Biblia Todo Logo
Bìoball air-loidhne

- Sanasan -




تیموتھِی ۲ 1:13 - Ladakhi

13 ཁྱོ༌རང༌ངི༌ ངའེ༌ ཀ༌ནེ༌ ཚོར༌ཁན༌ ཚང༌མ༌, ལབ༌ཞ༌ ཟང༌པོའེ༌ སྤེ༌ཞིག༌གི༌ ཚུལ༌ལ༌ ཀོལ༌གོ༌ཤེས༌ ཨིན༌ནོག༌། ཁྱོ༌རང༌ང༌ མ༌ཤི༌ཀ༌ ཡེ༌ཤུའི༌ ནང༌ང༌ ཡོད༌ཁན༌ནི༌ ཏད༌པ༌ དང༌ ཅེས༌པ༌ ཉམ༌པོ༌ ཏེ༌གུན༌ ཅོས༌།

Faic an caibideil Dèan lethbhreac

New Testament in Ladakhi Langage

13 کھیرانگی نگے کانے تشورکھان تشانگما، لابجا زانگپوے سپیجیگی تشولّا کولگوشیس اینوگ۔ کھیورانّگا حضرت عیسیٰ مسیح نانّگا یودکھانّی ایمان تانگ چیسپا نیامپو تیگون چوس۔

Faic an caibideil Dèan lethbhreac




تیموتھِی ۲ 1:13
30 Iomraidhean Croise  

ཁྱོ༌ཞའེ༌ སམ༌བ༌ མེད༌ཁན༌ བུང༌བུ༌གུན༌ལ༌ ལབ༌ཞ༌ ཏང༌ཁན༌, ཕྲུ༌གུ༌ ཙོགས༌ ཅོ༌ཁན༌གུན༌ནི༌ ཕིའ༌ གེར༌གན༌ ཨིན༌ སམ༌མ༌ནོག༌, ཅིའ༌ཟེར༌ན༌ ཁྱོ༌ཞ༌གུན༌ནི༌ མོ༌ཟེས༌སི༌ ཁྲིམས༌པོ༌ གྱུད༌ཏེ༌ ཁྱོ༌ཞ༌གུན༌ལ༌ ཡོན༌ཏན༌ དང༌ ཀྲང༌པོ༌ ཚང༌མ༌ ཡོད༌ཏེ༌ ཨིན༌ སམ༌མ༌ནོག༌།


ཁྱོ༌ཞའ༌ སྡིག༌པའེ༌ ཚེ༌ཡོག༌ ཨིན༌པིན༌, ཨིན༌ནའང༌ ཏ༌ ཁྱོ༌ཞ༌གུན༌ནི༌ ང༌ཞའེ༌ ལབ༌ཞ༌ ཏང༌ཁན༌གུན༌ནི༌ཀ༌ སེམས༌ གང༌པོ༌ནེ༌ ཁའ༌ཉན༌ཅེས༌པོའེ༌ཀ༌ ངའེ༌ དཀོན༌མཆོག༌ག༌ ཐུག༌རྗེ༌ཆེ༌ ཞུའད༌།


ཚང༌མའེ༌སང༌ ཁག༌ཅན༌བོ༌, ཁྱོ༌ཞ༌གུན༌ནི༌ མ༌ཤི༌ཀའེ༌ གའ༌མོའེ༌ ནས༌ཚུལ༌ལི༌ ཕིའ༌ འོས༌པ༌ཅན༌ནི༌ མི༌ཚེ༌ཞིག༌ ཕུད༌གོ༌ཤེས༌ ཨིན༌ནོག༌། ང༌ ཁྱོ༌ཞ༌གུན༌ ཡོད༌ས༌ ཡོངས༌ཏེ༌ ཐོང༌ཨིན༌ ཡ༌ ང༌ ཁྱོ༌ཞ༌གུན༌ནི༌ སྐོར༌ལ༌ ཚོར༌ཨིན༌, གའ༌མོའེ༌ ནས༌ཚུལ༌ལི༌ ལོན༌བོའེ༌ ཕིའ༌, ཁྱོ༌ཞ༌གུན༌ སེམས༌སི༌ ནང༌ང༌ ཅིག༌གྲིལ༌ སོང༌ཏེ༌ མག༌མི༌ ཅིག༌གི༌ ཚུལ༌ལ༌ ནོལ༌ཨིན༌ དུག༌ཅེས༌པོ༌ ང༌ གྱུས༌ཆེན༌།


ཁྱོ༌ཞ༌གུན༌ནི༌ ངའེ༌ ཀ༌ནེ༌ ལོབས༌ཁན༌, ཡ༌ ཐོབ༌ཁན༌, ཡ༌ ཚོར༌ཁན༌, ཡ༌ ངའེ༌ ཅོའ༌ལ༌ ཐོང༌ཁན༌གུན༌ ལག༌ལེན༌ནི༌ ནང༌ང༌ ཁྱོང༌ཤིག༌, ཏེ༌ནེ༌ ཞི༌དེ༌ དཀོན༌མཆོག༌ ཁྱོ༌ཞ༌གུན༌ ཉམ༌པོ༌ ཞུགས༌ཨིན༌།


ཅིའ༌ཞུ༌ན༌ ཁྱོ༌ཞ༌གུན༌ནི༌ ཡེ༌ཤུ༌ མ༌ཤི༌ཀའེ༌ཀ༌ ཏད༌པ༌ དང༌ དཀོན༌མཆོག༌གི༌ ཏམ༌པ༌ མི༌ཚང༌མ༌ ཉམ༌པོ༌ ཅམས༌པ༌ ཅོ༌ཅེས༌པོ༌ ང༌ཞའེ༌ ཚོར༌།


ལུང༌སྟན༌ ཚང༌མ༌ལ༌ སྟག༌ཅད༌ ཅོ༌ཤིག༌། དེན༌བའེ༌ ལུང༌སྟན༌གུན༌ནི༌ཀ༌ སྟན༌པོ༌ ཐམས༌ཏེ༌ དུག༌ཤིག༌།


བཀའ༌ཁྲིམས༌པོ༌ ལུས༌བྲེལ༌ ངན༌པ༌ ཅོ༌ཁན༌, བུ༌ཚ༌ དང༌ བུ༌ཚའེ༌ པར༌ལ༌ ཡ༌ བུ༌མོ༌ དང༌ བུ༌མོའེ༌ པར༌ལ༌ ལུས༌བྲེལ༌ ཅོ༌ཁན༌གུན༌, ཚེ༌ཡོག༌གི༌ ཕིའ༌ མི༌གུན༌ ཙོང༌ཁན༌, ཟུན༌ཇན༌, ཁྲིམས༌ཁུང༌ངི༌ ནང༌ང༌ སྤང༌པོ༌ ཟུན༌བ༌ ཏང༌ཁན༌ དང༌ ལབ༌ཞ༌ ཟང༌པོའེ༌ གྱབ༌གལ༌ ཅོ༌ཁན༌གུན༌ནི༌ ཕིའ༌ ཨིན༌ནོག༌།


འོ༌, ང༌དང༌གུན༌ནི༌ གཙོ༌བོ༌, ཙམ༌ཤིག༌གི༌ སྙིང༌ ཕེས༌ཏེ༌ སལ༌ཁན༌ དང༌ ཐུག༌རྗེ༌ཅན༌ཞིག༌ ཞུགས༌ཏེ༌ མི༌རུག༌། ཁོང༌ངི༌, ངའ༌ མ༌ཤི༌ཀ༌ ཡེ༌ཤུ༌ནེ༌ ཇུང༌ཁན༌ནི༌ ཏད༌པ༌ དང༌ ཅེས༌པའེ༌ སྐང༌ང༌ ཛདས༌།


མི༌ ཁ༌ཅིག༌གི༌ ང༌ཏི༌ ལབ༌ཞ༌གུན༌ལ༌ གྱབ༌གལ༌ ཅོ༌སྲིད༌ཅེས༌ ཨིན༌ནོག༌། ཨིན༌ནའང༌ འི༌གུན༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ ལབ༌ཞ༌ ཟང༌པོ༌གུན༌ ཨིན༌ནོག༌, ཀ༌བོའེ༌ ང༌དང༌གུན༌ལ༌ དཀོན༌མཆོག༌གི༌ ལམ༌མི༌ ནང༌ང༌ ལྡན༌ ཅུག༌ག༌ནོག༌།


འི༌ ཨི༌གེ༌བོ༌ དཀོན༌མཆོག༌གི༌ ཐུག༌གོངས༌ ནང༌ཞིན༌, མ༌ཤི༌ཀ༌ ཡེ༌ཤུའི༌ སྐུ༌ཚབས༌ལ༌ ལྡམ༌མ༌ ཛད༌ཁན༌ནི༌ ང༌ པ༌འུ༌ལུའི༌ ཆོགས༌ནེ༌ ཨིན༌། མ༌ཤི༌ཀ༌ ཡེ༌ཤུའི༌ ནང༌ང༌ ཏད༌པ༌ གྱུད༌ཏེ༌, ཐའ༌མེད༌པའེ༌ མི༌ཚེ༌ སལ༌ཅེས༌སི༌ ཁོང༌ངི༌ ཞལ༌ཆད༌པོའེ༌ སྐོར༌ལ༌ ཤད༌ཅེས༌ལ༌, ང༌ ཀལ༌ལ༌ ཛད༌ཏེ༌ ཨིན༌།


ཡང༌ ང༌དང༌ངི༌ ནང༌ང༌ ཡོད༌ཁན༌ནི༌ ཏམ༌པའེ༌ ཐུག༌ཉིད༌དི༌ རོགས༌ གྱུད༌ཏེ༌, དཀོན༌མཆོག༌གི༌ ཁྱོ༌རང༌ངི༌ ལག༌ག༌ སྟད༌ད༌ ཛད༌ཁན༌ནི༌ རིན༌ཅན༌ དེན༌བ༌གུན༌ལ༌ གྱལ༌ལ༌ ཅོས༌ཏེ༌ སྲུང༌སྐྱོབ༌ ཅོ༌གོས༌།


ངའེ༌ མི༌ མང༌པོའེ༌ དུན༌ལ༌ ལབ༌ཞ༌ ཏང༌ཁན༌གུན༌ ཁྱོ༌རང༌ངི༌ ཚོར༌ཏེ༌ ཨིན༌ནོག༌, ཏ༌ ཏེ༌ ལབ༌ཞ༌གུན༌ ཁྱོ༌རང༌ངི༌ ཨིད༌ཤེས༌ཅན༌ནི༌ མི༌གུན༌ལ༌ ལབ༌གོས༌, ཏེ༌ནེ༌ ཞན༌མའ༌ ཤད༌ཅེས༌སི༌ ལོབ༌ཇོང༌ ཁོང༌གུན༌ལ༌ ཐོབ༌ཨིན༌།


ཨིན༌ནའང༌ ཁྱོ༌རང༌ང༌ ལབ༌ཞའ༌ ཐོབ༌ཁན༌གུན༌ནི༌ཀ༌ སྟན༌པོ༌ དུགས༌ཏེ༌ ཏེ༌གུན༌ དེན༌བ༌ ཨིན༌ཁན༌བོ༌ ཏད༌པ༌ ཅོས༌, ཅིའ༌ཟེར༌ན༌ ཁྱོ༌རང༌ང༌ ཏེ༌ ལབ༌ཁན༌ནི༌ མི༌གུན༌ ཨིད༌ཤེས༌ཅན༌ ཨིན༌ཁན༌བོ༌ གྱུས༌ཨིན༌ནོག༌།


ཏེ༌ཟུག༌ ཏུས༌ཤིག༌ ལེབ༌ཨིན༌, མི༌གུན༌ནི༌ དེན༌བ༌ དང༌ ཟང༌པོའེ༌ ལབ༌ཞ༌ གུན༌ལ༌ མ༌ཉན༌ན༌, ཁོ༌རང༌གུན༌ནི༌ དོད༌པའེ༌ གྱབ༌ནེ༌ གྲུལ༌ཨིན༌ ཡང༌ ཁོང༌ངི༌ ནམ༌ཅོག༌གི༌ ཉན༌ཉིན༌ གྲོ༌ཁན༌གུན༌ ཤད༌ཁན༌ནི༌ གེར༌གན༌ རིག༌ ཙལ༌ཨིན༌།


ལབ༌ཁན༌ནི༌ ཨིད༌ཤེས༌ཅན༌ནི༌ ལོན༌ནི༌ཀ༌ ཁོའ༌ མ༌སྲན༌ཏྲེ༌ ཏད༌པ༌ ཡོང༌གོས༌, ཏེ༌ནེ༌ ཁོའེ༌ ཞན༌མ༌གུན༌ལ༌ དེན༌བའེ༌ ལབ༌ཞ༌ ཉམ༌པོ༌ སྤོས༌པ༌ སྐྱེ༌ཅུག༌ ཉན༌ཨིན༌, ཡང༌ ཏེ༌བོའེ༌ གྱབ༌གལ༌ ཅོ༌ཁན༌གུན༌ལ༌ ནོར༌ཏེ༌ ཨིན༌ཁན༌བོ༌ སྟན༌ ཐུབ༌ཨིན༌།


ཨིན༌ནའང༌ ཁྱོ༌རང༌ངི༌ དེན༌བའེ༌ ལབ༌ཞ༌ ནང༌ཞིན༌ལ༌ ལབ༌གོས༌།


ཁྱོ༌རང༌ངི༌ ལབ༌ཁན༌བོའ༌ སྐྱོན༌རྗོད༌ མི༌ཡོང༌ཅེས༌སི༌ ཕིའ༌, དེན༌བ༌བོ༌ ལོབ༌། ཏེ༌ནེ༌ ང༌དང༌གུན༌ལ༌ གྱབ༌གལ༌ ཅོ༌ཁན༌གུན༌ ཁྲེལ༌བ༌ སོང༌ཏེ༌ ང༌དང༌གུན༌ལ༌ ཅའང༌ ངན༌པ༌ ཟེར༌ མི༌ཉན༌།


ཏེ༌ནེ༌ སྤང༌པོ༌ ཏང༌ཁན༌ནི༌ ང༌དང༌ངི༌ རེ༌ཝ༌བོའེ༌ཀ༌ ཐེ༌ཚོམས༌ མེད༌པ༌ སྟན༌པོ༌ ཐམས༌ཏེ༌ དུག༌ཨིན༌། ཅིའ༌ཞུ༌ན༌ དཀོན༌མཆོག༌ ནི༌, ཞལ༌ཆད༌ ཛད༌ཁན༌བོ༌ གྲུབ༌ ཅུག༌ག༌ ཛད༌ཅེས༌སི༌ ནང༌ང༌ ཨིད༌ཤེས༌ཅན༌ ཞུགས༌ཏེ༌ ཨིན༌ནོག༌།


ཨིན༌ནའང༌ མ༌ཤི༌ཀ༌ དཀོན༌མཆོག༌གི༌ སྲས༌ ཨིན༌ པ༌སང༌, ཁོང༌ དཀོན༌མཆོག༌གི༌ ཁང༌པ༌ གང༌པོའེ༌ ཁག༌ཁུར༌བོ༌ ཞུགས༌ཏེ༌ ཨིན༌ནོག༌། ཡང༌ ཀལ༌ཏེས༌ ང༌དང༌གུན༌ནི༌ སྤོས༌པ༌ དང༌ མ༌ཤི༌ཀའེ༌ ནང༌ང༌ རེ༌ཝ༌ གུན༌ སྟན༌པོ༌ བོར༌ན༌, ཏེ༌ནེ༌ ང༌དང༌གུན༌ དཀོན༌མཆོག༌གི༌ ཁང༌པ༌བོ༌ ཨིན༌ནོག༌།


ཏེ༌ནེ༌ ང༌དང༌གུན༌ལ༌ ནམ༌ཁའེ༌ ནང༌ང༌ ཞུགས༌ཁན༌ དཀོན༌མཆོག༌གི༌ སྲས༌ ཡེ༌ཤུ༌, བླ༌མ༌ ཆེན༌མོ༌ ཀྲག༌པོ༌ཞིག༌ ཡོད༌ པ༌སང༌, ང༌དང༌ངི༌ ཏད༌པའེ༌ སྤང༌པོ༌ ཏང༌ཁན༌བོའེ༌ཀ༌ སྟན༌པོ༌ ཐམས༌ཏེ༌ དུག༌ཤིག༌།


ཅེས༌པའེ༌ སྤུན༌གུན༌, ཞན༌ཏ༌ ང༌ ཁྱོ༌ཞ༌གུན༌ལ༌ ང༌དང༌ ཚང༌མའ༌ ཐོབ༌ཅེས༌སི༌ ཐར༌པའེ༌ སྐོར༌ལ༌ བྲི༌ཅེས༌ལ༌ རིངས༌ཨིན༌ ཡོད༌, ཨིན༌ནའང༌ ངའེ༌ ཁྱོ༌ཞ༌གུན༌ལ༌ དཀོན༌མཆོག༌གི༌ ལན༌ཅིག༌ ཏུས༌གྱུན༌ནི༌ ཕིའ༌ ཁོང༌ངི༌ ཏམ༌པ༌ མི༌གུན༌ནི༌ ལག༌ག༌ སྟད༌ད༌ ཛད༌ཁན༌ནི༌ ཏད༌པའེ༌ ནང༌ང༌ སྟན༌པོ༌ དུག༌ཅེས༌ལ༌ སྤོས༌པ༌ ཏང༌ཨིན༌ བྲི༌གོ༌ཤེས༌པོ༌ ཁག༌ཅན༌ སམ༌མ༌རག༌།


ང༌ མ༌ གྱོགས༌པ༌ ཡོང༌ཨིན༌; ཁྱོ༌ཞ༌གུན༌ནི༌ ཐོར༌ཤོག༌པོ༌ སུ༌ཞིག༌གིའང༌ ཀོགས༌ཏེ༌ ཁྱེར༌ མི༌ཉན༌ཅེས༌ལ༌ རང༌ངི༌ ཏད༌པ༌བོ༌ སྲན༌ཏྲེ༌ ཟུམས༌ཏེ༌ བོར༌ཤིག༌།


ཨིད༌ཏུ༌ ཅོ༌ཤིག༌, ཁྱོ༌ཞ༌གུན༌ལ༌ ཐོབ༌ཏེ༌ ཡང༌ ཚོར༌ཏེ༌ ཨིན༌ཁན༌ནི༌ ལབ༌ཞ༌བོའེ༌ཀ༌ ལག༌ལེན༌ ཅོས༌, ཡང༌ གྱོད༌པ༌ ཅོས༌། ཀལ༌ཏེས༌ ཁྱོ༌ཞ༌གུན༌ ཉིད༌ མ༌ཚད༌ན༌, ང༌ ཧུན༌མེད༌ལ༌ རྐུན༌མ༌ ཙོགས༌ལ༌ ཁྱོ༌ཞའ༌ ཆད༌པ༌ ཅད༌ད༌ ཡོང༌ཨིན༌, ཨིན༌ནའང༌ ཏེ༌ཏུས༌པོ༌ ཁྱོ༌ཞའ༌ གྱུས༌ མི༌ཆའ༌།


Lean sinn:

Sanasan


Sanasan