Biblia Todo Logo
Bìoball air-loidhne

- Sanasan -

རོ་མཱ་པ། 6 - གློ་བ།


སྡིག་པའི་ནང་འཆི་བ་དང་མཱ་ཤི་ཀའི་ནང་ཚེ།

1 ད་ཧ་ན་འོ་རང་གི་སྨྲ་ཡས། ཐུགས་རྗེ་འཕེལ་ཡས་ཀྱི་ཆེད་དུ་འོ་རང་ཀྱ་སྡིག་པ་བསགས་ཏེ་འགྲོ་གུ་ལེ།

2 དེ་རེ་ཕུ་ཀི་མ་ལགས། འོ་རང་ནི་སྡིག་པའི་ནང་ཤི་ཚར་ས་བྱས་རེ། ད་ད་རོང་འོ་དེ་ནང་དུ་གང་གི་བྱས་རེ་འཚོ་བ་བསྐྱལ་ཐུབ་གི་ལེ།

3 ཡང་ན་འོ་རང་མཱ་ཤི་ཀ་ཡེ་ཤུའི་ཐོག་ནས་ཁྲུས་གསོལ་ལེན་མཁན་གི་རི་ཡིས་འང་། ཁོང་གི་འཆི་བའི་ནང་མུ་ལ་མཐུན་པ་ལགས་སྨྲས་རེ་ཁྱེད་ཀྱ་ཡིས་མེད་ཤེས་ལ་ལེ།

4 འོ་བྱས་རེ་འོ་རི་ཁྲུས་གསོལ་གྱི་ཐོག་ནས་འོ་རང་ཀྱ་ཁོང་པ་མུ་ལ་འཆི་བའི་ནང་དུར་ཁྲོད་དུ་བས་བ་ལགས། དེ་ནི་ཡབ་ཀྱི་གཟི་བརྗིད་ཅན་གྱི་ནུས་མཐུའི་ཐོག་ནས་མཱ་ཤི་ཀ་འཆི་བ་ནས་སྐུ་གསོན་པོ་བཞེངས་ཀྱིན་ཅོག་རེ། འོ་རང་ཀྱའང་ཚེ་གསར་པའི་ནང་འཚོ་བ་བསྐྱལ་ལ་ཤོག་སྨྲས་རེ་ལགས།

5 གི་བྱས་རེ་སྨྲ་ན་ཁོང་གི་འཆི་བ་ལ་འོ་རང་ཀྱ་ཁོང་མུ་ལ་གཅིག་བྱུང་འོད་ན། ཁོང་སྐུ་གསོན་པོ་བཞེངས་ཀྱིན་གོ་ལའང་འོ་རང་ཁོང་མུ་ལ་དངོས་གནས་གཅིག་འབྱུང་གི་ལགས།

6 དེ་ནས་སྡིག་པའི་དབང་འོག་ཏུ་འོད་ཀྱིན་འོ་རི་ལུས་དེ་མེད་ད་ལ་བཏང་ཡས་དང་། འོ་རང་སྡིག་པའི་བྲན་གཡོག་མི་འབྱུང་ཡས་ཀྱི་ཆེད་དུ། འོ་རི་སྡིག་པའི་གཤིས་ཀ་གོ་ཁོང་མུ་ལ་རྒྱང་ཤིང་ལ་བརྐྱངས་པ་ལགས་སྨྲས་རེ་འོ་རང་ཤེས་ལ་ལགས།

7 གི་བྱས་རེ་སྨྲ་ན་ཤི་ཚར་གྱིན་གོ་ལ་སྡིག་པའི་དབང་ནས་ཐར་པ་ཐོབ་འོད་ད་ལགས།

8 ད་འོ་རང་མཱ་ཤི་ཀ་མུ་ལ་ཤི་བ་ཡིན་ན། འོ་རང་ཁོང་མུ་ལ་འཚོ་བའང་བསྐྱལ་གྱི་ལགས་སྨྲས་རེ་འོ་རང་ཡིད་ཆེས་བྱེད་ད་ལགས།

