Biblia Todo Logo
Bìoball air-loidhne

- Sanasan -




تیموتھِی ۱ 2:4 - Ladakhi

4 མི༌ཚང༌མ༌ སྐྱོབ༌ཅེས༌ དང༌ དཀོན༌མཆོག༌གི༌ དེན༌བ༌ ཤེ༌ཤེས༌པོ༌ ཁོང༌ངི༌ ཐུགས༌དོད༌ ཨིན༌ནོག༌།

Faic an caibideil Dèan lethbhreac

New Testament in Ladakhi Langage

4 میتشانگما سکیوبچیس تانگ خُدے لدینبا شیشیسپو کھونگی تھوگسدود اینوگ۔

Faic an caibideil Dèan lethbhreac




تیموتھِی ۱ 2:4
32 Iomraidhean Croise  

ཏེ༌བོའེ༌ཕིའ༌ གྱལ༌ཁམས༌ ཚང༌མའེ༌ ནང༌ང༌ སོང༌ཏེ༌ མི༌གུན༌ ངའེ༌ ལོབ༌ཕྲུགས༌ གྱུར༌ཅུག༌ཅེས༌ལ༌ རྩོན༌གྲུས༌ ཅོས༌ཏེ༌ ཁོང༌གུན༌ལ༌ ཡབ༌, སྲས༌ དང༌ ཏམ༌པའེ༌ ཐུག༌ཉིད༌དི༌ ཚན༌ནི༌ ནང༌ང༌ ཁྲུས༌ ཏོང༌།


ཡེ༌ཤུའི༌ ཁོང༌གུན༌ལ༌ མོལས༌, “ཇིག༌རྟེན༌ གང༌པོའེ༌ ནང༌ང༌ སོང༌ཏེ༌ མི༌ཚང༌མ༌ལ༌ གའ༌མོའེ༌ ནས༌ཚུལ༌བོ༌ ཤོད༌།


མི༌གུན༌ནི༌ སྡིག༌པ༌གུན༌ལ༌ ཤགས༌པ༌ ཛད༌ཅེས༌པོ༌ གྱུད༌ཏེ༌ ཁྱོ༌རང༌ངི༌ གཙོ༌བོའེ༌ མི༌གུན༌ལ༌ ཐར༌པ༌ ཐོབ༌ཅེས༌སི༌ ལམ༌བོ༌ སྟན༌ཨིན༌།


ཏེ༌ནེ༌ སྤོན༌བོའེ༌ ཡོག༌པོ༌བོའ༌ ཟེརས༌, ‘ངའེ༌ ཁང༌པ༌ གང༌ཅུག༌ཅེས༌ལ༌ གྲོང༌ཁྱེར༌ནེ༌ ཕི༌ལོག༌གི༌ ལམ༌ དང༌ སྲང༌ གུན༌ལ༌ སོང༌ཏེ༌ ཏེ༌རུ༌ ཡོད༌ཁན༌གུན༌ བོད༌ཏེ༌ ཁྱོང༌།


ཡེ༌རུ༌ཤ༌ལེམ༌ནེ༌ གོ༌ཟུགས༌ཏེ༌ གྱལ༌ཁམས༌ ཚང༌མའེ༌ ནང༌ང༌ སྡིག༌པ༌ནེ༌ གྱོད༌པ༌ ཅོ༌ཅེས༌ དང༌ སྡིག༌པ༌ སེལ༌ཅེས༌སི༌ ཕིའ༌ ཁོང༌ངི༌ ཚན༌ནི༌ ནང༌ང༌ ཆོས༌ཤད༌ཨིན༌།’


ཡེ༌ཤུའི༌ མོལས༌, “ང༌ ནི༌ ལམ༌བོ༌, དེན༌བ༌བོ༌ དང༌ ཚེ༌བོ༌ ཨིན༌, ང༌ ཅིག༌པོ༌ གྱུད༌ཏེ༌ མ༌ནེ༌ སུ༌ཞིག༌གའང༌ ཡབ༌བི༌ སྐུན༌དུན༌ལ༌ མི༌ལེབ༌།


ཉེ༌རང༌ངི༌ བཀའ༌ དེན༌བ༌ ཨིན༌ནོག༌ ཏེན༌ན༌ དེན༌བ༌བོ༌ ཉམ༌པོ༌ ཁོང༌གུན༌ རྩང༌མ༌ ཅོའ༌ ཛད༌།


ཡབ༌བི༌ ང༌ སལ༌ལ༌ ཛད༌ཁན༌ ཚང༌མ༌ ངའེ༌ཀ༌ ཡོང༌ཨིན༌, ཡང༌ ངའེ༌ཀ༌ ཡོང༌ཁན༌གུན༌ ངའེ༌ མ༌ནེ༌ མི༌ཕང༌།


ཨིན༌ནའང༌ ངའེ༌ ལས༌པོའེ༌, ཨིས༌ར༌ཨེལ༌པ༌གུན༌ལ༌ ཁྱོ༌ཞའ༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ལ༌ ཡོད༌ཁན༌བོའེ༌ཀ༌ ཚིག༌ཅེས༌ ཡོང༌ཅུགས༌ཏེ༌ ཁོང༌ ཁ༌ཅིག༌གའང༌ སྐྱོབ༌ཉན༌ཅེས༌སི༌ ངའེ༌ རེ༌ཝ༌ ཨིན༌།


ཏེན༌ན༌བོའེ༌ཕིའ༌ ང༌དང༌གུན༌ནི༌ རྩོན༌གྲུས༌ ཅོས༌ཏེ༌ བར༌དོ༌ ཁུར༌ར༌ནོག༌, ཅིའ༌ཟེར༌ན༌ ང༌དང༌གུན༌ནི༌ རེ༌ཝ༌བོ༌ ནི༌, སོན༌པོ༌ དཀོན༌མཆོག༌གི༌ ནང༌ང༌ ཡོད༌ཏེ༌ ཨིན༌ནོག༌, ཀ༌བོ༌ མི༌ཚང༌མ༌ དང༌ མིག༌སལ༌ལི༌ ཏད༌པ༌ཅན༌གུན༌ སྐྱོབ༌ཁན༌བོ༌ ཞུགས༌ཏེ༌ ཨིན༌།


པས༌མོ༌ ཉམ༌པོ༌ གྱབ༌གལ༌ ཅོ༌ཁན༌གུན༌ལ༌ ལབ༌ཞ༌ ཏོང༌། ཅི༌གྱུས༌, དཀོན༌མཆོག༌གི༌ ཁོང༌གུན༌ནི༌ སྙིང༌གུན༌ གྱུར༌ ཅུག༌ག༌ ཛད༌ཏེ༌ དེན༌བའེ༌ ལབ༌ཞའེ༌ གྱབ༌ནེ༌ གྲུལ༌ཅེས༌ལ༌ སྐབས༌ སལ༌སྲིད༌ཅེས༌ ཨིན༌ནོག༌།


༼ཏེ༌ཙོགས༌སི༌ བུ༌མོ༌གུན༌ ཏུས༌གྱུན༌ ལབ༌ཞ༌ སོ༌མ༌ རིག༌གི༌ སྟིང༌རང༌ནེ༌ ཆའ༌ནོག༌, ཨིན༌ནའང༌ ཁོང༌གུན༌ལ༌ དེན༌བ༌བོ༌ མ༌ནེ༌ ཧ༌གོ༌ ཐུབ༌བ༌ མ༌ནོག༌།༽


འི༌ ཨི༌གེ༌བོ༌ ང༌ པ༌འུ༌ལུའི༌ ཆོགས༌ནེ༌ ཨིན༌། ང༌ ནི༌ དཀོན༌མཆོག༌གི༌ ཞབས༌ཏོག༌པ༌ དང༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ སྐུ༌ཚབས༌ ཨིན༌། དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌གུན༌ལ༌, མ༌ཤི༌ཀའེ༌ ནང༌ང༌ ཨིད༌ཤེས༌ ཅོ༌ཅེས༌པོ༌ ཤད༌ཅེས༌ དང༌ དཀོན༌མཆོག༌གི༌ ལམ༌མི༌ཀ༌ གྲུལ༌ཨིན༌ མི༌ཚེ༌ ཕུད༌ཅེས༌སི༌ དེན༌བ༌བོ༌, ཤེ༌ཤེས༌ ལབ༌བ༌ལ༌ ང༌ ལམ༌ཅུགས༌།


