Biblia Todo Logo
Bìoball air-loidhne

- Sanasan -




تیموتھِی ۱ 1:16 - Ladakhi

16 ཨིན༌ནའང༌ མ༌ཤི༌ཀ༌ ཡེ༌ཤུའི༌ ཁོང༌རང༌ངི༌ ཟོད༌སེམས༌ ཆེན༌མོའེ༌ སྤེ༌ཞིག༌གི༌ ཚུལ༌ལ༌ ངའ༌, སྡིག༌ཅན༌ ཐུ༌ཤོག༌པོ༌ ཀོལ༌ལ༌ ཛད༌ཅེས༌སི༌ ཕིའ༌ དཀོན༌མཆོག༌གི༌ ངའེ༌ཀ༌ སྙིང༌རྗེ༌ སྐྱེའ༌ ཛདས༌། ཏེ༌ སྤེ༌བོའེ༌ ཡེ༌ཤུའི༌ཀ༌ ཏད༌པ༌ ཅོ༌ན༌, ཐའ༌མེད༌པའེ༌ མི༌ཚེ༌ ཐོབ༌ཐུབ༌ཅེས༌པོ༌ ཞན༌མ༌གུན༌ལ༌ ཧ༌གོ༌ཐུབ༌ཨིན༌།

Faic an caibideil Dèan lethbhreac

New Testament in Ladakhi Langage

16 اِین نانگ حضرت عیسیٰ مسیح کھونگرانگی زودسیمس چھینموے سپیجیگی تشولّا نگا، دِیگپاچان تھوشوگپو کولّا زادچیسّی پھیا خُدے نگیکا سنینگرجے سکییا زادس۔ تے سپیبوے حضرت عیسیٰ سی یکا ایمان چونا، تھامیدپے میتشے تھوبتھوبچیسپو جانماگونلا ہاگوتھوباین۔

Faic an caibideil Dèan lethbhreac




تیموتھِی ۱ 1:16
37 Iomraidhean Croise  

མོ༌ཟེས༌སི༌ གྱོགས༌པ༌ སའེ༌ཀ༌ གོ༌ སྒུས༌ཏེ༌ ཁོང༌ང༌ ཅོལས༌


ངའེ༌ ཁྱོ༌ཞའ༌ ཟེར༌རད༌, ཏེན༌ན༌ ཙོགས༌ལ༌ གྱོད༌པ༌ ཅོ༌ཁན༌ནི༌ སྡིག༌ཅན༌ ཅིག༌གི༌ ཕིའ༌ དཀོན༌མཆོག༌གི༌ ཕོ༌ཉ༌གུན༌ནིའང༌ གའ༌མོ༌ ཅོ༌ཨིན༌།”


ཡེ༌ཤུའི༌ ལན༌སལས༌, “ངའེ༌ ཁྱོ༌རང༌ང༌ དེན༌བ༌ ཟེར༌རད༌, དི༌རིང༌ ཁྱོ༌རང༌ ང༌ ཉམ༌པོ༌ ནམ༌ཁའེ༌ ནང༌ང༌ ལེབ༌ཨིན༌།”


“ངའེ༌ ཁྱོ༌རང༌ང༌ ཟེར༌རད༌, འི༌ བུ༌མོའེ༌ སྡིག༌པ༌ ཅོ༌ཁན༌ མང༌པོའ༌ ཤགས༌པ༌ ཏངས༌པ༌, ཁོའེ༌ ཅེས༌པ༌ མང༌པོ༌ ཅོས༌། ཨིན༌ནའང༌ སྡིག༌པ༌ ཉུ༌ངུན༌ ཅོ༌ཁན༌ནི༌ སྡིག༌པ༌ ཤགས༌པ༌ ཏང༌ཁན༌བོའེ༌ ཅམས༌པ༌ ཉུ༌ངུན༌ ཅོས༌།”


ཨིན༌ནའང༌ ཁྱོ༌ཞ༌གུན༌ནི༌ ཡེ༌ཤུ༌ ཁོང༌རང༌ དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌ནི༌ མ༌ཤི༌ཀ༌ ཡང༌ དཀོན༌མཆོག༌གི༌ སྲས༌ ཨིན༌ཁན༌བོའེ༌ཀ༌ ཏད༌པ༌ ཅོ༌ཅེས༌སི༌ ཕིའ༌ ངའེ༌ འི༌གུན༌ བྲིས༌ཏེ༌ ཨིན༌, ཡང༌ ཏེ༌བོའ༌ ཏད༌པ༌ ཅོ༌ཅེས༌པོའེ༌ ཁྱོ༌ཞ༌གུན༌ལ༌ ཁོང༌ངི༌ ཝང༌ གྱུད༌ཏེ༌ ཐའ༌མེད༌པའེ༌ མི༌ཚེ༌ ཐོབ༌ཨིན༌།


སྲས༌སི༌ཀ༌ ཏད༌པ༌ ཁྱོང༌ཁན༌གུན༌ལ༌ ཐའ༌མེད༌པའེ༌ མི༌ཚེ༌བོ༌ ཐོབ༌ ཚར༌ཏེ༌ ཨིན༌ནོག༌། ཨིན༌ནའང༌ སྲས༌སི༌ཀ༌ ཏད༌པ༌ མ༌ཅོའ༌ ཁའ༌ མ༌ཉན༌ཁན༌གུན༌ལ༌ ཏེ༌ མི༌ཚེ༌བོ༌ མ༌ནེ༌ མི༌ཐོབ༌, ཡང༌ དཀོན༌མཆོག༌གི༌ ཐུགས༌སྲོ༌ ཁོང༌གུན༌ནི༌ཀ༌ ལུས༌ཨིན༌།”


“ངའེ༌ ཁྱོ༌ཞའ༌ དེན༌བ༌ དེན༌བ༌ ཟེར༌རད༌, ངའེ༌ ལོན༌གུན༌ལ༌ ཉན༌ཏེ༌ ང༌ ཀལ༌ཁན༌ནི༌ དཀོན༌མཆོག༌གི༌ཀ༌ ཏད༌པ༌ ཁྱོང༌ཁན༌གུན༌ལ༌ ཐའ༌མེད༌པའེ༌ མི༌ཚེ༌ ཡོད༌, ཡང༌ ཁོང༌གུན༌ནི༌ སྡིག༌པ༌གུན༌ལ༌ ཆད༌པ༌ མི༌ཕོག༌། ཁོང༌གུན༌ ཤི༌ཅེས༌ནེ༌ ཐར༌ཏེ༌ ཐའ༌མེད༌པའེ༌ མི༌ཚེ༌ ནང༌ང༌ ལེབས༌ཏེ༌ ཨིན༌ནོག༌།”


ཡབ༌བི༌ ང༌ སལ༌ལ༌ ཛད༌ཁན༌ ཚང༌མ༌ ངའེ༌ཀ༌ ཡོང༌ཨིན༌, ཡང༌ ངའེ༌ཀ༌ ཡོང༌ཁན༌གུན༌ ངའེ༌ མ༌ནེ༌ མི༌ཕང༌།


འོ༌ན༌ ངའེ༌ ཡབ༌བི༌ ཐུག༌གོངས༌ ནི༌, སྲས༌ ཐོང༌ཏེ༌ ཏད༌པ༌ ཅོ༌ཁན༌ ཚང༌མ༌ལ༌ ཐའ༌མེད༌པའེ༌ མི༌ཚེ༌ ཐོབ༌ཅེས༌ ཡང༌ ངའེ༌ ཁོང༌གུན༌ ཐའ༌མའེ༌ ཞག༌ག༌ སོན༌ཏེའ༌ ལང༌ཅེས༌པོ༌ ཨིན༌།”


ངའེ༌ ཤ༌ ཟོས༌ཏེ༌ ངའེ༌ ཁྲག༌ ཐུང༌ཁན༌གུན༌ལ༌ ཐའ༌མེད༌པའེ༌ མི༌ཚེ༌ ཡོད༌། ཐའ༌མའེ༌ ཞག༌ག༌ ངའེ༌ ཁོང༌གུན༌ སོན༌ཏེའ༌ ལང༌ཨིན༌,


ཡེ༌ཤུའི༌ཀ༌ ཏད༌པ༌ ཁྱོང༌ཁན༌ ཚང༌མའ༌ སྡིག༌པ༌གུན༌ནེ༌ ཐར༌ཏེ༌ སྐྱོན༌མེད༌ གྱུར༌ཏེ༌ ཨིན༌ནོག༌, ཀ༌བོ༌ ཁྱོ༌ཞ༌གུན༌ལ༌ མོ༌ཟེས༌སི༌ བཀའ༌ཁྲིམས༌ གྱུད༌ཏེ༌ ཐོབ༌ ཉན༌ཅེས༌ མ༌ནེ༌ མེད༌པིན༌།


ང༌དང༌གུན༌ལ༌ ལབ༌ཅེས༌སི༌ ཕིའ༌ ཏེ༌ ཚང༌མ༌ ཏམ༌པའེ༌ སུང༌རབས༌སི༌ ནང༌ང༌ བྲིའ༌ ཛད༌ཏེ༌ ཨིན༌ནོག༌། དཀོན༌མཆོག༌གི༌ ཞལ༌ཆད༌གུན༌ གྲུབ༌ཅེས༌ལ༌ ང༌དང༌ ཟོད༌པ༌ ཉམ༌པོ༌ སྲུངས༌ཏེ༌ ཡོད༌ ཟ༌ནེ༌, ཏམ༌པའེ༌ སུང༌རབས༌སི༌ ང༌དང༌ང༌ རེ༌ཝ༌ དང༌ སྤོས༌པ༌ ཏང༌ང༌ནོག༌།


སྡིག༌པའེ༌ ལ༌ཆ༌བོ༌ ནི༌ ཤི༌ཅེས༌པོ༌ ཨིན༌ནོག༌། ཨིན༌ནའང༌ ང༌དང༌གུན༌ནི༌ གཙོ༌བོ༌ མ༌ཤི༌ཀ༌ ཡེ༌ཤུ༌ གྱུད༌ཏེ༌ དཀོན༌མཆོག༌གི༌ ཆོན༌ལ༌ སལ༌ལ༌ ཛད༌ཁན༌ནི༌ སོལ༌རས༌པོ༌ ནི༌, ཐའ༌མེད༌པའེ༌ མི༌ཚེ༌བོ༌ ཨིན༌།


ཏ༌ ཁྱོ༌ཞའེ༌ ན༌མ༌ མ༌ཅོ༌ཁན༌གུན༌ནི༌ སྐོར༌ལ༌ ཏྲི༌ཝ༌ ཏྲི༌ཁན༌བོའ༌, ཏེ༌གུན༌ལ༌ ཏང༌ཅེས༌ལ༌ གཙོ༌བོའེ༌ ངའ༌ བཀའ༌ཞིག༌ སལ༌ལ༌ མ༌ཛདས༌, ཨིན༌ནའང༌ གཙོ༌བོའེ༌ ཁོང༌རང༌ངི༌ སྙིང༌རྗེའེ༌ ནང༌ང༌ ཨིད༌ཤེས༌ ཅོ༌ཉན༌ཅེས༌སི༌ ངའ༌ ཤེས༌རབས༌ སལ༌ལ༌ ཛདས༌, ཡང༌ ངའེ༌ ཏེ༌བོ༌ ཁྱོ༌ཞ༌གུན༌ ཉམ༌པོ༌ བགོའད༌།


དཀོན༌མཆོག༌གི༌ ཁོང༌རང༌ངི༌ སྙིང༌རྗེའེ༌ ནང༌ང༌, ང༌ཞ༌གུན༌ལ༌ འི༌ ཞབས༌ཏོག༌གི༌ ཆག༌ལས༌པོ༌ སལ༌ལ༌ ཛད༌ པ༌སང༌, ང༌ཞ༌གུན༌ནི༌ མ༌ནེ༌ སྤོས༌པ༌ མི༌ཕང༌།


