Biblia Todo Logo
Bìoball air-loidhne

- Sanasan -

ཏི་ཏོས། 3 - གློ་བ།


བཟང་ང་གི་འདུག་བའི། འོ་དེ་བྱེད།

1 དཔོན་པོ་ཀྱ་དང་དབང་ཆ་འོད་མཁན་མི་ཀྱ་ཡི་འོག་ལ་སྡོད། བཀའ་ལ་ཉན། དེ་ནས་ལས་བཟང་པོ་བྱེད་ཡས་ལ། ནམ་ཡིན་ན་བྱེད་ཆོག་ཆོག་བྱས་རེ་སྡོད་སྨྲས་རེ་ཁོང་ཀྱ་ལ་དྲན་གསོ་སློངས།

2 སུའི་སྐོར་ལ་ལབ་ངན་པ་མ་བཤད། དེ་ནས་སྡུག་ག་མ་བཏང་། དེ་ནས་འཇམ་པོ་དང་སྤྱོད་བཟང་ང་བདེན་པ་སྟོན་སྨྲས་རེ་ཁོང་ཀྱ་ལ་ཤོད།

3 ཐེངས་གཅིག་ལ་འོ་རང་ཀྱའང་བླུན་པོ་དང་། ཁ་ལ་མེད་ཉན་གྱིན་དང་། མགོ་འཁོར་ཏེ་བསྡད་ད་དང་། འདོད་པ་དང་འདོད་ངན་སྣ་ཚོགས་ཀྱི་དབང་དུ་ཤོར་ཤ་དང་། དམི་ཅིག་གི་ངན་པ་དང་ཕྲག་དོག་གིས་ཁངས་ཁ་འོད་ད་ལགས། མི་གི་རི་ཡིས་འོ་རང་ལ་སྡང་ང་བྱས་བ་ལགས། དེ་ནས་འོ་རང་ནང་དུ་གཅིག་གིས་གཅིག་ལ་སྡང་ང་བྱས་བ་ལགས།

4 ཡིན་ནའང་འོ་རི་སྐྱབས་མགོན་དཀོན་མཆོག་གིས་སྙིང་རྗེ་དང་མི་ཀྱ་ལ་བྱམས་པ་སྟོན་ཏེ་གང་ལ།

5 འོ་རི་ལས་བཟང་པོ་བྱས་རེ་མིན་ད་ཁོང་པ་ཡི་སྙིང་རྗེ་ཡིས་བྱས་རེ། འོ་རང་ལ་སྐྱོབ་མཛད་པ་ལགས། དམ་པའི་ཐུགས་ཉིད་ཀྱི་ཐོག་ནས་ཁོང་པ་ཡིས་འོ་རི་སྡིག་པ་ཁྲུས་གསལ་མཛད་དེ། འོ་རང་ལ་ལྡབ་ལེ་སྐྱེ་རུ་བཅུག་སྟེ་མི་ཚེ་གསར་པ་གནང་བ་ལགས།

6 དཀོན་མཆོག་གིས་འོ་རི་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀའི་ཐོག་ནས། འོ་རང་ལ་དམ་པའི་ཐུགས་ཉིད་མོད་ཆོ་ལི་གནང་ང་མཛད་པ་ལགས།

7 དེ་རེ་བྱས་རེ་ཁོང་པ་ཡི་ཐུགས་རྗེ་ཡི་ཐོག་ནས། དཀོན་མཆོག་གི་དྲུང་དུ་འོ་རང་དྲང་པོ་བྱུང་བ་ལགས། དེ་ནས་འོ་རང་གིས་རེ་བ་བྱེད་ཀྱིན་མཐའ་མེད་པའི་ཚེ་སྲོག་གི་བརྒྱུད་འཛིན་བསྐོས་མཛད་པ་ལགས།

8 འདི་ལབ་དེ་བདེན་པ་ལགས། དེ་ནས་དཀོན་མཆོག་ལ་དད་པ་བྱེད་མཁན་མི་ཀྱ་ལས་བཟང་ང་བྱེད་ཡས་ལ་འདོད་པ་འོང་བར་ཤོག་སྨྲས་རེ་དེ་བསླབ་བྱ་ཀྱ་ལ། ཁྱོད་ཤུགས་བརྒྱབ་ཡས་ལ་ངས་འདོད་པ་འོད། དེ་ཀྱ་མི་ཀྱ་ལ་བཟང་པོ་དང་ཕན་ཐོགས་བ་འདུག

9 ཆོ་མེད་ཀྱིན་རྙོག་གྲ་ཀྱ་ནས་དང་པོའི་མིའི་མི་རབས་ཀྱ་དང་། ཆོས་ཁྲིམས་ཀྱི་ཕྱིར་ལ་ཁ་ཐབ་མཁན་དང་། སྡུག་ག་བཏང་མཁན་ཀྱ་ལ་ཇུས་གཏོགས་མ་བྱེད། གི་བྱས་རེ་སྨྲ་ན་དེ་ཀྱ་ཕན་མེད་ཐོགས་ཀྱིན་དང་ཆོ་མེད་ཀྱིན་ལགས།

10 དཀྲུགས་ཏེ་ཁ་བྲལ་དུ་བཅུག་མཁན་མི་ཀྱ་ལ་ཐེངས་གཅིག། ཡང་མེད་ན་ཐེངས་གཉིས་ཉེན་བརྡ་གཏོང་། དེ་ནས་དོ་རང་འང་མེད་མཉན་ན། འོ་དེ་མུ་ལ་འབྲེལ་བ་གིན་ད་མ་བཞག

11 དེ་རེ་མི་ཀྱ་བདེན་པ་ནས་རྒྱབ་ལོག་ལ་དང་། རང་གི་སྡིག་པ་ཡི་ཆད་པ་ཕོག་པ་ལགས་སྨྲས་རེ་ཁྱོད་ལ་ཆ་འོད་ད་ལགས།


མཐའ་མའི་ལན།

12 ཨར་ཏེ་མཱ་ཡང་མེད་ན་ཏུ་ཁི་ཀོས་ལ་ང་ཁྱོའི་རྩ་རུ་བརྫངས་ཡས་བྱེད་འདིག་འོད། ཁོང་གཉིས་བོ་ནས་གཅིག་སླེབས་ལུང་མེད་ད་ལ། ཁྱོད་ནི་ཀོ་པོ་ལིས་རུ་ང་ལ་ཐུག་ཡས་ལ་གང་མེ་ཚོད་ཐབས་ཤེས་བྱེད། གི་བྱས་རེ་སྨྲ་ན་ང་དགུན་ཁ་འོ་དུ་རུ་རང་བསྡད་ཡས་ཀྱི་གྲོས་བྱས་འོད།

13 ཁྲིམས་དཔོན་ཟེ་ནཱས་དང་ཨ་པོལ་ལོས་ཀྱི་འགྲུལ་ལ་ཁྱོས་གི་ཐུབ་ཐུབ་རོགས་བ་བྱེད། དེ་ནས་ཁོང་ཀྱ་ལ་གིན་ད་མེད་ཚང་གིན་མ་འབྱུང་བར་ཤོག

14 ཧ་ཏག་པ་ལ་དགོས་མཁན་ཀྱ་ལ་རོགས་བ་བྱེད་ཐུབ་ཡས་ལ། འོ་རི་མི་ཀྱ་ལས་བཟང་ང་བྱེད་ཡས་ལ། རང་རང་གི་དུས་ཚོད་གོ་ལག་ལེན་བྱེད་དགོས་ཀྱི་ལགས། དེ་ནས་ཁོང་ཀྱ་ཕན་མེད་ཐོགས་ཀྱིན་འབྱུང་གི་མ་ལགས།

15 ངའི་མུ་ལ་འོད་མཁན་གི་རི་ཡིས་ཁྱོད་ལ་བཀྲ་ཤིས་བདེ་ལེགས་འབུལ་ལི། འོ་རང་ལ་བརྩེ་བ་བྱེད་ཀྱིན་དད་པ་བྱེད་མཁན་ཀྱ་ལ་བཀྲ་ཤིས་བདེ་ལེགས་ཕུལ། ཁྱེད་གི་རི་ལ་ཐུགས་རྗེ་འོང་བར་ཤོག །།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan