Biblia Todo Logo
Bìoball air-loidhne

- Sanasan -




تیموتھِی ۱ 1:1 - Ladakhi

1 ང༌དང༌གུན༌ནི༌ སྐྱབ༌གོན༌ དཀོན༌མཆོག༌ དང༌ ང༌དང༌གུན༌ལ༌ རེ༌ཝ༌ སལ༌ཁན༌ནི༌ མ༌ཤི༌ཀ༌ ཡེ༌ཤུའི༌, ང༌ པ༌འུ༌ལུ༌ མ༌ཤི༌ཀ༌ ཡེ༌ཤུའི༌ སྐུ༌ཚབས༌ལ༌ སྐོའ༌ ཛདས༌།

Faic an caibideil Dèan lethbhreac

New Testament in Ladakhi Langage

1 نگاتانگونّی کھوم چُوک کھن خُدے تانگ نگاتانگونلا ریوا سالکھانّی حضرت عیسیٰ مسیح گُونی، نگا حضرت پولُس حضرت عیسیٰ مسیح رسُول گُونلا سکوا زادس۔

Faic an caibideil Dèan lethbhreac




تیموتھِی ۱ 1:1
38 Iomraidhean Croise  

ཡང༌ ངའེ༌ སེམས༌ཉིད༌དི༌ གའ༌མོ༌ ཅོའད༌, ཅིའ༌ཞུ༌ན༌ ཁོང༌ ངའ༌ སྐྱོབ༌བ༌ ཛད༌ཁན༌ནི༌ དཀོན༌མཆོག༌ ཨིན༌།


དི༌རིང༌ ཁྱོ༌ཞའེ༌ ཕ༌མེས༌པོའེ༌ གྱལ༌པོ༌ དཱ༌བིད༌དི༌ གྲོང༌ཁྱེར༌རི༌ ནང༌ང༌ སྐྱབ༌གོན༌བོ༌ ཁྲུངས༌ཏེ༌ ཨིན༌། ཁོང༌ དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌ནི༌ མ༌ཤི༌ཀ༌, གཙོ༌བོ༌བོ༌ ཨིན༌།


ཨིན༌ནའང༌ གཙོ༌བོའེ༌ ཨ༌ན༌ནི༌ཡཱས༌ལ༌ མོལས༌, “ཏ༌ ཁྱོ༌རང༌ སོང༌ ཅིའ༌ཟེར༌ན༌ ཁོ༌ ངའེ༌ ལྡམས༌ཁན༌ནི༌ ཞབས༌ཏོག༌པ༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌, གྱལ༌པོ༌གུན༌ དང༌ ཨིས༌ར༌ཨེལ༌པ༌གུན༌ལ༌ ངའེ༌ སྐོར༌ལ༌ ཤད༌ཁན༌བོ༌ ཨིན༌།


འི༌ ཨི༌གེ༌བོ༌ ང༌ པ༌འུ༌ལུ༌, མ༌ཤི༌ཀ༌ ཡེ༌ཤུའི༌ ཚེ༌ཡོག༌, དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌ སྐུ༌ཚབས༌, གའ༌མོའེ༌ ནས༌ཚུལ༌ ཤད༌ད༌ལ༌ ལམ༌ཅུག༌ག༌ ཛད༌ཁན༌ནི༌ ཆོགས༌ནེ༌ ཨིན༌།


འི༌ ཨི༌གེ༌བོ༌ ང༌ པ༌འུ༌ལུ༌ དཀོན༌མཆོག༌གི༌ ཐུག༌གོངས༌ ནང༌ཞིན༌, མ༌ཤི༌ཀ༌ ཡེ༌ཤུའི༌ སྐུ༌ཚབས༌ལ༌ ལྡམ༌མ༌ ཛད༌ཁན༌ནི༌ ཆོགས༌ནེ༌ ཨིན༌། ང༌དང༌ངི༌ སྤུན༌ སོས༌ཐེ༌ནེས༌སིའང༌ ཇུ༌ ཀལ༌དུག༌།


ཀལ༌ཏེས༌ ངའེ༌ ང༌རང༌ ཐད༌ཏེ༌ འི༌ ལས༌པོ༌ ཅོ༌ན༌, ངའ༌ སོལ༌རས༌ ཐོབ༌ཨིན༌། ཨིན༌ནའང༌ ངའེ༌ ལག༌ནེ༌ མེད༌, དཀོན༌མཆོག༌གི༌ ང༌ འི༌ ཁག༌པོ༌ ཀལ༌ལ༌ ཛད༌ཏེ༌ ཨིན༌ནོག༌།


འི༌ ཨི༌གེ༌བོ༌ དཀོན༌མཆོག༌གི༌ ཐུག༌གོངས༌ ནང༌ཞིན༌ལ༌, མ༌ཤི༌ཀ༌ ཡེ༌ཤུའི༌ སྐུ༌ཚབས༌ལ༌ ལྡམ༌མ༌ ཛདས༌ཁན༌ནི༌ པ༌འུ༌ལུའི༌ ཆོགས༌ནེ༌ ཨིན༌། ང༌དང༌ངི༌ སྤུན༌ ཏི༌མོ༌ཐིའི༌ ང༌ ཉམ༌པོ༌ ཡོད༌, ཡང༌ ངའེ༌ འི༌ ཨི༌གེ༌བོ༌ ཀོ༌རིན༌ཐི༌ དཀོན༌མཆོག༌གི༌ ཆོས༌ཚོགས༌ མ༌ཚད༌, ཨ༌ཀ༌ཡཱའེ༌ ཡུལ༌ལི༌ ནང༌ང༌ ཡོད༌ཁན༌ནི༌ དཀོན༌མཆོག༌གི༌ མི༌ ཏམ༌པ༌ ཚང༌མ༌ལའང༌ ཀལ༌ལད༌།


འི༌ ཨི༌གེ༌བོ༌ ཡེ༌ཤུའི༌ སྐུ༌ཚབས༌ པ༌འུ༌ལུའི༌ ཆོགས༌ནེ༌ ཨིན༌། ང༌ མི༌གུན༌ནི༌ སྡེ༌ཞིག༌ ཡ༌ མིའི༌ ཝང༌ངི༌ མ༌ལྡམ༌མ༌, ཡེ༌ཤུ༌ མ༌ཤི༌ཀ༌ དང༌ ཁོང༌ ཤི༌ཁན༌གུན༌ནི༌ ཕྲོ༌ནེ༌ སོན༌ཏེའ༌ ལང༌ང༌ ཛད༌ཁན༌ནི༌ ཡབ༌ དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཏེ༌ ཨིན༌།


ཅེས༌པའེ༌ སྤུན༌གུན༌ ངའེ༌ ཁྱོ༌ཞ༌གུན༌ལ༌ འི༌བོ༌ ཧ༌གོ༌གོས༌ སམ༌མ༌རག༌། ངའེ༌ ལབ༌ཁན༌ནི༌ གའ༌མོའེ༌ ནས༌ཚུལ༌བོ༌, མིའི༌ ཅོ༌ཁན༌ཞིག༌ མན༌།


དཀོན༌མཆོག༌གི༌ མ༌ཤི༌ཀའེ༌ ནོར༌ དང༌ སྤལ༌བོ༌ ཁྱོ༌ཞའ༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ནི༌ ཕིའང༌ ཨིན༌ཁན༌བོ༌, ཁོང༌རང༌ངི༌ མི༌གུན༌ལ༌ ཧ༌གོ༌ཅུག༌ཅེས༌ལ༌ ཐུགས༌ཐད༌ད༌ནོག༌། དཀོན༌མཆོག༌གི༌ སང༌ཝའེ༌ ཐབ༌ལྡིངས༌ ནི༌, མ༌ཤི༌ཀ༌ ཁྱོ༌ཞའེ༌ ནང༌ང༌ ཞུགས༌ཏེ༌ ཡོད༌ཁན༌བོ༌ ཨིན༌, ཏེ༌བོའེ༌ ཁྱོ༌ཞ༌གུན༌ལ༌ ཁོང༌ངི༌ སྤལ༌ལི༌ ནང༌ང༌ ཐུ༌ཤེས༌སི༌ རེ༌ཝ༌བོ༌ ཏང༌ང༌ནོག༌།


ང༌དང༌ང༌ ཅེས༌པ༌ ཛད༌ཏེ༌ ཐུག༌རྗེ༌ ཟིགས༌ཏེ༌ ཐའ༌མེད༌པའེ༌ སེམས༌དེ༌ དང༌ ཧ༌ལས༌སི༌ རེ༌ཝ༌ སལ༌ལ༌ ཛད༌ཁན༌ནི༌, ང༌དང༌ངི༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀ༌ དང༌ དཀོན༌མཆོག༌ ང༌དང༌ངི༌ ཡབ༌ ཉིས༌ཀོའེ༌,


མ༌ཤི༌ཀ༌ ཡེ༌ཤུ༌ ང༌དང༌གུན༌ནི༌ གཙོ༌བོའེ༌ ངའ༌ ཁོང༌རང༌ངི༌ ཆག༌ལས༌གུན༌ ཛད༌ཅེས༌ལ༌ སྟོབས༌ སལ༌ལ༌ ཛདས༌, ཁོང༌ང༌ ངའེ༌ ཐུག༌རྗེ༌ཆེ༌ ཞུའད༌། ཁོང༌ངི༌ ངའ༌ ལོ༌ཁྱེལ༌ཅན༌ནི༌ མི༌ཞིག༌ རྩིའ༌ ཛད༌ཏེ༌ ཁོང༌རང༌ང༌ ཞབས༌ཏོག༌ ཞུ༌ཅེས༌སི༌ ཕིའ༌ སྐོའ༌ ཛདས༌།


འི༌ཙོགས༌ལ༌ མོས༌ལམ༌ ཕུལ༌ཅེས༌པོ༌, གྱལ༌ལ༌ཞིག༌ ཨིན༌ནོག༌, ཡང༌ ང༌དང༌གུན༌ནི༌ སྐྱབ༌གོན༌ དཀོན༌མཆོག༌ ཐུགས༌ཐད༌ད༌ནོག༌།


ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ལ༌ ཏད༌པ༌ དང༌ དེན༌བའེ༌ སྐོར༌ལ༌ འི༌ ལོན༌གུན༌ ཤད༌ཁན༌ དང༌ སྐུ༌ཚབས༌ལ༌ ང༌ ལྡམ༌མ༌ ཛདས༌། ངའེ༌ ཟུན༌ ཏང༌ང༌མེད༌ དེན༌བ༌ ཟེར༌རད༌།


ཏེན༌ན༌བོའེ༌ཕིའ༌ ང༌དང༌གུན༌ནི༌ རྩོན༌གྲུས༌ ཅོས༌ཏེ༌ བར༌དོ༌ ཁུར༌ར༌ནོག༌, ཅིའ༌ཟེར༌ན༌ ང༌དང༌གུན༌ནི༌ རེ༌ཝ༌བོ༌ ནི༌, སོན༌པོ༌ དཀོན༌མཆོག༌གི༌ ནང༌ང༌ ཡོད༌ཏེ༌ ཨིན༌ནོག༌, ཀ༌བོ༌ མི༌ཚང༌མ༌ དང༌ མིག༌སལ༌ལི༌ ཏད༌པ༌ཅན༌གུན༌ སྐྱོབ༌ཁན༌བོ༌ ཞུགས༌ཏེ༌ ཨིན༌།


ཏ༌ ལྡམ༌མ༌ ཛད༌ཁན༌ནི༌ ཏུས༌པོའེ༌ཀ༌, ངའེ༌ ཚང༌མ༌ལ༌ ཆོས༌ཤད༌ཅེས༌ གྱུད༌ཏེ༌ ཁོང༌ངི༌ འི༌ ལོན༌བོ༌ སྔོན༌ ཅུག༌ཏེ༌ ཨིན༌ནོག༌། དཀོན༌མཆོག༌ ང༌དང༌ངི༌ སྐྱབ༌གོན༌ནི༌ བཀའ༌ སལ༌ཁན༌ ནང༌ཞིན༌ལ༌, ཁོང༌རང༌ངི༌ ཕིའ༌ འི༌ ལས༌པོ༌ ངའེ༌ ལག༌ག༌ སྟད༌ད༌ ཛདས༌།


ཡ༌ རྐུ༌ མ༌རྐུ༌, ཨིན༌ནའང༌ ཁོ༌རང༌གུན༌ ཅི༌ས༌ཐོག༌ནེ༌ ཨིད༌ཤེས༌ཅན༌ དང༌ ཟང༌པོ༌ ཨིན༌ཁན༌བོ༌ སྟན༌གོས༌། ཏེ༌ནེ༌ ཁོང༌གུན༌ལ༌ དཀོན༌མཆོག༌ ང༌དང༌གུན༌ནི༌ སྐྱབ༌གོན༌ནི༌ ལབ༌ཞ༌ ཧ༌གོ༌ཅེས༌སི༌ དོད༌པ༌ སྐྱེ༌ཅུག༌ཨིན༌།


འི༌ཙོགས༌སི༌ མི༌ཚེ༌ ཕུད༌ ཟ༌ནེ༌, རེ༌ཝ༌ ཉམ༌པོ༌ ང༌དང༌གུན༌ནི༌ ཀུན༌ཝང༌ དཀོན༌མཆོག༌ དང༌ སྐྱབ༌གོན༌ ཡེ༌ཤུ༌ མ༌ཤི༌ཀའེ༌ ཟིར༌རྗིད༌ སྔོན༌ཅེས༌ཅན༌ནི༌ ཏེ༌ ཧ༌ལས༌ཤེས༌སི༌ ཞག༌པོའ༌ སྲུང༌ཨིན༌།


ཨིན༌ནའང༌ “དཀོན༌མཆོག༌ ང༌དང༌ངི༌ སྐྱབ༌གོན༌ནི༌ ཐུག༌རྗེ༌ དང༌ ཅེས༌པ༌ གུན༌ སྔོན༌ན༌ ཛད༌ད༌དང༌,


