ཏི་ཏོས། 2 - གློ་བ།བསླབ་བྱ་བདེན་པ། 1 ཡིན་ནའང་ཁྱོད། ལྟ་བ་དྲང་པོ་ལ་གི་མཐུན་འདིག་བའི། འོ་དེ་གོ་ཤོད། 2 མི་རྒན་པ་ཀྱ་རང་ཚོད་ཟིམ་གྱིན་དང་། ཡ་རབས་དང་། བསམ་བློ་མཐོང་ང་དང་། དེ་ནས་དད་པ་དང་། བྱམས་པ་དང་། བཟོད་པ་ལ་བརྟན་པོ་འོང་དགོས་ཀྱི་ལགས་སྨྲས་རེ་ཤོད། 3 འོ་དེ་ཅོག་རེ་རྒན་མོ་ཀྱ་ལ་དམ་པའི་མི་ཚེ་པུད། དེ་ནས་ཕྲ་མ་མ་བཤད། དེ་ནས་ཆང་འདོད་མ་མ་འབྱུང་། དེ་ནས་མི་གཞན་མ་ཀྱ་ལ་བསླབ་བྱ་བཟང་པོ་སྟེར་སྨྲས་རེ་ཤོད། 4 དེ་རེ་བྱེད་ན་ཁོང་ཀྱ་ཡི་སྐྱེས་དམན་ན་ཆུང་མ་ཀྱ་ལ་རང་ཁྱོ་ག་དང་ཕྲུ་བ་ཀྱ་ལ་བརྩེ་བ་བྱེད་ཡས་དང་། 5 བསམ་བློ་མཐོང་ང་དང་། གཙང་མ་དང་། ནང་ལས་བྱེད་ཀྱིན་དང་། སེམས་བཟང་པོ་དང་། ཁྱོ་ག་ཡི་ཁ་ལ་ཉན་པོ་འབྱུང་ཡས་ལ་བསླབ་ཀྱི་ལགས། དེ་ནས་དཀོན་མཆོག་གི་བཀའ་ལ་སྨད་སྤྲ་མེད་པབ་ཀྱི་ལགས། 6 དེ་ཅོག་རེ་གཞོན་པ་ཀྱ་ལ་བསམ་བློ་མཐོང་ང་འབྱུང་ཡས་ལ་སློབ་སྦྱོང་བརྒྱབ་དགོས་ཀྱི་ལགས། 7 ལབ་གི་རི་ལ་རང་རང་ལ་ལས་བཟང་པོའི་དཔེ་སྟོན། ཁྱོད་རི་བསླབ་བྱ་གོ་དྲང་པོ་དང་ཡ་རབས། 8 དང་སྐྱོན་བཅུག་མི་ཐུབ་ཀྱིན་ལབ་བདེན་པ་སྟོན། དེ་རེ་བྱས་ན་ཁྱོའི་རྒྱབ་ལོག་མཁན་ཀྱ་ལ་ངོ་ཚ་བྱུང་ང་ལགས། གི་བྱས་རེ་སྨྲ་ན་ཁོང་ཀྱ་ལ་འོ་རི་སྐོར་ལ་ངན་པ་སྨྲ་ཡས་གིའང་མེད་ཡོང་ང་ལགས། 9 གཡོག་པོ་ཀྱ་རང་བདག་པོའི་ལབ་གི་རི་ལ་ཁ་ལ་ཉན་པོ་དང་། བདག་པོའི་འདོད་པ་བཀང་ཐུབ་ཀྱིན་དང་། ཁ་ལན་མེད་ལོག་གིན་དང་། 10 ལག་པ་གཙང་མ་དང་། བློ་བཀལ་ཐུབ་ཀྱིན་བྱུང་རེ་སྟོན་དགོས་ཀྱི་ལགས། དེ་ནས་འོ་རི་སྐྱབས་མགོན་དཀོན་མཆོག་གི་སྐོར་ལ་བསླབ་བྱ་སྟེར་ད་གོ་ལ། ག་རུ་ཡིན་ན་ཁོང་ཀྱ་ཡིས་གུས་ཞབས་བྱེད་ཀྱི་ལགས། 11 དཀོན་མཆོག་གི་ཐུགས་རྗེ་མི་གི་རིའི་ཐར་པ་ཡི་དོན་ལ་བྱུང་བ་ལགས། 12 འོ་དེ་ཐུགས་རྗེ་ཡིས་འོ་རང་ལ་ཆོས་ལ་མི་མཐུན་གྱིན་དང་། འཇིག་རྟེན་གྱི་འདོད་པ་ཀྱ་སྤངས་ཏེ། འདི་འཇིག་རྟེན་དུ་བསམ་བློ་མཐོང་ང་དང་། དྲང་པོ་དང་། དཀོན་མཆོག་ལ་ཐུགས་མཉེས་པོ་མི་ཚེ་པུད་ཡས་ལ་བསླབ་བྱ་གནང་ང་ལགས། 13 དེ་ནས་འོ་རི་ཁག་ཆེ་དཀོན་མཆོག་དང་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀའི་གཟི་བརྗིད་མངོན་ཡས་ཡིན་གྱིན་ཉིན་མ་བྱིན་རླབས་ཆེ་གོ་ལ། འོ་རང་རེ་བ་བྱས་རེ་སྒུག་སྟེ་བསྡད་ད་ལགས། 14 དེ་ནས་འོ་རི་སྡིག་པ་གི་རི་ནས་ཐར་པ་གནང་ཡས་ལ་དང་། འོ་རང་ལ་གཙང་མ་བཟོས་རེ་ཁོང་པ་ཁོ་རང་གི་ཕྱིར་ལ་མི་རིགས་མཛད་ཡས་ལ་དང་། ལས་ཀ་དྲང་པོ་བྱེད་ཡས་ལ་ཁས་ལེན་བྱེད་ཀྱིན་འབྱུང་ཡས་ལ། མཱ་ཤི་ཀ་ཡིས་རང་གི་སྐུ་སྲོག་འོ་རི་ཕྱིར་ལ་བློས་བཏང་བ་ལགས། 15 དེ་བསླབ་བྱ་ཀྱ་སློབས། ཁྱོད་རི་དབང་ཆ་གི་རི་ནས་བསླབ་བྱ་ཤུགས་ཆེ་སྟེར། དེ་ནས་ཨང་ཇི་གཏོང་། རང་ལ་སུས་འང་ང་འཇིན་བྱེད་དུ་མ་ཆུག །། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.