Biblia Todo Logo
Bìoball air-loidhne

- Sanasan -




تیموتھِی ۲ 1:3 - Ladakhi

3 ཏི༌མོ༌ཐི༌, ཁྱོ༌རང༌ངི༌ ཕིའ༌ དཀོན༌མཆོག༌ག༌ ཐུག༌རྗེ༌ཆེ༌ ཞུའད༌, ཁོང༌ང༌ ངའེ༌ སེམས༌ ལག༌མོ༌ ཉམ༌པོ༌ ཞབས༌ཏོག༌ ཞུའད༌, ཀ༌ཟུག༌ ངའེ༌ ཕ༌མེས༌པོ༌གུན༌ནི༌ ཞུས༌ཏེ༌ ཨིན༌པིན༌, ཉིན༌ཚན༌ མེད༌པ༌ ངའེ༌ མོས༌ལམ༌མི༌ ནང༌ང༌ ཁྱོ༌རང༌ ཨིད༌ཏུ༌ ཅོའད༌།

Faic an caibideil Dèan lethbhreac

New Testament in Ladakhi Langage

3 تِیمُتھیُس، کھیرانگی پھیا خُدا شُکر جُواد، کھونّگا نگے سیمس لاگمو نیامپو جابستوگ جُواد، کازوگ نگے اتا اپو گونّی جْوس تے اینپین، تشاننین میدپا نگے دُعا گونی نانّگا کھیرانگ ایدتو چواد۔

Faic an caibideil Dèan lethbhreac




تیموتھِی ۲ 1:3
21 Iomraidhean Croise  

ཨ༌ནེ༌མ༌རང༌མོ༌ གྱུར༌ཏེ༌ སྟིང༌ནེ༌ ཁོའེ༌ ཡང༌སྐྱར༌ ན༌མ༌ མ༌ཅོས༌། ཁོ༌ ཆོད༌ཁང༌ནེ༌ མ༌ནེ༌ མ༌བིང༌ང༌, ཚན༌ དང༌ ཉི༌མ༌ དཀོན༌མཆོག༌ག༌ ཅོལ༌ཨིན༌, ཉེ༌ནས༌ ༼ཡང༌ན༌ རོ༌ཟཱ༌༽ དུགས༌ཏེ༌ མོས༌ལམ༌ ཞུའད༌པིན༌། ཏ༌ ཁོའ༌ ལོ༌ 84 ཆའད༌པིན༌,


“ང༌ ཀཱི༌ལི༌ཀི༌ཡཱ༌ ཡུལ༌ཇོངས༌སི༌ ཏར༌སས༌ གྱལ༌ས༌ སྐྱེས༌ཁན༌ནི༌ ཡ༌ཧུ༌དཱ༌པ༌ཞིག༌ ཨིན༌, ཨིན༌ནའང༌ འིན༌ན༌ གྱལ༌སའེ༌ ནང༌ང༌ ལོབ༌བོན༌ གཱ༌མ༌ལི༌ཨེལ༌ནེ༌ ངའ༌ ལོབ༌ཇོང༌ ཐོབ༌ཏེ༌ ཨིན༌། ཁོང༌ངི༌ ལོབ༌ཕྲུགས༌ ཨིན༌པ༌ ང༌ ཡ༌ཧུ༌དཱ༌པའེ༌ ཆོས༌ཁྲིམས༌ དང༌ ལུགས༌སྲོལ༌ གུན༌ སྲུང༌ཅེས༌སི༌ ལོབ༌ཇོང༌ གྱལ༌ལ༌ ཐོབ༌། དཀོན༌མཆོག༌ག༌ ངའེ༌ སྙིང༌ངི༌ ཐིལ༌ནེ༌ ཅེས༌པ༌ ཅོས༌ཁན༌བོ༌ ལག༌ལེན༌ལ༌ ཁྱོངས༌པིན༌, ཀ༌ཟུག༌ དི༌རིང༌ ཁྱོ༌ཞའ༌ ཚང༌མའེ༌ ཅོ༌ཨིན༌ ཨིན༌ནོག༌།


པ༌འུ༌ལུའི༌ ཡ༌ཧུ༌དཱ༌པའེ༌ ཚོགས༌དུའི༌ ཐུས༌མི༌གུན༌ལ༌ ཟིགས༌ཏེ༌ མོལས༌, “ཡ༌ཧུ༌དཱ༌པའེ༌ སྤུན༌གུན༌, དི༌རིང༌ ཚག༌པ༌ ངའེ༌ དཀོན༌མཆོག༌གི༌ སྐུན༌དུན༌ལ༌ སེམས༌ ལག༌མོ༌ ཉམ༌པོ༌ མི༌ཚེ༌ ཕུད༌པིན༌།”


“ངའེ༌ མ༌ཤི༌ཀའེ༌ ལམ༌མི༌ཀ༌ གྲུལ༌ཏེ༌ ང༌ཞའེ༌ ཕ༌མེས༌པོ༌གུན༌ནི༌ དཀོན༌མཆོག༌ག༌ ཅོལ༌ཁན༌བོ༌ དེན༌བ༌ ཡང༌ ལུང༌སྟོན༌པ༌ དང༌ བཀའ༌ཁྲིམས༌སི༌ སྤེ༌ཆ༌གུན༌ནི༌ ནང༌ང༌ བྲིས༌ཏེ༌ ཡོད༌ཁན༌ ཚང༌མའེ༌ཀ༌ ཏད༌པ༌ ཅོའད༌, ཨིན༌ནའང༌ ཁོང༌གུན༌ནི༌ ཏེ༌བོའ༌ མི༌ཐུན༌པའེ༌ ཆོས༌ སྡེ༌ ཟེར༌དུག༌།


ཏེ༌བོའེ༌ཕིའ༌ ངའེ༌ མི༌ ཚང༌མ༌ དང༌ དཀོན༌མཆོག༌གི༌ སྐུན༌དུན༌ལ༌ ང༌རང༌ངི༌ སེམས༌ ལག༌མོ༌ བོར༌ཅེས༌སི༌ རྩོན༌གྲུས༌ ཅོའད༌།”


“ང༌རང༌ངི༌ ཡུལ༌ མ༌ཚད༌ ཡེ༌རུ༌ཤ༌ལེམ༌མི༌ ནང༌ངའང༌, ངའེ༌ ཆུང༌ཏུས༌ནེ༌ ཕར༌ལ༌ ང༌རང༌ངི༌ མི༌ཚེ༌ ཀ༌ཟུག༌ ཚུལ༌ལ༌ ཕུད༌ཁན༌བོ༌ ཡ༌ཧུ༌དཱ༌པ༌ ཚང༌མ༌ གྱལ༌ལ༌ ཅོས༌ཏེ༌ གྱུས༌ཡོད༌།


ངའེ༌ ཞབས༌ཏོག༌ ཞུ༌ཁན༌ དཀོན༌མཆོག༌ ཀ༌བོའེ༌ ང༌ ཨིན༌, ཁོང༌ངི༌ ཕོ༌ཉ༌, དའང༌ ཚན༌ལ༌ ང༌ ཡོད༌ས༌ སྐྱོད༌ཏེ༌


ངའེ༌ ཟེར༌ཁན༌བོ༌ ཀྲང༌པོ༌ ཡང༌ ཟུན༌ ཏངས༌ཏེ༌ མན༌ཁན༌བོའེ༌ སྤང༌པོ༌ མ༌ཤི༌ཀ༌ ཨིན༌། ངའེ༌ སེམས༌ དང༌ ཏམ༌པའེ༌ ཐུག༌ཉིད༌དི༌ ཏེ༌བོ༌ ཏན༌ཏན༌ ཅོའ༌ནོག༌།


ང༌ཞ༌གུན༌ནི༌ ལོ༌ཁྱེལ༌ དང༌ སེམས༌ ལག༌མོ༌ ཉམ༌པོ༌ ཟེར༌ཉན༌ཨིན༌, ང༌ཞ༌གུན༌ འི༌ ཇིག༌རྟེན༌པ༌ ཡང༌ མིག༌སལ༌ལི༌ ཁྱོ༌ཞ༌གུན༌ ཉམ༌པོ༌ དུག༌ ཟ༌ནེ༌, དཀོན༌མཆོག༌གི༌ སལ༌ཁན༌ནི༌ མི༌ཚེ༌ ཏམ༌པ༌ དང༌ ཀྲང༌པོའེ༌ ཚུལ༌ལ༌ པུད༌པིན༌། ང༌ཞ༌གུན༌ མི༌ཤེས༌རབས༌སི༌ཀ༌ མན༌པ༌, དཀོན༌མཆོག༌གི༌ ཐུག༌རྗེའེ༌ཀ༌ རག༌ལས༌ཏེ༌ དུགས༌པིན༌།


ཡ༌ཧུ༌དཱ༌པའེ༌ ཆོས༌སི༌ ནང༌ང༌, ང༌ དང༌ ལོ༌ཅིག༌པ༌ ཞན༌ཡང༌ ཡ༌ཧུ༌དཱ༌པ༌གུན༌ནི༌ སང༌ ངའ༌ མང༌ང༌ ཁས༌པ༌ དང༌ ཐར༌ཁྱེལ༌ ལུས༌པིན༌། ཡང༌ ངའེ༌ ང༌རང༌ངི༌ ཕ༌མེས༌པོ༌གུན༌ནི༌ ལུག༌སྲོལ༌གུན༌ སྲུང༌ཅེས༌ལ༌ སྙིང༌ནེ༌ རྩོན༌གྲུས༌ ཏེ༌གུན༌ནི༌ སང༌ མང༌ང༌ ཅོས༌པིན༌།


ངའེ༌ མོས༌ལམ༌གུན༌ནི༌ ནང༌ང༌ ཁྱོ༌ཞ༌གུན༌ ཨིད༌ཏུ༌ ཅོ༌ཨིན༌ ཏུས༌གྱུན༌ ཁྱོ༌ཞ༌གུན༌ནི༌ ཕིའ༌ དཀོན༌མཆོག༌ག༌ ཐུག༌རྗེ༌ཆེ༌ ཞུའད༌།