དཀོན༌མཆོག༌གི༌ ཐུགས༌དོད༌པོ༌ ནི༌, ང༌ཞའ༌ ཡ༌ཧུ༌དཱ༌པ༌ མ༌ཤི༌ཀའེ༌ཀ༌ ཨིད༌ཤེས༌ ཅོ༌ཁན༌ ཏང༌པོ༌ མི༌གུན༌ནི༌, ཁོང༌ང༌ སྤལ༌ དང༌ སྟོད༌པ༌ ཁྱོང༌ཅེས༌པོ༌ ཨིན༌པིན༌།


ཏེ༌བོའེ༌ཕིའ༌ ཁོང༌ངི༌ ཁོང༌རང༌ངི༌ སྲས༌ ཅེས༌པ༌ གྱུད༌ཏེ༌, ང༌དང༌གུན༌ལ༌ རིན༌ མེད༌པ༌ སལ༌ཁན༌ནི༌ ཏེ༌ སྤལ༌ཅན༌ནི༌ ཐུག༌རྗེ༌བོའ༌ སྟོད༌པ༌ ཕུལ༌ཨིན༌།


དཀོན༌མཆོག༌གི༌ ཏེ༌བོ༌ ཅོའ༌ ཛདས༌, ཅིའ༌ཟེར༌ན༌ མ༌འོངས༌པའེ༌ ཏུས༌སི༌ ནང༌ང༌ མ༌ཤི༌ཀ༌ ཡེ༌ཤུ༌ གྱུད༌ཏེ༌ ང༌དང༌གུན༌ནི༌ ཕིའ༌ ཁོང༌ངི༌ ཀའ༌ཀྲིན༌ དང༌ ཐུག༌རྗེ༌ ཙམ༌ཤིག༌གི༌ ཧ༌ལས༌ཤེས༌ ཨིན༌ཁན༌བོ༌, ཚང༌མ༌ལ༌ སྟན༌ཅེས༌སི༌ ཐུགས༌དོད༌ ཡོད༌ཏེ༌ ཨིན༌ནོག༌།


ཁོང༌ ཏེ༌ ཞག༌ག༌ ཕེབས༌ས༌ཅིག༌, ཁོང༌ང༌ ཁོང༌ངི༌ ཏམ༌པའེ༌ མི༌གུན༌ནི༌ ཆོགས༌ནེ༌ སྤལ༌ ཐོབ༌ཨིན༌, ཡང༌ ཁོང༌ངི༌ཀ༌ ཏད༌པ༌ ཁྱོང༌ཁན༌ ཚང༌མའེ༌ ཁོང༌ང༌ སྟོད༌པ༌ ཕུལ༌ཨིན༌། ཁྱོ༌ཞ༌གུན༌ནའང༌ ཏེ༌གུན༌ནི༌ ཕྲོའ༌ ཨིན༌ནོག༌, ཅིའ༌ཟེར༌ན༌ ཁྱོ༌ཞ༌གུན༌ནི༌ ང༌ཞའེ༌ སྤང༌པོ༌ ཏང༌ཁན༌གུན༌ནི༌ཀ༌ ཏད༌པ༌ ཁྱོངས༌ཏེ༌ ཨིན༌ནོག༌།


ཞན༌ ངའ༌ དད༌ལོག༌ ཞུ༌ཁན༌, ཏད༌པ༌ཅན༌གུན༌ལ༌ ནགས༌སྟན༌ཏེ༌ ནོད༌སྐྱལ༌ཁན༌ ཨིན༌ཏེའང༌, དཀོན༌མཆོག༌ག༌ ངའེ༌ཀ༌ སྙིང༌རྗེ༌ སྐྱེའ༌ ཛདས༌, ཅིའ༌ཟེར༌ན༌ ཏེ༌གུན༌ ངའེ༌ མ༌ཤི༌ཀ༌ ཏད༌པ༌ མ༌ཅོ༌ཁན༌ དང༌ དེན༌བའེ༌ ལབ༌ཞ༌ གུན༌ མ༌ཤེས༌ཁན༌ འིན༌ནི༌ ཏུས༌ལ༌ ཅོས༌ཏེ༌ ཨིན༌པིན༌།


ཏེ༌བོའེ༌ཕིའ༌ ཁོང༌ གྱུད༌ཏེ༌, དཀོན༌མཆོག༌གི༌ཀ༌ ཡོང༌ཁན༌གུན༌ ཁོང༌ངི༌ ཏུས༌གྱུན༌ནི༌ ཕིའ༌ སྐྱོབ༌ ཐུབ༌ཨིན༌། ཏེ༌ མི༌གུན༌ནི༌ ཕིའ༌ དཀོན༌མཆོག༌ག༌ ཞུ༌ཝ༌ ཕུལ༌ཅེས༌ལ༌, ཁོང༌ ཏུས༌གྱུན༌ ཞུགས༌ས༌ ཛད༌ད༌ནོག༌།


ཏེ༌གུན༌ ཏུས༌ མང༌པོ༌ཞིག༌གི༌ སྔུན༌ལ༌ ནོ༌ཨའེ༌ གྲུ༌ཟིང༌ ཆེན༌མོ༌ རྩིག༌གི༌ ཏུས༌, དཀོན༌མཆོག༌གི༌ ཐུགས༌ཟོད༌ ཉམ༌པོ༌ སྲུང༌ང༌ ཛད༌ ཟ༌ནེ༌ ཁོང༌ངི༌ ཁའ༌ མ༌ཉན༌ཁན༌གུན༌ ཨིན༌པིན༌། མི༌ ཁ༌ཅིག༌ ཡང༌ན༌ མིང༌གོ༌ རྒྱད༌ཙ༌ ཇིགས༌ནང༌ཅན༌ནི༌ ཆུ༌ལོག༌ནེ༌ ཐར༌ཏེ༌ ཨིན༌པིན༌།


ཡང༌ དཀོན༌མཆོག༌གི༌ ཟོད༌སེམས༌ ཉམ༌པོ༌ ང༌དང༌གུན༌ལ༌ ཐར༌པ༌ ཐོབ༌ཅེས༌སི༌ སྐབས༌ སལ༌ལ༌ ཛད༌ཁན༌བོ༌ ཧ༌གོ༌ གོ༌ཤེས༌པོ༌, མ༌ ཁག༌ཅན༌ཞིག༌ ཨིན༌ནོག༌། ང༌དང༌ངི༌ ཅེས༌པའེ༌ སྤུན༌ པ༌འུ༌ལུའིང༌, དཀོན༌མཆོག༌གི༌ སལ༌ལ༌ ཛད༌ཁན༌ནི༌ ཤེས༌རབས༌ ནང༌ཞིན༌ལ༌, ཁྱོ༌ཞ༌གུན༌ལ༌ བྲིའ༌ ཛད༌ཏེ༌ ཨིན༌ནོག༌།


མི༌ ཁ༌ཅིག༌གི༌ གཙོ༌བོ༌ ཁོང༌རང༌ ལོགས༌ཏེ༌ ཕེབ༌ཅེས༌སི༌ ཞལ༌ཆད༌པོ༌, གོར༌ཏེ༌ ཨིན༌ནོག༌ སམ༌དུག༌, ཨིན༌ནའང༌ ངོས༌པོའ༌ ཁོང༌ གོར༌ཏེ༌ མ༌ནོག༌, ཅིའ༌ཟེར༌ན༌ ཁོང༌ངི༌ ཁྱོ༌ཞ༌གུན༌ནི༌ ཕིའ༌ ཟོད༌པ༌ ཛད༌ཏེ༌ ཨིན༌ནོག༌། ཁོང༌ངི༌ སུ༌ཞིག༌གའང༌ མེད༌ཁན༌ ཅོའ༌ མ༌ཛད༌ད༌, མི༌ཚང༌མའེ༌ གྱོད༌པ༌ ཅོ༌ཅེས༌སི༌ དོད༌པ༌ ཛད༌ད༌ནོག༌།


Lean sinn:

Sanasan


Sanasan