མི༌ཚང༌མ༌ལ༌ ཐར༌པའེ༌ ལམ༌ སལ༌ལ༌ ཛད༌ཏེ༌ དཀོན༌མཆོག༌གི༌ ཁོང༌རང༌ངི༌ ཐུག༌རྗེ༌བོ༌ སྔོན༌ ཅུག༌ག༌ ཛདས༌།


ཅེས༌པའེ༌ ཛ༌འོ༌གུན༌, ཀལ༌ཏེས༌ ང༌དང༌གུན༌ལ༌ དེན༌བའེ༌ ཡོན༌ཏན༌ ཐོབས༌ཏེ༌ སྟིང༌ནེ༌, མིང༌ནའང༌ སྡིག༌པ༌གུན༌ ཅོ༌ཨིན༌ དུག༌ན༌, ཏེ༌ནེ༌ ཏེ༌གུན༌ལ༌ ཤགས༌པ༌ ཐོབ༌ཅེས༌ལ༌ ཕུལ༌ཅེས༌སི༌ སྲོག༌གི༌ ཆོད༌པ༌ཞིག༌ མེད༌པ༌ ཨིན༌ནོག༌།


ཨིན༌ནའང༌ ཀལ༌ཏེས༌ ཁྱོ༌ཞའེ༌ སེམས༌སི༌ ནང༌ང༌ སྲན༌ཏྲེ༌ ཚིགས༌ཅེས༌ དང༌ རང༌དོད༌ ཡོད༌ན༌, ཤེས༌རབས༌ཅན༌ སྟན༌ཨིན༌ རང༌སྟོད༌ ཏངས༌ཏེ༌ དཀོན༌མཆོག༌གི༌ དེན༌བའེ༌ ལབ༌ཞའེ༌ གྱབ༌གལ༌ མ༌ཅོ༌།


མི༌ ཁ༌ཅིག༌གི༌ གཙོ༌བོ༌ ཁོང༌རང༌ ལོགས༌ཏེ༌ ཕེབ༌ཅེས༌སི༌ ཞལ༌ཆད༌པོ༌, གོར༌ཏེ༌ ཨིན༌ནོག༌ སམ༌དུག༌, ཨིན༌ནའང༌ ངོས༌པོའ༌ ཁོང༌ གོར༌ཏེ༌ མ༌ནོག༌, ཅིའ༌ཟེར༌ན༌ ཁོང༌ངི༌ ཁྱོ༌ཞ༌གུན༌ནི༌ ཕིའ༌ ཟོད༌པ༌ ཛད༌ཏེ༌ ཨིན༌ནོག༌། ཁོང༌ངི༌ སུ༌ཞིག༌གའང༌ མེད༌ཁན༌ ཅོའ༌ མ༌ཛད༌ད༌, མི༌ཚང༌མའེ༌ གྱོད༌པ༌ ཅོ༌ཅེས༌སི༌ དོད༌པ༌ ཛད༌ད༌ནོག༌།


ང༌ ཆོས༌ཚོགས༌སི༌ ལམ༌སྟོན༌པའེ༌, དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌ནི༌ བུ༌མོ༌ དང༌ ཁོའེ༌ ཕྲུ༌གུ༌གུན༌ལ༌ བྲིའད༌། ཁྱོ༌རང༌གུན༌ལ༌ ངའེ༌ དེན༌བའ༌ ཅེས༌པ༌ ཅོའད༌, ཡང༌ ང༌ ཅིག༌པོ༌ མན༌པ༌ དེན༌བའེ༌ ལབ༌ཞ༌གུན༌ གྱུས༌ཡོད༌ཁན༌ནི༌ སྤུན༌གུན༌ནིའང༌,


ཏེ༌ནེ༌ ངའེ༌ ནམ༌མི༌ སྐྱིལ༌ལ༌ འུར༌ཨིན༌ ཡོད༌ཁན༌ནི༌ ཞན༌ ཕོ༌ཉ༌ཞིག༌ ཐོང༌། ཁོའེ༌ ཐའ༌ མ༌ནེ༌ མེད༌ཁན༌ནི༌ གའ༌མོའེ༌ ནས༌ཚུལ༌བོ༌, ཇིག༌རྟེན༌པ༌ ཚང༌མའ༌ ཤད༌དུག༌ ཀ༌བོ༌ གྱལ༌ཁམས༌, མི༌རིགས༌, སྐད༌རིགས༌ དང༌ མི༌གུན༌ ཨིན༌ནོག༌།


Lean sinn:

Sanasan


Sanasan