རོ་མཱ་པ། 9 - གློ་བ།དཀོན་མཆོག་གི་ཐུགས་དགོངས་ལ་བརྟེན་ཏེ་དམ་པ་མཛད་པ། 1 མཱ་ཤི་ཀའི་ནང་ང་བདེན་པ་སྨྲིས་འོད། ང་ཟོག་སྨྲ་མིན། ངའི་ཤེས་བཟང་གིས་དམ་པའི་ཐུགས་ཉིད་ཀྱི་ཐོག་ནས་ང་ལ་བདེན་དཔང་བྱེད་འདིག། 2 བདེན་པ་གོ་གི་ལགས་སྨྲ་ན་ངའི་སེམས་ནང་དུ་སྡུག་ང་ཆེ་དང་དྲག་ཡས་མེད་ཀྱིན་ཟུག་འདུག། 3 དེ་ནས་ང་ང་རང་གི་རིགས་རྒྱུད་གཅིག་པ་ཡིན་གྱིན་སྤུན་ཟླ་ཀྱ་ཡི་དོན་དུ། ང་ང་རང་ལ་དམོད་མོ་འཕོག་ཡས་དང་མཱ་ཤི་ཀ་ནས་ཁ་བྲལ་ཡས་ཀྱི་འདོད་པའང་བྱེད་ཐུབ་ཡས་འོད། 4 ཁོང་ཀྱ་ནི་ཡིས་ར་ཨེལ་པ་ཀྱ་ལགས། དེ་ནས་དཀོན་མཆོག་གིས་རང་གི་སྲས་དང་སྲས་མོ་བྱུང་ཡས་ལ་བདམས་ད་ཀྱ་ལགས། ཁོང་པ་ཡིས་རང་གི་གཟི་བརྗིད་ཁོང་ཀྱ་ལ་མངོན་མཛད་པ་ལགས། དེ་ནས་ཁོང་ཀྱ་མུ་ལ་དམ་བཅའ་བཞག་མཛད་དེ། ཁོང་ཀྱ་ལ་ཆོས་ཁྲིམས་གནང་ང་མཛད་པ་ལགས། དེ་ནས་ཁོང་པ་ཡིས་ཁོང་ཀྱ་ལ་མཆོད་ཁང་ནང་ཕྱག་མཆོད་པ་འབུལ་ཡས་དང་དབུ་མནའ་བཞེས་ཞ་ཀྱ་གནང་བ་ལགས། 5 ཨབ་ར་ཧམ་དང་། ཨི་སཱག་དང་། ཡ་ཀོབ་ནི་ཁོང་ཀྱ་ཡི་དང་པའི་ཕ་མ་ཀྱ་ལགས། དེ་ནས་ལུས་ལ་ཆ་བཞག་ན། མཱ་ཤི་ཀའང་ཁོང་ཀྱ་ཡི་མི་རིགས་ནས་ལགས། དེ་ནས་ཁོང་ནི་དུས་རྒྱུན་དུ་བསྟོད་པ་འོད་ཀྱིན་བླ་ན་མེད་པའི་དཀོན་མཆོག་ལགས། ཨ་མེན། 6 ཡིན་ནའང་དཀོན་མཆོག་གིས་དམ་བཅའ་མཛད་ཛ་གོ་མ་བསྒྲུབས་ཀྱིན་མ་ལགས། གི་བྱས་རེ་སྨྲ་ན་ཡིས་ར་ཨེལ་ནས་སྐྱེས་ཀྱ་གི་རི་དཀོན་མཆོག་གི་མི་མ་ལགས། 7 དེ་ནས་ཨབ་ར་ཧམ་གྱི་བརྒྱུད་པ་ཡིན་མཁན་གི་རི་ཁོང་གི་ཕྲུ་བ་དངོས་གནས་མེད་འོང་ང་ལགས། ཡིན་ནའང་གསུང་རབ་ལ་དེ་རེ་བྲིས་འོད་ད་ལགས། ཨི་སཱག་ཐོག་ནས་ཁྱོའི་བརྒྱུད་པ་ཀྱ་ཐོན་གྱི་ལགས། 8 དེའི་དོན་ནི་ལུས་ནས་བྱུང་བྱ་ཕྲུ་བ་ཀྱ་དཀོན་མཆོག་གི་ཕྲུ་བ་མིན་ད། ཡིན་ནའང་དཀོན་མཆོག་གི་དམ་བཅའི་ཐོག་ནས་བྱུང་བྱ་ཕྲུ་བ་ཀྱ་ཨབ་ར་ཧམ་གྱི་རིགས་རྒྱུད་བརྩིས་བ་ལགས། 9 གི་བྱས་རེ་སྨྲ་ན་དཀོན་མཆོག་གི་དམ་བཅའ་ཡིས་དེ་རེ་གསུངས་ང་ལགས། ལོ་གཤམ་མ་དུས་ཚོད་འདི་ལ་རང་ང་ཁྱོད་རྩ་རུ་འོང་ཡས་ཡིན། དེ་ནས་ས་རཱ་ལ་བི་ཛ་གཅིག་འབྱུང་གི་ལགས། 10 དེ་ཚོད་གཅིག་ཀ་མིན་ད། རིབ་ཀཱ་ལ་ཕྲུ་གཉིས་ཨ་རྒས་གཅིག་ནས་བྱུང་བ་ལགས། དེ་ནས་འོ་དེ་གོ་འོ་རི་དང་པོའི་ཕ་མ་ཨི་སཱག་ལགས། 11-12 དེ་ནས་ཕྲུ་ཚིབ་རུ་དེ་གཉིས་བོ་མ་སྐྱེས་ཨེན་ལ་རང་། དེ་ནས་བཟང་ང་ངན་པ་གིའང་མ་བྱེད་ཡེན་ལ། དཀོན་མཆོག་གིས་རང་གི་ཐུགས་དགོངས་ལ་བརྟེན་ཏེ་རིབ་ཀཱ་ལ་དེ་རེ་གསུངས་བ་ལགས། བི་ཛ་ཆེ་ཡིས་ཆུང་བ་ལ་ཞབས་ཕྱི་ཞུ་གི་ལགས། འདི་དོན་ནི་ཁོང་གིས་བདམས་མ་མཛད་ཀྱིན་གོ་ལས་ནས་མིན་ད། ཡིན་ནའང་རང་གི་བོས་མཛད་ཀྱིན་ལ་བརྟེན་ཏེ་འགྲུབ་ཡས་ཀྱི་ཆེད་དུ་ལགས། 13 འདིའི་སྐོར་ལ་གསུང་རབ་ལ་དེ་རེ་བྲིས་འོད་ད་ལགས། ངས་ཡ་ཀོབ་ལ་བྱམས་པ་བྱས་བའི། ཡིན་ནའང་ཨེ་སའུ་ལ་སྡང་ང་བྱས་བའི། 14 ད་ཧ་ན་འོ་རང་གི་སྨྲ་གུ་ལགས་སེ། དཀོན་མཆོག་མེད་དྲང་ང་འོད་ད་ལགས་སེ། དེ་རེ་ཕུ་ཀི་མ་ལགས། 15 གི་བྱས་རེ་སྨྲ་ན་ཁོང་གིས་མོ་ཤེ་ལ་གསུངས་བ་ལགས། ངས་སུ་ལ་སྙིང་རྗེ་བྱེད་ཉིད་འདོད་འདིག། འོ་དེ་ལ་སྙིང་རྗེ་བྱེད་ཡས་ཡིན། དེ་ནས་ངས་སུ་ལ་བྱམས་པ་བྱེད་ཉིད་འདོད་འདིག།འོ་དེ་ལ་བྱམས་པ་བྱེད་ཡས་ཡིན། 16 འོ་བྱས་རེ་དེ་ནི་མིའི་འདོད་པ་ཡང་ན་ཐབས་ཤེས་ལ་རག་མི་ལུས་ད། ཡིན་ནའང་སྙིང་རྗེ་མཛད་ཀྱིན་དཀོན་མཆོག་ལ་རག་ལུས་ད་ལགས། 17 གི་བྱས་རེ་སྨྲ་ན་གསུང་རབ་ཀྱིས་རྒྱལ་བོ་ཕཱ་རོ་ལ་གསུངས་བ་ལགས། ཁྱོའི་ཐོག་ནས་ངའི་ནུས་མཐུ་སྟོན་ཡས་དང་། ངའི་མིང་འཛམ་གླིང་གི་རི་རུ་གསལ་བསྒྲགས་བྱེད་ཡས་ཀྱི་ཕྱིར་ལ། ངས་ཁྱོད་ལ་བསླངས་བའི། 18 འོ་བྱས་རེ་དཀོན་མཆོག་གིས་སུ་ལ་སྙིང་རྗེ་མཛད་ཉིད་འདོད་འདིག་བའི། འོ་དེ་ལ་སྙིང་རྗེ་གནང་ང་ལགས། དེ་ནས་སུ་ལ་སེམས་གྱོང་ང་མཛད་ཉིད་འདོད་འདིག། འོ་དེ་ལ་གྱོང་ང་མཛད་ད་ལགས། དཀོན་མཆོག་གི་ཐུགས་ཁྲོ་དང་སྙིང་རྗེ། 19 ད་ཁྱེད་ཀྱ་ཡིས་ང་ལ་སྨྲ་གི་ལགས། དཀོན་མཆོག་གིས་གི་བྱས་རེ་ད་ལྟ་མི་ལ་སྐྱོན་སྟོན་མཛད་ད་ལེ། ཁོང་གི་ཐུགས་དགོངས་ལ་སུའི་བཀག་ཐུབ་ཀྱི་ལེ། 20 ཡིན་ནའང་དཀོན་མཆོག་ལ་ཁ་སློག་མཁན་མི་ཁྱོད་སུ་ཡིན་ནོ། བཟོས་ཟ་ཅ་ལག་གིས་བཟོ་མཁན་ལ་ཁྱོས་ང་ལ་དེ་རེ་གི་བྱས་རེ་བཟོས་བ་སྨྲས་རེ་སྨྲ་ལེ། 21 རྫ་མ་བཟོ་མཁན་ལ་འདམ་པ་གཅིག་ནས་སྣོད་གཅིག་དོན་ཁག་ཆེ་དང་། གཅིག་དཀྱུས་མ་ཡི་ཆེད་དུ་བཟོ་ཡས་ཀྱི་དབང་ཆ་མེད་ད་ལགས་སེ། 22 དེ་རེ་རང་བྱས་རེ་དཀོན་མཆོག་ལ་ཐུགས་ཁྲོ་དང་ནུས་མཐུ་སྟོན་ཡས་ཀྱི་དབང་ཆ་འོད་ན། ཁོང་གི་ཐུགས་ཁྲོ་བབ་སྟེ་མེད་ད་ལ་འགྲོ་ཡས་ཡིན་མཁན་མི་ཀྱ་མུ་ལ་ཁོང་པ་ཡིས་བཟོད་སྒོམ་མཛད་འོད་ན་གི་འདུག་སེ། 23 དེ་ནི་ཨེན་མ་ནས་གཟི་བརྗིད་ཀྱི་ཕྱིར་ལ་དཀོན་མཆོག་གིས་གྲ་སྒྲིག་མཛད་ཛ། ཁོང་གི་སྙིང་རྗེ་སྟོན་ས་མི་ཀྱ་ཁར་ལ་ཁོང་གི་བླ་ན་མེད་པའི་གཟི་བརྗིད་ཡོལ་ལེ། ཕྲ་ཆག་བའི་བྱས་རེ་མངོན་ཡས་ཀྱི་ཆེད་དུ་ཁོང་པ་ཡིས་མཛད་པ་ལགས། 24 དེ་ནས་འོ་རང་ཀྱ་ལའང་བོས་མཛད་པ་ལགས། དེ་ནས་ཡ་ཧུ་དཱ་པ་ཀྱ་ལ་གཅིག་ཀ་མིན་ད། ཡ་ཧུ་དཱ་པ་མིན་མཁན་ཀྱ་ལའང་བོས་མཛད་པ་ལགས། 25 ཁོང་གིས་མངོན་ཤེས་མཁན་ཧོ་ཤེ་ཨའི་དེབ་ལ་དེ་རེ་གསུངས་ང་ལགས། ངའི་མི་མིན་མཁན་ཀྱ་ལ། ངའི་མི་སྨྲས་རེ་འབོད་ཡས་ཡིན། དེ་ནས་ངས་བརྩེ་བ་མ་བྱས་མཁན་ཀྱ་ལ། ངའི་བརྩེ་བའི་སྨྲས་རེ་འབོད་ཡས་ཡིན། 26 དེ་ནས་ཁོང་ཀྱ་ལ། ཁྱེད་ཀྱ་ངའི་མི་མ་ལགས་སྨྲས་རེ་སྨྲ་ས་རུ་རང་ ཁོང་ཀྱ་ལ་སྐུ་གསོན་པོ་བཞུགས་མཁན་དཀོན་མཆོག་གི་སྲས་དང་སྲས་མོ་སྨྲས་རེ་འབོད་ཀྱི་ལགས། 27 མངོན་ཤེས་མཁན་ཡེ་ཤ་ཡཱ་ཡིས་ཡིས་ར་ཨེལ་གྱི་སྐོར་ལ་དེ་རེ་སྐད་བརྒྱབ་པ་ལགས། ཡིས་ར་ཨེལ་གྱི་བུ་རྒྱུད་ཀྱ་རྒྱ་མཚོའི་བེ་མ་ཅོག་རེ་མང་ང་འོད་ནའང་། ཁོང་ཀྱ་ནས་ལྷག་མ་ལྷག་ལ་ཀྱ་ལ་གཅིག་ཀ་ཐར་པ་ཐོབ་ཀྱི་ལགས། 28 གི་བྱས་རེ་སྨྲ་ན་གཙོ་བོས་ཞི་བ་མེད་མཛད་ད། ཐེངས་གཅིག་ལ་རང་གི་ཁྲིམས་གཅོད་མཛད་ཀྱི་ལགས། 29 འདིའི་སྐོར་ལ་མངོན་ཤེས་མཁན་ཡེ་ཤ་ཡཱ་ཡིས་ཨེན་མ་དེ་རེ་མངོན་མཛད་འོད་ད་ལགས། བླ་ན་མེད་པའི་དཀོན་མཆོག་གིས་འོ་རི་ཕྱིར་ལ་བུ་རྒྱུད་བཞག་མ་མཛད་འོད་ན། འོ་རང་སཱ་དོམ་ཅོག་རེ་འོང་ཡས་འོད། དེ་ནས་འོ་རང་གཱོ་མོ་རཱ་ཅོག་རེ་བྱུང་ཡས་འོད། ཡིས་ར་ཨེལ་གྱི་དད་པ་མེད་ཀྱིན་གྱི་སྐོར། 30 ད་ཧ་ན་འོ་རང་གི་སྨྲ་ཡས། དྲང་བདེན་ལ་མེད་བཙལ་གྱིན་ཡ་ཧུ་དཱ་པ་མིན་མཁན་ཀྱ་ལ་དྲང་བདེན་ཐོབ་འདུག། དེ་ནས་འདི་དྲ་བདེན་ནི་དད་པའི་ཐོག་ནས་ཐོབ་འདུག། 31 ཡིན་ནའང་ཆོས་ཁྲིམས་བསྲུངས་རེ་དྲང་བདེན་འཐོབ་ཡས་ལ་དཀའ་ལས་བརྒྱབ་ཀྱིན་ཡིས་ར་ཨེལ་པ་ཀྱ་ཡིས་འོ་དེ་སྒྲུབ་མ་ཐུབ་པ་ལགས། 32 གི་བྱས་རེ་མ་ཐུབ་པ་ལེ། གི་བྱས་རེ་སྨྲ་ན་ཁོང་ཀྱ་ཡི་དད་པ་ལ་མ་བརྟེན་པ། ཡིན་ནའང་རང་གི་བྱས་ཀྱིན་ལས་ཀ་ལ་བརྟེན་ཏེ་དཀའ་ལས་བརྒྱབ་པ་ལགས། ཁོང་ཀྱ་ཁོ་རི་ལམ་ལ་འོད་ཀྱིན་རྡོ་གོང་ལ་ཐོགས་ཏེ་བསྒྱེལ་བ་ལགས། 33 འདིའི་སྐོར་ལ་གསུང་རབ་ལ་དེ་རེ་བྲིས་འོད་ད་ལགས། ལྟོས་དང་། ང་སི་ཡོན་དུ་ཐོགས་ཀྱིན་དང་སྒྱེལ་རུ་བཅུག་གིན། རྡོ་གོང་ཞིག་བཞག་ཡས་ཡིན། ཡིན་ནའང་ཁོང་ལ་དད་པ་བྱེད་མཁན་སུའང་ངོ་ཚ་ལ་མི་ཆུད་ཀྱི་ལགས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.