ཡེ༌ཤུ༌ མ༌ཤི༌ཀ༌ ང༌དང༌གུན༌ནི༌ སྐྱབ༌གོན༌ གྱུད༌ཏེ༌ ཏམ༌པའེ༌ ཐུག༌ཉིད༌བོ༌ ཁོང༌ངི༌ སྙིང༌ ཕེས༌ཏེ༌ ང༌དང༌གུན༌ནི༌ཀ༌ ལུག༌ག༌ ཛདས༌།


གཙོ༌བོ༌ ཡེ༌ཤུ༌ གྱུད༌ཏེ༌, ཁྱོ༌ཞ༌གུན༌ནི༌ དཀོན༌མཆོག༌གི༌ ནང༌ང༌ ཨིད༌ཤེས༌ ཅོའ༌ནོག༌། དཀོན༌མཆོག༌གི༌ ནང༌ང༌ ཁྱོ༌ཞ༌གུན༌ནི༌ ཏད༌པ༌ དང༌ རེ༌ཝ༌ བོར༌ར༌ནོག༌, ཅིའ༌ཟེར༌ན༌ ཁོང༌ངི༌ ཤི༌ཁན༌གུན༌ནི༌ ཕྲོ༌ནེ༌, ཡེ༌ཤུ༌ སོན༌ཏེའ༌ ལང༌ང༌ ཛད༌ཏེ༌ སྤལ༌ སལ༌ལ༌ ཛདས༌།


ང༌དང༌ངི༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ ཡབ༌ དང༌ དཀོན༌མཆོག༌ག༌ སྟོད༌པ༌ ཕུལ༌ཤིག༌། ང༌དང༌གུན༌ལ༌ ཁོང༌ངི༌ སྙིང༌རྗེ༌ ཆེན༌མོ༌ ཛད༌ཏེ༌, མི༌ཚེ༌ སོ༌མ༌ཞིག༌ སལ༌ལ༌ ཛདས༌, ཅིའ༌ཟེར༌ན༌ དཀོན༌མཆོག༌གི༌ ཡེ༌ཤུ༌ མ༌ཤི༌ཀ༌ ཤི༌ཁན༌གུན༌ནི༌ ཕྲོ༌ནེ༌ སོན༌ཏེའ༌ ལང༌ང༌ ཛདས༌། ཏ༌ ང༌དང༌གུན༌ནིའང༌ རེ༌ཝ༌ ཆེན༌མོ༌ ཉམ༌པོ༌ མི༌ཚེ༌ ཕུད༌ད༌ནོག༌།


ང༌ ཤི༌མོན༌ པི༌ཏྲར༌, ཡེ༌ཤུ༌ མ༌ཤི༌ཀའེ༌ ཡོག༌པོ༌ དང༌ སྐུ༌ཚབས༌ ཨིན༌། ངའེ༌ ང༌དང༌ངི༌ དཀོན༌མཆོག༌ དང༌ སྐྱབ༌གོན༌ ཡེ༌ཤུ༌ མ༌ཤི༌ཀ༌ གུན༌ནི༌ ཀྲང༌པོ༌ ཛད༌ཅེས༌པོའེ༌, ང༌ཞའ༌ ཙོགས༌ལ༌ ཏེན༌ན༌ རིན༌ཅན༌ ཏད༌པ༌ ཐོབ༌ཁན༌གུན༌ལ༌ འི༌ ཨི༌གེ༌བོ༌ བྲིའད༌།


ཡབ༌བི༌ རང༌ངི༌ སྲས༌པོ༌, ཇིག༌རྟེན༌པ༌གུན༌ནི༌ སྐྱབ༌གོན༌ ཛད༌ཏེ༌ ཀལ༌ལ༌ ཛད༌ཁན༌བོ༌ ང༌ཞ༌གུན༌ནི༌ ཐོང༌ཏེ༌ སྤང༌པོའང༌ ཏང༌ངད༌།


ཡེ༌ཤུ༌ མ༌ཤི༌ཀ༌ ང༌དང༌གུན༌ནི༌ གཙོ༌བོ༌ གྱུད༌ཏེ༌, ང༌དང༌གུན༌ནི༌ དཀོན༌མཆོག༌ དང༌ སྐྱབ༌གོན༌ ཅིག༌པོའ༌, སྤལ༌ དང༌ ཟིར༌རྗིད༌ དང༌ ཤེད༌ དང༌ ཝང༌ གུན༌, ཇིག༌རྟེན༌ ཆགས༌སི༌ སང༌ སྔུན༌ནེ༌ དག༌ས༌ ཚོག༌པ༌, ཡང༌ སྟིང༌ཞིན༌ནའང༌ ཏུས༌གྱུན༌ ཐོབ༌ཤིག༌, ཨ༌མེན༌།


Lean sinn:

Sanasan


Sanasan