Biblia Todo Logo
Bìoball air-loidhne

- Sanasan -

རོ་མཱ་པ། 7 - གློ་བ།


མནའ་མ་ལེན་གྱིན་གྱི་སྐོར་ལ་ཆོས་ཁྲིམས།

1 སྤུན་ཀྱ་བོ། ང་ཆོས་ཁྲིམས་ཤེས་མཁན་ཀྱ་མུ་ལ་ལབ་བཏང་ང་ཡིན། ཆོས་ཁྲིམས་ཀྱིས་མི་ཞིག་ལ་གསོན་པོ་བསྡད་ཀྱིན་ཐུག་པའི་གཅིག་ཀ་དབང་བྱེད་ད་ལགས་སྨྲ་གིན་ལབ་དེ་ཁྱེད་ཀྱ་ལ་ཤེས་ཡས་མེད་དེ།

2 དཔེ་ལ་བཞག་ན། མནའ་མ་སོང་ས་སྐྱེད་དམན་གཅིག་ཁྲིམས་ཀྱི་བྱས་རེ་མོ་རི་ཁྱོ་ག་གསོན་པོ་བསྡད་དེ་ཐུག་པའི་ཁོའི་མུ་ལ་བསྡམས་མ་ལགས། ཡིན་ནའང་མོའི་ཁྱོ་ག་གོ་ཤི་ན། མོ་འོ་དེ་མནའ་མ་ལེན་གྱིན་ཁྲིམས་ནས་ཐར་ར་ལགས།

3 ད་ཧ་ན་མོ་མོ་རི་ཁྱོ་ག་གསོན་པོ་འོད་ད་རང་མི་གཞན་མ་མུ་ལ་བསྡད་ན། མོ་ལ་ལོག་གཡེམ་མ་སྨྲས་རེ་སྨྲ་གི་ལགས། ཡིན་ནའང་མོའི་ཁྱོ་ག་ཤི་ན། མོ་འོ་དེ་ཆོས་ཁྲིམས་ནས་ཐར་ར་ལགས། དེ་ནས་མོས་མི་གཞན་མ་མུ་ལ་མནའ་མ་ལ་འགྲོ་ནའང་། མོ་ལོག་གཡེམ་མ་མི་བྱུང་ང་ལགས།

4 དེ་རེ་རང་བྱས་རེ་ངའི་སྤུན་ཀྱ་བོ། ཁྱེད་ཀྱའང་མཱ་ཤི་ཀའི་སྐུ་ལུས་ཀྱི་ཐོག་ནས་ཆོས་ཁྲིམས་ཀྱི་ཆེད་དུ་ཤི་བ་ལགས། དེ་ནི་ཁྱེད་ཀྱ་འཆི་བ་ནས་སྐུ་གསོན་པོ་བཞེངས་ཞ་མི་གཞན་མ་ཡང་ན་མཱ་ཤི་ཀ་མུ་ལ་སྡུམ་མ་ཤོག་སྨྲས་རེ། དེ་ནས་འོ་རང་ཀྱ་དཀོན་མཆོག་གི་ཆེད་དུ་འབྲས་བུ་སྐྱེ་ལ་ཤོག་སྨྲས་རེ་ལགས།

5 གི་བྱས་རེ་སྨྲ་ན་འོ་རང་སྡིག་པའི་རང་བཞིན་ལ་འཚོ་བ་བསྐྱལ་ལི་གང་ལ། ཆོས་ཁྲིམས་ཀྱི་བྱས་རེ་ལངས་ཀྱིན་འདོད་ཆགས་ཀྱ་ཡིས་འོ་རི་ལུས་ལ་ལས་ཀ་བསྐུལ་ལ་ལགས། དེའི་བྱས་རེ་འོ་རང་ཀྱ་ཡིས་འཆི་བའི་ཆེད་དུ་འབྲས་བུ་སྐྱེས་བ་ལགས།

6 ཡིན་ནའང་ད་ལྟ་འོ་རང་ཆོས་ཁྲིམས་ནས་ཐར་འོད་ད་ལགས། གི་བྱས་རེ་སྨྲ་ན་འོ་རང་ཆོས་ཁྲིམས་ཀྱི་ཐོག་ནས་ཤི་བ་ལགས། དེ་ནས་ད་འོ་དེའི་དབང་འོག་ལ་མེད་ད་ལགས། ད་འོ་རང་སྲོལ་རྙིང་པ་ཅོག་རེ་ཆོས་ཁྲིམས་ཀྱི་ཚིག་ལ་བརྩིས་རེ་མིན་ད། ཡིན་ནའང་སྲོལ་གསར་པ་ཅོག་རེ་ཐུགས་ཉིད་ཀྱི་ཐོག་ནས་འཚོ་བ་བསྐྱལ་རེ་དཀོན་མཆོག་ལ་ཞབས་ཕྱི་ཞུ་ཐུབ་ཀྱི་ལགས།


ཆོས་ཁྲིམས་དང་སྡིག་པ།

7 ད་ཧ་ན་འེ་ཀྱ་གི་སྨྲ་ཡས། ཆོས་ཁྲིམས་གོ་སྡིག་པ་ལགས་སེ། ཕུ་ཀི་མ་ལགས། ཆོས་ཁྲིམས་གོ་མེད་ན། ངས་སྡིག་པ་གི་ཡིན་གྱིན་གོ་ངོ་ཤེས་ཡས་མེད། གི་བྱས་རེ་སྨྲ་ན་ཁྱོས་ཧམ་པ་མ་བྱེད་སྨྲས་རེ་ཆོས་ཁྲིམས་ཀྱིས་མ་སྨྲས་འོད་ན། ཧམ་པ་བྱེད་ཡས་གོ་གི་ལེ་སྨྲས་རེ་ངས་ཤེས་ཡས་མེད།

8 ཡིན་ནའང་སྡིག་པ་ཡིས་བཀའ་ཡི་སྒོ་ནས་གོ་སྐབས་འབྱོར་ཏེ། ངའི་སེམས་ལ་ཧམ་པ་སྣ་ཚོགས་སྐྱེད་རུ་བཅུག་པ་ལགས། ཆོས་ཁྲིམས་མེད་ན། སྡིག་པ་ཤི་ཤ་ཅོག་རེ་ལགས།

9 ཨེན་མ་ཐེངས་གཅིག་ང་ཆོས་ཁྲིམས་ནས་བྲལ་རེ་གསོན་པོ་བསྡད་འོད་ད་ལགས། ཡིན་ནའང་བཀའ་གོ་བ་སླེབས་ཏེ་སྡིག་པ་གོ་གསོན་པོ་བྱུང་སོང་།

10 དེ་ནས་ང་ཤི་སོང་། དེ་ནས་ཚེ་གནང་དགོས་ཡས་ཡིན་གྱིན་བཀའ་དེ་ཡིས་ངའི་ཕྱིར་ལ་འཆི་བ་ཁྱེར་ཏེ་འོང་སོང་།

11 གི་བྱས་རེ་སྨྲ་ན་སྡིག་པ་ཡིས་བཀའ་ཡི་སྒོ་ནས་གོ་སྐབས་འབྱོར་ཏེ་ང་ལ་མགོ་སྐོར་བཏང་སོང་། དེ་ནས་བཀའ་ཡི་ཐོག་ནས་ང་ལ་བསད་སོང་།

12 འོ་བྱས་རེ་ཆོས་ཁྲིམས་ནི་དམ་པ་འདུག། དེ་ནས་བཀའ་གོ་དམ་པ་དང་། བདེན་པ་དང་། བཟང་པོ་འདུག།

13 ད་ཧ་ན་བཟང་པོ་ཡིན་གྱིན་ཆོས་ཁྲིམས་ཀྱིས་ང་ལ་འཆི་བ་ཁྱེར་ཏེ་འོངས་བ་ལགས་སེ། དེ་རེ་ཕུ་ཀི་མ་ལགས། ཡིན་ནའང་སྡིག་པ་གོ་སྡིག་པ་ལགས་སྨྲས་རེ་ངོ་ཤེས་རུ་བཅུག་ཡས་ཀྱི་ཕྱིར་ལ། བཟང་ང་ཡིན་གྱིན་གོ་བེད་སྤྱོད་བྱས་རེ་སྡིག་པ་ཡིས་ང་ལ་བསད་པ་ལགས། དེ་ནས་འོ་བྱས་རེ་བཀའ་ཡི་ཐོག་ནས་སྡིག་པ་གོ་ཡོལ་ལེ་ཚབས་ཆེ་སྡིག་པ་སྟོན་པ་ལགས།

14 ད་ཆོས་ཁྲིམས་ནི་ཐུགས་ཉིད་ནས་བྱུང་གིན་གོ་འོ་རང་ཤེས་ལ་ལགས། ཡིན་ནའང་ང་ནི་ལུས་ལ་བྱས་རེ་སྡིག་པའི་བྲན་གཡོག་ལ་བཙོངས་ཙ་ཅོག་རེ་ཡིན།

15 ངས་གི་བྱེད་ཀྱིན་གོ་ང་རང་གིས་ཧ་མེད་གོ་བ། གི་བྱས་རེ་སྨྲ་ན་ངས་གི་འདོད་ཀྱིན་གོ་ངས་མི་བྱེད་འདག། ཡིན་ནའང་ངས་གི་སྡང་ང་བྱེད་ཀྱིན་གོ་ངས་བྱེད་འདིག།

16 ད་ངས་གི་མེད་འདོད་ཀྱིན་གོ་ངས་བྱེད་ན། ཆོས་ཁྲིམས་བཟང་ང་འོད་ཀྱིན་གོ་ངས་ཁས་ལེན་བྱེད་ད་ལགས།

17 འོ་བྱས་རེ་འོ་དེ་བྱེད་ཀྱིན་གོ་ང་རང་མིན་ད། ཡིན་ནའང་ངའི་ནང་དུ་གནས་ཀྱིན་སྡིག་པ་ཡིས་ང་ལ་འོ་དེ་བྱེད་དུ་བཅུག་བ་ལགས།

18 དེ་ནས་ངའི་སྡིག་པའི་རང་གཤིས་ལ་བཟང་ང་གིའང་མེད་གནས་ལ་ལགས་སྨྲས་རེ་ང་ལ་ཤེས་ཡས་འོད། གི་བྱས་རེ་སྨྲ་ན་བཟང་ང་གི་ཡིན་གྱིན་གོ་བྱེད་ཡས་ལ་ངས་འདོད་པ་འོད། ཡིན་ནའང་འོ་དེ་ངས་བྱེད་མི་ཐུབ་བ་ལགས།

19 ངས་འདོད་ཀྱིན་བཟང་ང་གོ་ངས་མི་བྱེད་ད་ལགས། ཡིན་ནའང་ངས་མེད་འདོད་ཀྱིན་ངན་པ་གོ་ངས་བྱེད་ཇིག་བྱེད་ད་ལགས།

20 ད་ངས་མེད་འདོད་ཀྱིན་གོ་ངས་བྱེད་ན། འོ་དེ་བྱེད་ཀྱིན་གོ་ང་མ་ལགས། ཡིན་ནའང་ངའི་ནང་གནས་ཀྱིན་སྡིག་པ་ཡིས་བྱེད་ད་ལགས།

21 ད་ང་བཟང་ང་གོ་བྱེད་ཉིད་འདོད་ནའང་། ངན་པ་གོ་ངའི་ནང་དུ་རང་གནས་འདུག འོ་བྱས་རེ་མི་ཚེའི་འགྲོ་སྟངས་གོ་ངས་མཐོང་བའི།

22 དེ་ནས་ངའི་སེམས་ཀྱི་གཏིང་ནས་དཀོན་མཆོག་གི་ཆོས་ཁྲིམས་ལ་དགའ་བ་བྱེད་འདིག་འོད།

23 ཡིན་ནའང་ངའི་ལུས་ཀྱི་ནང་ཁྲིམས་གཞན་མ་ཞིག་གིས་ལས་ཀ་བྱེད་ཀྱིན་གོ་ངས་མཐོང་བའི། དེ་ནས་དེ་ངའི་སེམས་ཀྱིས་འཐད་ཀྱིན་ཁྲིམས་མུ་ལ་འཐབས་ཏེ། ང་ལ་ངའི་ནང་ལས་ཀ་བྱེད་ཀྱིན་སྡིག་པའི་དབང་གི་བཙོན་པ་བཟོས་བའི།

24 ཨ་ཙི། ང་གིན་གྱི་སྡུག་བ་མི་ཞིག་ལེ། འདི་འཆི་བའི་ལུས་ནས་ང་ལ་སུའི་ཐར་པ་མཛད་ཀྱི་ལེ།

25 འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐོག་ནས་ཐར་པ་མཛད་ཀྱིན་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུ་བ་ཡིན། ད་ངས་ང་རང་གི་སེམས་ནས་དཀོན་མཆོག་གི་ཆོས་ཁྲིམས་ལ་ཞབས་ཕྱི་ཞུས་ལ་ལགས། ཡིན་ནའང་ངའི་སྡིག་པའི་རང་གཤིས་ཀྱིས་སྡིག་པའི་དབང་ལ་ཞབས་ཕྱི་ཞུས་ལ་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan