ཕི་ལི་པི་ལེའུ་ 3:21 - རྫོང་ཁ་21 ཁིརཱིས་ཀྱི་དབང་ཤུགས་ཀྱིས་ ཡོད་རིགས་ཡོད་ཚད་ག་ར་ ཁོ་རའི་དབང་ཚད་ཀྱི་འོག་ལུ་བཞག་ནུག་ ཨ་ནི་དབང་ཤུགས་དེ་གིས་ ང་བཅས་འགྲོ་བ་མིའི་ཉག་ཕྲ་སི་སིའི་ལུས་འདི་ ཁོ་གི་སྐུ་ལུས་བཟུམ་སྦེ་ གཟི་བརྗིད་དང་ལྡནམ་ལུ་འགྱུར་གནང་འོང་། Faic an caibideil |
བྱམས་པའི་སྤུན་ཆ་ཚུ་ ད་ལྟོ་ང་བཅས་དཀོན་མཆོག་གི་སྲས་དང་སྲསམོ་ཚུ་ཨིན་རུང་ མ་འོང་པའི་དུས་ལུ་ ང་བཅས་ག་ཅི་བཟུམ་གཅིག་ལུ་འགྱུར་འོང་ག་ ད་ལྟོ་ཚུན་ཚོད་ མངོན་སུམ་དུ་སྟོན་མ་གནང་པས་ དེ་འབདཝ་ད་ འདི་བཏོན་ཚརཝ་ད་ ང་བཅས་ཁོ་བཟུམ་གཅིག་ལུ་འགྱུར་ནི་ཨིན་ཟེར་ཤེས་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་ག་ཅི་བཟུམ་གཅིག་ཨིན་ན་ དེ་བཟུམ་སྦེ་རང་ ང་བཅས་ཀྱིས་ཁོ་ལུ་མཐོང་ཚུགས་འོང་།