Biblia Todo Logo
Bìoball air-loidhne

- Sanasan -

རོ་མཱ་པ། 8 - གློ་བ།


ཚེ་གནང་གིན་དམ་པའི་ཐུགས་ཉིད།

1 འོ་བྱས་རེ་ད་མཱ་ཤི་ཀ་ཡེ་ཤུའི་ནང་གནས་ཀྱིན་ཀྱ་ལ་ཆད་པ་ཕོག་ཡས་མེད་ད་ལགས།

2 གི་བྱས་རེ་སྨྲ་ན་ཚེ་གནང་མཁན་དམ་པའི་ཐུགས་ཉིད་ཀྱི་དབང་གིས། མཱ་ཤི་ཀ་ཡེ་ཤུའི་ཐོག་ནས་ཁྱེད་ཀྱ་ལ་སྡིག་པ་དང་འཆི་བའི་དབང་ནས་ཐར་པ་མཛད་འོད་ད་ལགས།

3 འོ་རི་ལུས་ཀྱིས་སྐྱོ་བ་བཟོས་ཟ་ཆོས་ཁྲིམས་ཀྱི་བྱེད་མ་ཐུབ་ཀྱིན་གོ། དཀོན་མཆོག་གིས་རང་གི་སྲས་སྡིག་པའི་རང་གཤིས་ཀྱི་ལུས་ལ་སྡིག་པའི་དམར་མཆོད་འབྱུང་ཡས་ལ་བརྫངས་ང་མཛད་དེ་འོ་དེ་མཛད་པ་ལགས། དེ་ནས་དེ་རེ་བྱས་རེ་ཁོང་གིས་སྡིག་པ་ལ་ལུས་ལ་རང་ཆད་པ་བསྐལ་མཛད་པ་ལགས།

4 དེ་ནི་འོ་རང་སྡིག་པའི་རང་གཤིས་ལ་བརྟེན་ཏེ་མིན་ད། ཡིན་ནའང་དམ་པའི་ཐུགས་ཉིད་ལ་བརྟེན་ཏེ་འཚོ་བ་བསྐྱལ་གྱིན་ཀྱ་ཡིས། ཆོས་ཁྲིམས་ཀྱིས་དྲང་པོ་རྩི་གིན་གོ་ཏག་ཏག་བྱེད་ད་ཤོག་སྨྲས་རེ་དཀོན་མཆོག་གིས་མཛད་པ་ལགས།

5 སྡིག་པའི་རང་གཤིས་ལ་བརྟེན་ཏེ་འཚོ་བ་བསྐྱལ་མཁན་ཀྱ་ཡིས། སྡིག་པའི་དོན་ཀྱ་ལ་བསམ་བློ་བཏང་ང་ལགས། ཡིན་ནའང་དམ་པའི་ཐུགས་ཉིད་ལ་བརྟེན་ཏེ་འཚོ་བ་བསྐྱལ་མཁན་ཀྱ་ཡིས། ཐུགས་ཉིད་ཀྱི་དོན་ཀྱ་ལ་བསམ་བློ་བཏང་ང་ལགས།

6 ད་སྡིག་པའི་རང་གཤིས་ཀྱིས་ཁྱོད་རི་བསམ་བློ་དབང་བྱེད་དུ་བཅུག་ན། འཆི་བ་དུ་འཁྲིད་བ་ལགས། ཡིན་ནའང་དམ་པའི་ཐུགས་ཉིད་ཀྱིས་ཁྱོད་རི་བསམ་བློ་དབང་བྱེད་དུ་བཅུག་ན། ཚེ་སྲོག་དང་ཞི་བདེ་ལ་འཁྲིད་བ་ལགས།

7 གི་བྱས་རེ་སྨྲ་ན་སྡིག་པའི་རང་གཤིས་ལ་བརྟེན་གྱིན་སེམས་ནི་དཀོན་མཆོག་གི་དགྲ་འོང་ང་ལགས། འདི་དཀོན་མཆོག་གི་ཆོས་ཁྲིམས་ལ་མི་བརྩིས་ལ་ལགས། དེ་ནས་བརྩི་འང་མི་ཐུབ་བ་ལགས།

8 སྡིག་པའི་རང་གཤིས་ཀྱི་ནང་འོད་མཁན་ཀྱ་ཡིས་དཀོན་མཆོག་ལ་ཐུགས་དགྱེས་རུ་བཅུག་མི་ཐུབ་བ་ལགས།

9 ད་དངོས་གནས་དཀོན་མཆོག་གིས་ཐུགས་ཉིད་ཁྱེད་ཀྱ་ཡི་ནང་བཞུགས་འོད་ན། ཁྱེད་ཀྱ་སྡིག་པའི་རང་གཤིས་གི་ནང་མེད་ཡོང་ང་ལགས། ཡིན་ནའང་དམ་པའི་ཐུགས་ཉིད་ཀྱི་ནང་འོང་ང་ལགས། དེ་ནས་མཱ་ཤི་ཀའི་ཐུགས་ཉིད་མེད་ཀྱིན་ཀྱ་སུའང་ཁོང་པ་ཡིས་མ་ལགས།

10 ཡིན་ནའང་མཱ་ཤི་ཀ་ཁྱེད་ཀྱ་ཡི་ནང་བཞུགས་འོད་ན། དེ་ནས་སྡིག་པ་ཡིས་བྱས་རེ་ཁྱེད་ཀྱ་ཡི་ལུས་གོ་ཤིས་འོད་ནའང་། དྲང་བདེན་གྱི་བྱས་རེ་ཁྱེད་ཀྱ་ཡི་སེམས་གོ་གསོན་པོ་འོང་ང་ལགས།

11 དེ་ནས་ཡེ་ཤུ་ལ་འཆི་བ་ནས་སྐུ་གསོན་པོ་མཛད་མཁན་གྱི་ཐུགས་ཉིད་ཁྱེད་ཀྱ་ཡི་ནང་བཞུགས་འོད་ན། མཱ་ཤི་ཀ་ཡེ་ཤུ་ལ་འཆི་བ་ནས་སྐུ་གསོན་པོ་མཛད་མཁན་གྱིས་ཁྱེད་ཀྱ་ཡིས་ནང་བཞུགས་ཀྱིན་དམ་པའི་ཐུགས་ཉིད་ཀྱི་ཐོག་ནས། ཁྱེད་ཀྱི་འཆི་བའི་ལུས་ལའང་ཚེ་སྲོག་གནང་གི་ལགས།

12 ད་འོ་བྱས་རེ་སྤུན་ཀྱ་བོ། འོ་རི་སྡིག་པའི་རང་གཤིས་ལ་བརྟེན་ཏེ་འོ་རང་འཚོ་བ་བསྐྱལ་ཡས་མ་ལགས།

13 གི་བྱས་རེ་སྨྲ་ན་སྡིག་པའི་རང་གཤིས་ལ་བརྟེན་ཏེ་འཚོ་བ་བསྐྱལ་ན། ཁྱེད་ཀྱ་ཤི་གི་ལགས། ཡིན་ནའང་དམ་པའི་ཐུགས་ཉིད་ཀྱི་སྒོ་ནས་སྡིག་པའི་ལས་ཀ་ཀྱ་ཤི་རུ་བཅུག་ན། ཁྱེད་ཀྱ་གསོན་པོ་གནས་ཀྱི་ལགས།

14 གི་བྱས་རེ་སྨྲ་ན་དཀོན་མཆོག་གི་ཐུགས་ཉིད་ཀྱིས་འགོ་ཁྲིད་མཛད་ཛ་གི་རི་དཀོན་མཆོག་གི་སྲས་དང་སྲས་མོ་ལགས།

15 ཡང་འཇིགས་སྣང་གི་ནང་ཆུད་ཡས་ལ་ཁྱེད་ཀྱ་ལ་བྲན་གཡོག་གི་སེམས་ཐོབ་པ་མ་ལགས། ཡིན་ནའང་ཁྱེད་ཀྱ་ལ་དཀོན་མཆོག་གི་སྲས་དང་སྲས་མོ་འབྱུང་ཡས་ཀྱི་ཐུགས་ཉིད་ཐོབ་འོད་ད་ལགས། དེ་ནས་ཁོང་གི་ཐོག་ནས་འོ་རང་ཨབ་བཱ་ཡབ་སྨྲས་རེ་འབོད་ལི་གང་ལ།

16 དམ་པའི་ཐུགས་ཉིད་ཀྱིས་རང་འོ་རི་སེམས་མུ་ལ་འོ་རང་དཀོན་མཆོག་གི་སྲས་དང་སྲས་མོ་ཡིན་གྱིན་གྱི་བདེན་དཔང་མཛད་ད་ལགས།

17 དེ་ནས་འོ་རང་སྲས་དང་སྲས་མོ་ཡིན་ན། འོ་རང་བརྒྱུད་འཛིན་གོའང་ལགས། འོ་རང་དཀོན་མཆོག་གི་བརྒྱུད་འཛིན་དང་། མཱ་ཤི་ཀ་མུ་ལ་བརྒྱུད་འཛིན་གྱི་རོགས་བ་ལགས། དེ་ནས་འོ་རང་མཱ་ཤི་ཀ་མུ་ལ་སྡུག་པོ་མྱངས་ན། ཁོང་གི་གཟི་བརྗིད་གོའང་མུ་ལ་བགོ་ཡས་རག་གི་ལགས།


མ་འོངས་པར་གྱི་གཟི་བརྗིད།

18 ངའི་བསམ་པ་ལ་ད་ལྟའི་སྡུག་ང་ཀྱ་མ་འོངས་པའི་དུས་ལ། འོ་རང་ལ་མངོན་ཡས་ཡིན་གྱིན་གཟི་བརྗིད་མུ་ལ་བསྡུར་ན་གིའང་མ་ལགས།

19 གི་བྱས་རེ་སྨྲ་ན་བཀོད་པ་གི་རི་དཀོན་མཆོག་གི་སྲས་ཀྱ་མངོན་ཡས་ལ་དམི་ཅིག་གི་རེ་བ་ཆེ་བྱས་རེ་སྒུག་སྟེ་བསྡད་འོད་ད་ལགས།

20 གི་བྱས་རེ་སྨྲ་ན་བཀོད་པ་ཀྱ་རང་གི་འདོད་པ་ལ་མིན་ད། ཡིན་ནའང་འོ་དེ་ལ་དབང་འོག་ཏུ་མཛད་ཀྱིན་ཁོང་པ་ཡིས་ཐུགས་དགོངས་ཀྱིས། འོ་དེ་ལ་དོན་མེད་ཀྱིན་དབང་འོག་ཏུ་བཅུག་པ་ལགས། དེ་ནས་དཀོན་མཆོག་གིས་དེ་རེ་མཛད་ཀྱིན་གྱི་རེ་བ་ནི།

21 བཀོད་པ་རང་གོ་རུལ་རེ་འགྲོ་ཡས་ཡིན་གྱིན་དབང་ནས་ཐར་ཏེ། དཀོན་མཆོག་གི་སྲས་དང་སྲས་མོ་ཡི་གཟི་བརྗིད་ཀྱི་རང་དབང་འཐོབ་ཡས་གོ་ལགས།

22 ད་ལྟ་ཐུག་པའི་བཀོད་པ་གི་རི་སྐྱེ་ཟུག་གི་ཟུག་ཅོག་རེ་མུ་ལ་སྡུག་པོ་མྱངས་བའི་འོད་ཀྱིན་གོ་འོ་རང་ཤེས་ལ་ལགས།

23 དེ་ནས་བཀོད་པ་གཅིག་ཀ་མིན་ད། འོ་རང་དམ་པའི་ཐུགས་ཉིད་ཀྱི་འབྲས་བུ་ཕུད་འོད་ཀྱིན་ཀྱའང་། དཀོན་མཆོག་གི་སྲས་ད་སྲས་མོ་འབྱུང་ཡས་དང་། འོ་རི་ལུས་ཀྱི་ཐར་པའི་ཕྱིར་ལ་རེ་བ་བྱས་རེ་སྒུག་སྟེ་བསྡད་ད་རང་། འོ་རང་ཀྱའང་ནང་ནང་ནས་མྱངས་བའི་འོད་ད་ལགས།

24 ད་རེ་བ་འདིའི་བྱས་རེ་རང་འོ་རང་ལ་ཐར་པ་ཐོབ་པ་ལགས། ཡིན་ནའང་མིག་གིས་མཐོང་གིན་རེ་བ་ནི་རེ་བ་རང་མ་ལགས། མིག་གིས་མཐོང་གིན་ལ་སུས་རེ་བ་བྱེད་ཀྱི་ལགས་སེ།

25 ཡིན་ནའང་མིག་གིས་མེད་མཐོང་གིན་ལ་འོ་རིས་རེ་བ་བྱེད་ན། འོ་དེ་ལ་འོ་རང་བཟོད་པ་བྱས་རེ་སྒུག་བ་ལགས།

26 དེ་རེ་རང་བྱས་རེ་དམ་པའི་ཐུགས་ཉིད་ཀྱིས་འོ་རང་སྐྱོ་བ་གང་ལ་རོགས་རམ་མཛད་ད་ལགས། འོ་རང་ཀྱ་ཡིས་སྨོན་ལམ་གང་གི་བྱས་རེ་ཞུ་དགོས་ཡས་གོ་འོ་རང་མེད་ཤེས་ལ་ལགས། ཡིན་ནའང་དམ་པའི་ཐུགས་ཉིད་རང་གི་ཚིག་ལ་སྨྲ་མི་ཐུབ་ཀྱིན་དབུགས་ལ་འོ་རི་ཆེད་དུ་ཞུ་བ་འབུལ་ལ་མཛད་ད་ལགས།

27 དེ་ནས་འོ་རང་ཀྱ་ཡི་སེམས་ལ་གཟིགས་ཀྱིན་ཁོང་པ་ཡིས་དམ་པའི་ཐུགས་ཉིད་ཀྱི་ཐུགས་དགོངས་གོ་མཁྱེན་ད་ལགས། གི་བྱས་རེ་སྨྲ་ན་དམ་པའི་ཐུགས་ཉིད་ཀྱིས་དཀོན་མཆོག་གི་ཐུགས་དགོངས་ལ་བརྟེན་ཏེ། དམ་པའི་མི་ཀྱ་ཡི་ཆེད་དུ་ཞུ་བ་འབུལ་ལ་ལགས།

28 དེ་ནས་དཀོན་མཆོག་ལ་བྱམས་པ་བྱེད་མཁན་དང་། ཁོང་གི་ཐུགས་དགོངས་ལ་བརྟེན་ཏེ་བོས་པ་ཀྱ་ཡི་ཆེད་དུ། ཁོང་གིས་དོན་གི་རི་ལ་བཟང་ང་མཛད་ད་ལགས་སྨྲས་རེ་འོ་རང་ལ་ཤེས་ཡས་འོད་ད་ལགས།

29 གི་བྱས་རེ་དཀོན་མཆོག་གིས་རང་གི་མི་ཀྱ་ལ་ཐོག་མ་ནས་ངོ་མཁྱེན་ད་མཛད་ད་ལགས། དེ་ནས་ཁོང་གི་སྲས་སྤུན་མང་ང་ཡི་ནང་ནས་ཨེན་ལ་སྐྱེས་ཀྱ་འབྱུང་ཡས་ཀྱི་ཆེད་དུ། རང་གི་མི་ཀྱ་ལའང་རང་གི་སྲས་ཅོག་རེ་འབྱུང་ཡས་ལ། ཁོང་པ་ཡིས་བདམས་མ་མཛད་པ་ལགས།

30 དེ་ནས་ཁོང་གིས་ཁོང་ཀྱ་ལ་བདམས་མ་མཛད་དེ། ཁོང་ཀྱ་ལ་རང་རྩ་རུ་བོས་འང་མཛད་པ་ལགས། དེ་ནས་ཁོང་གིས་རང་རྩ་རུ་བོས་མཛད་ཛ་ཀྱ་ལ། དྲང་པོའང་མཛད་པ་ལགས། དེ་ནས་དྲང་པོ་མཛད་ཛ་ཀྱ་ལ། རང་གི་གཟི་བརྗིད་གོའང་གནང་ང་མཛད་པ་ལགས།


དཀོན་མཆོག་གི་བྱམས་པ།

31 ད་ཧ་ན་འོ་རང་དོན་དེ་ཀྱ་ཡི་སྐོར་ལ་གི་སྨྲ་ཡས། དཀོན་མཆོག་འོ་རི་ཕྱོགས་ལ་འོད་ན། སུ་འོ་རི་རྒྱབ་ལ་ལངས་ཐུབ་ཀྱི་ལགས་སེ།

32 དཀོན་མཆོག་གིས་རང་གི་སྲས་ལ་ཕངས་ང་མ་མཛད་ད། འོ་རང་གི་རིའི་ཆེད་དུ་བློས་བཏང་མཛད་པ་ལགས། ད་དེ་རེ་ཡིན་ན་ཁོང་པ་ཡིས་འོ་རང་ལ་རང་གི་སྲས་མུ་ལ་གཞན་མ་དོན་གི་རིའང་གནང་གི་མ་ལགས་སེ།

33 དཀོན་མཆོག་གིས་བདམས་མ་མཛད་ཛ་ཀྱ་ལ་སུའི་སྐྱོན་འཛུགས་ཐུབ་ཀྱི་ལེ། དྲང་པོ་མཛད་མཁན་ནི་དཀོན་མཆོག་ལགས།

34 ད་ཧ་ན་འོ་རང་ལ་སུས་ཁྲིམས་གཅོད་བྱེད་ཀྱི་ལེ། སུས་འང་བྱེད་ཀྱི་མ་ལགས། གི་བྱས་རེ་སྨྲ་ན་མཱ་ཤི་ཀ་ཡེ་ཤུ་ནི་འོ་རི་ཆེད་དུ་གྲོངས་ང་མཛད་པ་ལགས། དེ་ནས་ཡང་སྐུ་གསོན་པོ་བཞེངས་ང་མཛད་པ་ལགས། དེ་ནས་ཁོང་དཀོན་མཆོག་གི་ཕྱག་གཡས་རུ་བཞུགས་བ་མཛད་དེ། འོ་རི་ཆེད་དུ་ཞུ་བ་འབུལ་ལི་འོད་ད་ལགས།

35 ད་མཱ་ཤི་ཀའི་བྱམས་པ་ནས་འོ་རང་ལ་སུས་ཁ་ཕྲལ་ཐུབ་ཀྱི་ལེ། གག་བ་ཡིས། ཡང་ན་དཀའ་ངལ་གྱིས། ཡང་ན་སྡུག་བསྔལ་གྱིས། ཡང་ན་མུ་གེ་གིས། ཡང་ན་གོན་ཡས་མེད་ཀྱིན་གྱིས། ཡང་ན་འཇིགས་སྐྲག་གིས། ཡང་ན་ཤི་ཡས་ཀྱི་འཇིགས་སྐྲག་གིས་འོ་རང་ལ་ཁ་ཕྲལ་ཐུབ་ཀྱི་ལགས་སེ།

36 འདིའི་སྐོར་ལ་གསུང་རབ་ལ་དེ་རེ་བྲིས་འོད་ད་ལགས། ཁྱེད་རང་གི་ཆེད་དུ་འེ་ཀྱ་ཞག་མོ་དྲང་བའི་ཤི་ཡས་ཀྱི་ཉེན་ཁ་ལ་འོད་ད་ལགས། འེ་ཀྱ་ལ་བཤའ་ཡས་ཡིན་གྱིན་ལུག་ཀྱ་ཅོག་རེ་བརྩིས་ལ་ལགས།

37 ཡིན་ནའང་འདི་གནས་ཚུལ་གི་རིའི་ནང་ལའང་། འེ་ལ་བྱམས་པ་མཛད་མཁན་གྱིས་ཐོག་ནས་འེ་ལ་རྒྱལ་ཁ་ཚང་གོ་ཐོབ་འོད་ད་ལགས།

38-39 གི་བྱས་རེ་སྨྲ་ན་འཆི་བ་ཡང་ན་ཚེ། དེ་ནས་ནམ་མཁའི་བང་ཆེན་ཀྱ། ཡང་ན་གཞན་མ་དབང་འཛིན་མཁན་ཀྱ། དེ་ནས་ད་ལྟའི་དོན། ཡང་ན་མ་འོངས་པར་གྱི་དོན། དེ་ནས་དབང་ཀྱ། དེ་ནས་མཐོ་བ་ཡང་ན་དམའ་བ། ཡང་ན་བཀོད་པ་གི་རིའི་ནང་ནས་གིན་གྱིས་འང་། མཱ་ཤི་ཀ་ཡེ་ཤུའི་ནང་འོད་ཀྱིན་དཀོན་མཆོག་གི་བྱམས་པ་ནས་འོ་རང་ལ་ཁ་ཕྲལ་མི་ཐུབ་ཀྱི་ལགས་སྨྲས་རེ་ང་ལ་ཡིད་ཆེས་བརྟན་པོ་འོད།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan