌པོ༌ ཕེལ༌ཤིག༌།”


ཁོང༌ངི༌ ཁོང༌རང༌ངི༌ མི༌གུན༌ སྐྱོབ༌ཅེས༌ དང༌ ཐར༌ཅུག༌ག༌ ཛད༌ད༌ནོག༌, ཁོང༌ངི༌ ནམ༌ཁའ༌ དང༌ ས༌ཞི༌ཀ༌ སྟགས༌ དང༌ ལྟས༌ གུན༌ ཛད༌ད༌ནོག༌། ཁོང༌ངི༌ དཱ༌ནི༌ཨེལ༌ ཤེད༌ཅན༌ སིང༌གེ༌གུན༌ནི༌ ཀ༌ནེ༌ སྐྱོབ༌བ༌ ཛདས༌།”


ཨིན༌ནའང༌ པ༌འུ༌ལུ༌ དང༌ བཱར༌ན༌བས༌ པེར༌ག༌ནེ༌ བིང༌ཏེ༌ པི༌སིད༌ཡཱ༌ ཟེར༌སའེ༌ ཡུལ༌ལི༌ ཨན༌ཏི༌ཡོག༌ གྱལ༌ས༌ སྐྱོདས༌། ཤབ༌བད༌དི༌ ངལ༌ཚོའེ༌ ཞག༌ག༌ ཡ༌ཧུ༌དཱ༌པའེ༌ དུ༌ཁང༌ང༌ སྐྱོད༌ཏེ༌ སའེ༌ཀ༌ ཞུགས༌།


ཏེ༌ཟུག༌ མི༌ཚོགས༌ ཆེན༌མོ༌ ཐོང༌ཏེ༌ ཡ༌ཧུ༌དཱ༌པ༌གུན༌ལ༌ ཚིག༌ཅེས༌ ཡོངས༌, ཡང༌ པ༌འུ༌ལུའི༌ ལབ༌ཞ༌གུན༌ལ༌ གྱབ༌གལ༌ ཅོས༌ཏེ༌ ཁོང༌ངི༌ སྕོད༌ལམ༌མི༌ སྐོར༌ལ༌ ངན༌པ༌ ཟེརས༌།


ལིས༌ཏྲའེ༌ ནང༌ང༌ ཞ༌འོ༌ཞིག༌ ཡོད༌པིན༌, ཁོ༌ སྐྱེས༌པ༌ནེ༌ པར༌ལ༌ གྲུལ༌ མ༌ཉན༌ན༌ ཨིན༌པིན༌། ཁོ༌ སའེ༌ཀ༌ དུགས༌ཏེ༌


ང༌ ཡ༌ཧུ༌དཱ༌པ༌གུན༌ནི༌ ཅུས༌ངན༌ མང༌པོའེ༌ དོང༌ལེན༌ ཅོ༌གོས༌ནའང༌, ངའེ༌ ང༌རང༌ངི༌ མི༌ཚེའེ༌ ནང༌ང༌ མ༌ ཉམ༌ཤུང༌ དང༌ ཆི༌མ༌ ཉམ༌པོ༌ གཙོ༌བོའེ༌ ཞབས༌ཏོག༌ ཞུས༌པིན༌།


ཛིང༌མོ༌ མ༌ རྩོག༌པོ༌ སོང༌པ༌, མག༌སྟོང༌ངི༌ སྤོན༌བོའེ༌ ཏེ༌གུན༌ནི༌ པ༌འུ༌ལུ༌ ཚེད༌ཚེད༌ ཅོས༌ མི༌ཏང༌ང༌ སམས༌ཏེ༌ ཇིགས༌། ཁོའེ༌ མག༌མི༌གུན༌ལ༌ ཡོག༌ག༌ སོང༌, ཡང༌ ཝང༌ ཏངས༌ཏེ༌ ཚོགས༌དུའི༌ ཕྲོ༌ནེ༌ པ༌འུ༌ལུ༌ སྐྱོབས༌ཏེ༌ ཀི༌ལའེ༌ ནང༌ང༌ ཁྱེར༌ ཟེར༌ཏེ༌ བཀའ༌ ཏངས༌།


ངའེ༌ ཁྱོ༌རང༌ ཁྱོ༌རང༌ངི༌ མི༌གུན༌ དང༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ནི༌ ཀ༌ནེ༌ ཏུས༌གྱུན༌ སྐྱོབ༌ཨིན༌། ཁོང༌གུན༌ མུན༌གྲིག༌ནེ༌ འོད༌དི༌ ནང༌ང༌ ཡོང༌ཅེས༌ དང༌ ཤེ༌ཏན༌ནི༌ ཝང༌ནེ༌ ཕིངས༌ཏེ༌ དཀོན༌མཆོག༌ ཆོགས༌ལ༌ ཁྲིད༌ཅེས༌སི༌ ཕིའ༌ ངའེ༌ ཁྱོ༌རང༌ ཁོང༌གུན༌ནི༌ མིག༌ ཕེ༌ཅེས༌ལ༌ ཁོང༌གུན༌ནི༌ ཕྲོའ༌ ཀལ༌ལད༌། ཏེ༌ནེ༌ ཁོང༌གུན༌ལ༌ སྡིག༌པ༌གུན༌ནེ༌ ཤགས༌པ༌ ཡང༌ ངའེ༌ ནང༌ང༌ ཏད༌པའེ༌ ཞས༌ཏེ༌ རྩང༌མ༌ གྱུར༌ཁན༌གུན༌ནི༌ ཕྲོའ༌ ནས༌ས༌ ཐོབ༌ཨིན༌།’”


ཨིན༌ནའང༌ དཀོན༌མཆོག༌གི༌ ང༌ དི༌རིང༌ ཚག༌པ༌ སྐྱོབ༌བ༌ ཛད༌ པ༌སང༌, འི༌ཀ༌ ལངས༌ཏེ༌ ཉམ༌ཤུང༌ དང༌ ཁག༌ཅན༌ ཚང༌མའེ༌ དུན༌ལ༌ ངའེ༌ སྤང༌པོ༌ ཏང༌ངད༌། ངའེ༌ མོ༌ཟེས༌ དང༌ ཞན༌ ལུང༌སྟོན༌པ༌གུན༌ནི༌ ཇུང༌ཅེས༌ཅན༌གུན༌ མོལ༌ཁན༌བོའེ༌ སང༌ ཐེ༌བ༌ཞིག༌ ཅའང༌ མ༌ཟེར༌པིན༌,


ངའེ༌ ཚན༌ ཁུར༌ཅེས༌ལ༌ ཁོའ༌ ཙམ༌ཤིག༌གི༌ ནགས༌ ལེན༌གོ༌ཤེས༌པོ༌ ངའེ༌ ཁོའ༌ སྟན༌ཨིན༌།”


ཡ༌ཧུ༌དཱའེ༌ ནང༌ང༌ ཡོད༌ཁན༌ནི༌ ཡ༌ཧུ༌དཱ༌པ༌ ཏད༌པ༌ མེད༌ཁན༌གུན༌ནི༌ ཀ༌ནེ༌ ང༌ སྐྱོབ༌ཅེས༌ལ༌ དཀོན༌མཆོག༌ག༌ མོས༌ལམ༌ ཞུ༌ཤིག༌། ཡང༌ ངའེ༌ ཡེ༌རུ༌ཤ༌ལེམ༌མ༌ ཁྱེར༌ཅེས༌ཅན༌ནི༌ རོགས༌སི༌ པེ༌ནེ༌བོ༌ ཏེ༌རུ༌ ཡོད༌ཁན༌ནི༌ ཏད༌པ༌ཅན༌གུན༌ནི༌ ཐད༌པོ༌ ཉམ༌པོ༌ ལེན༌ཅེས༌ལའང༌ མོས༌ལམ༌ ཞུ༌ཤིག༌།


མ༌ཤི༌ཀའེ༌ ནང༌ང༌ ང༌དང༌གུན༌ནི༌ རྡུག༌ངལ༌གུན༌ གྱས༌ཨིན༌ ཆ༌ ཟ༌ནེ༌, ང༌དང༌ངི༌ སེམས༌སི༌ ནང༌ང༌ ཞི༌དེའང༌ མ༌ཤི༌ཀ༌ གྱུད༌ཏེ༌ གྱས༌ཨིན༌།


ང༌ཞ༌གུན༌ལ༌ ལོ༌ཁྱེལ༌ རག༌, ཁྱོ༌ཞ༌གུན༌ ང༌ཞའེ༌ རྡུག༌ངལ༌གུན༌ནི༌ ནང༌ང༌ དྲེས༌ པ༌སང༌, ཁྱོ༌ཞ༌གུན༌ ང༌ཞའེ༌ སེམས༌དེའེ༌ ནང༌ངའང༌ དྲེས༌ཨིན༌།


ཏེན༌ན༌བོའེ༌ཕིའ༌ མ༌ཤི༌ཀའེ༌ ཏོན༌ལ༌, ང༌ ང༌རང༌ངི༌ འུ༌ཐུགས༌, ཁྲེལ༌བ༌ སྟན༌ཅེས༌, ཀགས༌པོ༌ དང༌ བར༌དོའེ༌ ནང༌ང༌ སྐྱིད༌པོ༌ ཚོར༌ར༌རག༌, ཅིའ༌ཟེར༌ན༌ འུ༌ཐུགས༌ ཡོད༌ཏུས༌ ངའ༌ སྟོབས༌ཅན༌ ཨིན༌།


རྩལ༌ཡངས༌ རྩེ༌ཁན༌ཞིག༌ ཙོགས༌ལ༌, ངེའང༌ གྲན༌དུར༌ གྱལ༌ལ༌ ཅོས༌ཏེ༌ ཏངས༌པིན༌, ངའེ༌ བང༌གྱུགས༌ ཏང༌ ཚར༌ཏེ༌ ཨིན༌, ཡང༌ ངའེ༌ ཏད༌པ༌ མ༌ཕང༌ང༌ སྟན༌པོ༌ ཡོད༌།


ཏེ༌ནེ༌ ཀ༌ཟུག༌གི༌ དཀོན༌མཆོག༌གི༌ ལམ༌མི༌ཀ༌ གྲུལ༌ཁན༌གུན༌ ཚོད༌ལྟ༌གུན༌ནེ༌ སྐྱོབ༌ཅེས༌ དང༌ མི༌ངན༌གུན༌ལ༌ ཁྲིམས༌ཅད༌དི༌ ཞག༌ ཚོག༌པ༌ ཆད༌མེད༌ལ༌ ཆད༌པ༌ ཀལ༌ཨིན༌ བོར༌ཅེས༌ གུན༌ ཁོང༌ངི༌ ཁྱེན༌ན༌ ཛད༌ད༌ནོག༌།


Lean sinn:

Sanasan


Sanasan