Biblia Todo Logo
Bìoball air-loidhne

- Sanasan -




تیموتھِی ۲ 1:7 - Ladakhi

7 དཀོན༌མཆོག༌གི༌ ང༌དང༌གུན༌ལ༌ ཇིག༌ཤེས༌ དང༌ སེམས༌ཤུགས༌ མེད༌ཁན༌ནི༌ སེམས༌ཞིག༌ སལ༌ལ༌ མ༌ཛད༌ད༌ སྟོབས༌, ཅེས༌པ༌ དང༌ རང༌སེམས༌ཅུན༌ ཐུབ༌ཁན༌ནི༌ སེམས༌ཞིག༌ སལ༌ལ༌ ཛད༌ཏེ༌ ཨིན༌ནོག༌།

Faic an caibideil Dèan lethbhreac

New Testament in Ladakhi Langage

7 خُدے نگاتانگونلا جیگشیس تانگ سیمسشوگس میدکھانّی سیمسجیگ سالّا مازادّا ستوبس، چیسپا تانگ رانگسیمس چون تھوبکھانّی سیمس جیگ سالّا زادتے اینوگ۔

Faic an caibideil Dèan lethbhreac




تیموتھِی ۲ 1:7
28 Iomraidhean Croise  

ལྟོས༌, ངའེ༌ ཁྱོ༌ཞ༌གུན༌ལ༌ རུལ༌ དང༌ སྡིག༌པ༌རཱ༌ཙེ༌ གུན༌ རྐང༌ཡོག༌ག༌ ནན༌ཅེས༌སི༌ ཝང༌ ཡང༌ ང༌དང༌གུན༌ནི༌ གྲ༌འོ༌ ཤེ༌ཏན༌ནི༌ ཝང༌ ཚང༌མ༌ མེད༌ཁན༌ ཅོ༌ཅེས༌སི༌ ཁྱུད༌དའང༌ ཏངས༌ཏེ༌ ཨིན༌ ཡང༌ ཁྱོ༌ཞ༌གུན༌ལ༌ སུ༌ཞིག༌གིའང༌ ནོད༌སྐྱལ༌ མི༌ཉན༌།


“ཏེ༌ནེ༌ ཁོའ༌ སམ༌བ༌ ཡོངས༌ཏེ༌ ཟེརས༌, ‘ངའེ༌ ཨ༌བའེ༌ ལ༌པ༌ མང༌པོའེ༌ བྲང༌བྲངས༌ ཟོས༌ཏེ༌ ལག༌ལུས༌ བོར༌རད༌པིན༌, ཨིན༌ནའང༌ ང༌ འི༌ཀ༌ སྟོག༌རི༌ ཐོང༌ཏེ༌ ཤི༌ཀྱིས༌ རག༌།


ངའེ༌ ཡབ༌བི༌, ཏམ༌པའེ༌ ཐུག༌ཉིད༌དི༌ ཞལ༌ཆད༌ ཛད༌ཁན༌བོ༌ ངའེ༌ ཁྱོ༌ཞ༌གུན༌ལ༌ ཀལ༌ཨིན༌། ཨིན༌ནའང༌ ནམ༌ཁའ༌ནེ༌ ཏམ༌པའེ༌ ཐུག༌ཉིད༌ སྐྱོད༌ཏེ༌ ཁྱོ༌ཞ༌གུན༌ ཁྱུད༌དི༌ སྐང༌སྐང༌ ཚག༌པ༌ ཁྱོ༌ཞའ༌ འིན༌ན༌ གྱལ༌སའེ༌ ནང༌ང༌ དུག༌།”


ཏེ༌ནེ༌ ཇུང༌ཁན༌གུན༌ ལྟའ༌ལ༌ མི༌གུན༌ སོང༌, ཡེ༌ཤུ༌ ཡོད༌ས༌ ལེབ༌བ༌ཅིག༌, རྡུད༌གུན༌ ཕིང༌ཁན༌ནི༌ མི༌བོ༌ ཡེ༌ཤུའི༌ ཞབས༌སི༌ དུན༌ལ༌ ཀོས༌ལག༌ གོན༌ཏེ༌ སྙོ༌ མ༌སྙོའ༌ དུགས༌ཏེ༌ ཐོང༌པ༌ ཁོང༌གུན༌ ཇིགས༌།


ཞི༌དེ༌, ངའེ༌ ཁྱོ༌ཞའ༌ ཉམ༌པོ༌ བོར༌རད༌, ངའེ༌ ཞི༌དེ༌བོ༌ ཁྱོ༌ཞའ༌ ཏང༌ངད༌, ངའེ༌ ཞི༌དེ༌བོ༌ ཇིག༌རྟེན༌པའེ༌ ཞི༌དེ༌ ཙོགས༌ མན༌། ཁྱོ༌ཞ༌གུན༌ནི༌ སེམས༌ལ༌ ནགས༌ མ༌སྟན༌ ཡང༌ ཇིགས༌ མ༌ཇིགས༌།


ཏམ༌པའེ༌ ཐུག༌ཉིད༌ ཁྱོ༌ཞའེ༌ཀ༌ བབས༌སི༌ ཏུས༌, ཁྱོ༌ཞ༌གུན༌ལ༌ སྟོབས༌ ཐོབ༌ཏེ༌ ཁྱོ༌ཞ༌གུན༌ནི༌ ཡེ༌རུ༌ཤ༌ལེམ༌, ཡ༌ཧུ༌དཱ༌ ཡུལ༌ གང༌པོ༌, ས༌མར༌རི༌ཡཱ༌ ཡང༌ ཇིག༌རྟེན༌ གང༌པོའེ༌ ནང༌ང༌ ངའེ༌ སྤང༌པོ༌ ཏང༌ཨིན༌།”


དཀོན༌མཆོག༌གི༌ ན༌ཙ༌རེད༌པ༌ ཡེ༌ཤུ༌ ཏམ༌པའེ༌ ཐུག༌ཉིད༌ དང༌ སྟོབས༌ ཉམ༌པོ༌ སྐོའ༌ ཛདས༌, ཡང༌ ཁོང༌ ནས༌ས༌ མང༌པོའ༌ སྐྱོད༌ཏེ༌ ཆག༌ལས༌ ཟང༌པོ༌ ཛད༌ཅེས༌ དང༌ རྡུད༌གུན༌ནི༌ གོ༌བའེ༌ ཝང༌ངི༌ ཡོག༌ག༌ ཡོད༌ཁན༌གུན༌ ཕན༌ཅུག༌ག༌ ཛདས༌, ཅིའ༌ཞུ༌ན༌ དཀོན༌མཆོག༌ ཁོང༌ ཉམ༌པོ༌ ཞུགས༌ཏེ༌ ཨིན༌པིན༌།”


ཀལ༌ཏེས༌ དཀོན༌མཆོག༌གི༌ ཐུག༌རྗེ༌ སྐོར༌རི༌ གའ༌མོའེ༌ ནས༌ཚུལ༌ ཤད༌ཅེས༌སི༌ ཁག༌ ཀ༌བོ༌ གཙོ༌བོ༌ ཡེ༌ཤུའི༌ ངའ༌ སྟད༌ད༌ ཛདས༌, ཏེ༌བོ༌ གྲུབ༌ཅུག༌ མ༌ཐུབ༌ན༌ ངའེ༌ སྲོག༌པོ༌ ངའེ༌ ཕིའ༌ རིན༌མེད༌ ཨིན༌།”


ཨིན༌ནའང༌ པ༌འུ༌ལུའི༌ མོལས༌, “ཁྱོ༌ཞའ༌ ཅིའ༌ ངུ༌ཨིན༌, ངའེ༌ སེམས༌ ཆག༌ཅུག༌གད༌? ང༌ ཡེ༌རུ༌ཤ༌ལེམ༌མི༌ ནང༌ང༌ གཙོ༌བོ༌ ཡེ༌ཤུའི༌ ཚན༌ནི༌ ཕིའ༌ ལྕག༌ཐག༌ག༌ ལྡམ༌ཅེས༌ མ༌ཚད༌ ཤི༌ཅེས༌ལའང༌ གྲལ༌གྲིག༌ ཨིན༌།”


ང༌ ཡ༌ཧུ༌དཱ༌པའེ༌ དུ༌ཁང༌ རེ༌རེ༌ ནང༌ང༌ སོང༌ཏེ༌ ཁོང༌གུན༌ལ༌ ཆད༌པ༌ ཅད༌ཏེ༌ དད༌ལོག༌ ཅོ༌ཅུག༌ཅེས༌སི༌ རྩོན༌གྲུས༌ ཅོའད༌པིན༌། ཁོང༌གུན༌ནི༌ གྱབ༌གལ༌ལ༌ སྲོ༌ སྲན༌ཏྲེ༌ དང༌ ནཕ༌རད༌ ཡོད༌ཅེས༌པོའེ༌, ང༌ ཡུལ༌ ཐག༌རིང༌གུན༌ལའང༌ སོང༌ཏེ༌ ཁོང༌གུན༌ལ༌ ནགས༌ སྲན༌ཏྲེ༌ སྟན༌པིན༌།”


པ༌འུ༌ལུའི༌ ལན༌སལས༌, “ཕེས༌ཏུས༌ སྐུན༌དུན༌, ང༌ སྙོས༌ཏེ༌ མན༌། ངའེ༌ ཟེར༌ཁན༌གུན༌ ཀྲང༌པོ༌ ཨིན༌ ཆལ༌ཆོལ༌ མན༌།


དཀོན༌མཆོག༌གི༌ ཐུག༌རྗེ༌ དང༌ སྟོབས༌སི༌ གངས༌ཏེ༌, སྟེ༌ཕན༌ནི༌ མི༌གུན༌ནི༌ ཕྲོའ༌ ཧ༌ལས༌ཤེས༌སི༌ ཛད༌པ༌ དང༌ ལྟས༌ མང༌པོ༌ སྟན༌ནད༌པིན༌།


ས༌འུལ༌ ཆོས༌ཤད༌ཅེས༌སི༌ ནང༌ང༌ མང༌ང༌ སྟོབས༌ཅན༌ གྱུར༌ཨིན༌ སོང༌, ཡང༌ དཱ༌མེས༌ཀས༌སི༌ ནང༌ང༌ ཡོད༌ཁན༌ནི༌ ཡ༌ཧུ༌དཱ༌པ༌གུན༌ནི༌, ས༌འུལ༌ལི༌ ཡེ༌ཤུ༌ ནི༌ ཏན༌ཏན༌ལ༌ དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌ནི༌ མ༌ཤི༌ཀ༌ ཨིན༌ཁན༌ སྟན༌ཁན༌བོའེ༌ གྱབ༌གལ༌ལ༌ ཅའང༌ ཟེར༌ མ༌ཉན༌།


ཡང༌ འི༌ རེ༌ཝ༌ ཡོད༌ཅེས༌པོའེ༌ ང༌དང༌གུན༌ནི༌ སྤོས༌པ༌ ཆག༌ག༌ མ༌ནོག༌, ཅིའ༌ཟེར༌ན༌ དཀོན༌མཆོག༌གི༌ ང༌དང༌གུན༌ནི༌ སེམས༌པོ༌ ང༌དང༌ང༌ སལ༌ཁན༌ནི༌ ཏམ༌པའེ༌ ཐུག༌ཉིད༌ གྱུད༌ཏེ༌, ཁོང༌རང༌ངི༌ ཡ༌ཤའེ༌ སྐང༌ང༌ ཛད༌ཏེ༌ ཨིན༌ནོག༌།


ཁྱོ༌ཞ༌གུན༌ལ༌ ཇིགས༌ཤེས༌སི༌ ཚེ༌ཡོག༌ གྱུར༌ཅུག༌ཁན༌ནི༌ ཐུག༌ཉིད༌བོ༌ ཐོབས༌ཏེ༌ མ༌ནོག༌། ཨིན༌ནའང༌ དཀོན༌མཆོག༌གི༌, ཕྲུ༌གུའི༌ ཚུལ༌ལ༌ སོས༌བུའ༌ ལེན༌ན༌ ཛད༌ཁན༌ནི༌ ཐུག༌ཉིད༌བོ༌ ཐོབས༌ཏེ༌ ཨིན༌ནོག༌། ཏ༌ ང༌དང༌གུན༌ནི༌ ཁོང༌ང༌ “ཨ༌བ༌, ཡབ༌ལེ༌,” མོལ༌ཨིན༌།


ངའེ༌ ལབ༌ཞ༌ དང༌ ཆོས༌ཤད༌ཅེས༌ གུན༌ ཧ༌གོའ༌ལ༌ ལ༌མོ༌ ཡང༌ ཁྲུལ༌ཅེས༌ དང༌ ཁས༌པ༌ སྤེ༌ར༌གུན༌ནི༌ཀ༌ རག༌ མ༌ལས༌ས༌, ངའེ༌ ཏམ༌པའེ༌ ཐུག༌ཉིད༌དི༌ ཁྱོ༌ཞ༌གུན༌ནི༌ ནང༌ང༌ ཆག༌ལས༌ ཛད༌ཅེས༌པོའེ༌ཀ༌ ཨིད༌ཤེས༌ ཅོས༌ཏེ༌ ལབ༌ཞ༌ ཏངས༌པིན༌།


ཨིན༌ནའང༌ ཏམ༌པའེ༌ ཐུག༌ཉིད༌ནེ༌ སྨིན༌ཁན༌ནི༌ བྲས༌བུ༌ ནི༌, ཅེས༌པ༌, སྐྱིད༌པོ༌, ཞི༌དེ༌, ཟོད༌པ༌, ཀའ༌ཀྲིན༌, ཟང༌པོ༌, ཨིད༌ཤེས༌ཅན༌,


ཡང༌ ཏམ༌པའེ༌ ཐུག༌ཉིད༌དི༌ ཁྱོ༌ཞའ༌ ཞན༌གུན༌ལ༌ ཅམས༌པ༌ ཅོ༌ཅེས༌སི༌ ཁྱུད༌ སལ༌ཁན༌བོའང༌ ཁོའེ༌ ང༌ཞའ༌ ཤདས༌།


མི༌ཚེ༌ གང༌པོ༌ ཤི༌ཅེས༌སི༌ ཇིགས༌སི༌ ཚེ༌ཡོག༌ག༌ ཟུམས༌ཏེ༌ ཡོད༌ཁན༌ ཚང༌མ༌, ཁོང༌ ཀྲོངས༌ཤེས༌ ཅིག༌པོ༌ གྱུད༌ཏེ༌ ཐར༌ ཅུག༌ག༌ ཛདས༌།


ཏ༌ ཁྱོ༌ཞ༌གུན༌ནི༌ དེན༌བ༌བོའ༌ ཁའ༌ཉན༌ཅེས༌པོའེ༌, ཁྱོ༌ཞའ༌ རྩང༌མ༌ གྱུར༌ཏེ༌ ཨིན༌ནོག༌། ཏེ༌བོའེ༌ཕིའ༌ མིང༌སྲིང༌ ཙོགས༌ལ༌ ཁྱོ༌ཞའ༌ ཅིག༌ དང༌ ཅིག༌གི༌ ནང༌ང༌ དེན༌བའེ༌ ཅམས༌པ༌ ཡོང༌གོས༌། ཏ༌ སྙིང༌ངི༌ ཐིལ༌ནེ༌ ཅིག༌ དང༌ ཅིག༌ག༌ ཅམས༌པ༌ ཅོ༌ཤིག༌།


དཀོན༌མཆོག༌གི༌ ཅམས༌པའེ༌ ནང༌ང༌ ཇིགས༌གོས༌ མེད༌ཀྱག༌, ཨིན༌ནའང༌ པུན༌སུམ༌ཚོགས༌པའེ༌ ཅམས༌པ༌ ཡོད༌ན༌, ཏེན༌ན༌བོའེ༌ ང༌དང༌གུན༌ནི༌ ཇིགས༌ཤེས༌གུན༌ མེད༌ཁན༌ ཅོའ༌ནོག༌། ཀལ༌ཏེས༌ ང༌དང༌གུན༌ ཇིགས༌སད༌ན༌, ང༌དང༌གུན༌ ཆད༌པའ༌ ཇིགས༌ཏེ༌ ཨིན༌ནོག༌། ཇིགས༌ཁན༌གུན༌ནི༌ ཁོ༌རང༌གུན༌ནི༌ ནང༌ང༌ ཅམས༌པ༌ ཕུན༌སུམ༌ཚོགས༌པ༌ཞིག༌ ལྡན༌ མ༌ཅུག༌ག༌ ཨིན༌ནོག༌།


Lean sinn:

Sanasan


Sanasan