ཡང༌ ཁྱོ༌ཞའེ༌ ཏད༌པའེ༌ ནང༌ང༌ སྒོས༌དོམ༌ ལུས༌ཏེ༌ ཡོད༌ཁན༌ ཚང༌མ༌ སྐང༌ཅེས༌ལ༌ ང༌ཞའ༌ ཡང༌སྐྱར༌ ཁྱོ༌ཞ༌གུན༌ དུན༌ལ༌ ཐུག༌ ཅུག༌ག༌ ཛད༌ ཞུ༌ཨིན༌, ང༌ཞའེ༌ ཚན༌ཉིན༌ མེད༌པ༌ དཀོན༌མཆོག༌ག༌ སྙིང༌ངི༌ ཐིལ༌ནེ༌ དོད༌པ༌ སྲན༌ཏྲེ༌ ཉམ༌པོ༌ མོས༌ལམ༌ ཞུའད༌།


མ༌ཤི༌ཀའེ༌ ནང༌ང༌ ཁྱོ༌རང༌ངི༌ ཏད༌པ༌བོ༌ སྟན༌པོ༌ ཐམས༌ཏེ༌ དུག༌, ཡང༌ ཁྱོ༌རང༌ངི༌ སེམས༌ ནོངས༌མེད༌ བོར༌, ཅིའ༌ཟེར༌ན༌ མི༌ ཁ༌ཅིག༌གི༌ འི༌ ལབ༌ཞ༌བོ༌ ཕངས༌པ༌, ཁོང༌གུན༌ནི༌ ཏད༌པ༌བོ༌ ཁྲེས༌ཏོར༌ སོང༌ཏེ༌ ཨིན༌ནོག༌།


ངའེ༌ ལབ༌ཞའེ༌ མིག༌ཞི༌བོ༌ ནི༌ ཏད༌པ༌ ཡོད༌ཁན༌ ཚང༌མ༌ སྙིང༌ ཟང༌པོ༌, སེམས༌ ལག༌མོ༌ དང༌ དེན༌བའེ༌ ཏད༌པ༌ གུན༌ནེ༌ ཡོང༌ཁན༌ནི༌ ཡ༌ཤའེ༌ གངས༌ཅེས༌པོ༌ ཨིན༌།


ཏ༌ ནང༌ཚངས༌ མེད༌པ༌ ཅིག༌པོ༌ ལུས༌ཁན༌ནི༌ བུ༌མོ༌, ཁོ༌རང༌ངི༌ རེ༌ཝ༌ དཀོན༌མཆོག༌གི༌ ནང༌ང༌ བོར༌ཏེ༌, ཉིན༌ཚན༌ མེད༌པ༌ རོགས༌ ཅོའ༌ ཛད༌ ཟེར༌ཏེ༌ མོས༌ལམ༌ ཞུ༌ཁན༌བོ༌ ནི༌ ངོས༌མའེ༌ ཨ༌ནེ༌མ༌རང༌མོ༌ ཨིན༌ནོག༌།


ང༌ ཁྱོ༌རང༌ངི༌ དེན༌བའེ༌ ཏད༌པ༌བོ༌ ཨིད༌ཏུའ༌ ཡོངས༌, ཀ༌བོ༌ སྔུན༌ལ༌ ཁྱོ༌རང༌ངི༌ ཨ༌བི༌ ལུ༌འེས༌ དང༌ ཁྱོ༌རང༌ངི༌ ཨ༌མ༌ ཨེའུ༌ནི༌ཀེ༌ གུན༌ནི༌ ཅོའད༌པིན༌། ཏེན༌ན༌ ཏད༌པ༌བོ༌ ཁྱོ༌རང༌ངི༌ ནང༌ང༌ དག༌སའང༌ ཡོད༌ཅེས༌པོ༌ ང༌ ལོ༌ཁྱེལ༌ རག༌།


ཁྱོ༌རང༌ང༌ ཕྲུ༌གུའི༌ ཏུས༌ནེ༌ ཕར༌ལ༌ ཏམ༌པའེ༌ སུང༌རབས༌སི༌ ནང༌ནེ༌ ལབས༌ཏེ༌ ཨིན༌པིན༌། ཡང༌ ཏེ༌ ལབ༌ཞ༌གུན༌ནི༌ ཁྱོ༌རང༌ང༌ མ༌ཤི༌ཀ༌ ཡེ༌ཤུའི༌ ནང༌ང༌ ཨིད༌ཤེས༌ ཅོ༌ཅེས༌ གྱུད༌ཏེ༌, ཐར༌པ༌ ཐོབ༌ཅེས༌ལ༌ ཤེས༌རབས༌པོ༌ སལ༌ཏེ༌ ཨིན༌།


ཡེ༌ཤུ༌ མ༌ཤི༌ཀ༌ ནི༌ སྔུན༌ལ༌, དག༌ས༌ ཡང༌ ཏུས༌གྱུན༌ གྱུར༌ཇ༌ མེད༌པ༌ ཙོགས༌ ཞུགས༌ཏེ༌ ཨིན༌ནོག༌།


Lean sinn:

Sanasan


Sanasan