9 གི་བྱས་རེ་སྨྲ་ན་མཱ་ཤི་ཀ་འཆི་བ་ནས་སྐུ་གསོན་པོ་བཞེངས་ཞ་བྱས་རེ། ཁོང་ལྡབ་ལེ་ནམ་མའང་གྲོངས་ང་མེད་མཛད་ཀྱི་ལགས། དེ་ནས་དེ་ནས་ཧ་ལ་འཆི་བའི་དབང་ཁོང་ཁར་ལ་མེད་ད་ལགས་སྨྲས་རེ་འོ་རང་ཤེས་ལ་ལགས།

10 ཁོ་གྲོངས་ཀྱིན་གོ་ནི་སྡིག་པའི་དབང་གཏོར་བཤིག་མཛད་ཡས་ཀྱི་ཆེད་དུ་ཐེངས་གཅིག་ལ་གྲོངས་པ་ལགས། ཡིན་ནའང་ཁོང་འཚོ་བ་བསྐྱལ་གྱིན་གོ་ནི་དཀོན་མཆོག་གི་གཟི་བརྗིད་ཀྱི་ཆེད་དུ་བསྐྱལ་ལ་ལགས།

11 དེ་རེ་རང་བྱས་རེ་ཁྱེད་ཀྱའང་སྡིག་པའི་དབང་འོག་ཏུ་མེད་གནས་ལ་ཤི་ཚར་ས། ཡིན་ནའང་མཱ་ཤི་ཀ་ཡེ་ཤུ་ཐོག་ནས་དཀོན་མཆོག་གི་གཟི་བརྗིད་ཀྱི་ཆེད་དུ་གསོན་པོ་རྩིས་དགོས།

12 འོ་བྱས་རེ་འདོད་ཆགས་ཀྱི་དབང་འོག་ཏུ་མེད་འགྲོ་ཡས་ཀྱི་ཕྱིར་ལ། སྡིག་པ་ལ་ཁྱེད་ཀྱ་ཡི་ཤི་རེ་འགྲོ་ཡས་ཡིན་གྱིན་ལུས་ལ་དབང་བྱེད་དུ་མ་བཅུག།

13 རང་གི་ལུས་ཀྱི་ཡན་ལག་གཅིག་འང་ངན་པའི་ལག་ཆ་ཅོག་རེ་སྡིག་པ་བྱེད་ཡས་ལ་མ་སྟེར། ཡིན་ནའང་འཆི་བ་ནས་གསོན་པོ་ལ་ཁྲིད་དེ་འོངས་བ་མི་ཀྱ་ཅོག་རེ་རང་ལ་དཀོན་མཆོག་གི་དྲུང་དུ་ཕུལ། དེ་ནས་རང་གི་ཡན་ལག་ཀྱ་གི་རི་དྲང་བདེན་གྱི་ལས་ཀ་བྱེད་ཀྱིན་ལག་ཆ་ཅོག་རེ་དཀོན་མཆོག་ལ་ཕུལ།

14 ད་སྡིག་པས་ཁྱེད་ཀྱ་ལ་དབང་བྱེད་ཀྱི་མ་ལགས། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཆོས་ཁྲིམས་ཀྱི་དབང་འོག་ཏུ་མིན་ད། ཐུགས་རྗེའི་དབང་འོག་ཏུ་འོད་ད་ལགས།


དཀོན་མཆོག་ལ་ཐུགས་མཉེས་བོའི་ལས་ཀ་བྱེད་ཀྱིན་བྲན་གཡོག།

15 ད་ཧ་ན་གི། འོ་རང་ཆོས་ཁྲིམས་ཀྱི་དབང་འོག་ཏུ་མིན་ད་ཡིན་ནའང་ཐུགས་རྗེའི་དབང་འོག་ཏུ་འོད་སྨྲས་རེ། འོ་རང་སྡིག་པ་བྱེད་གུ་ལགས་སེ། དེ་རེ་ཕུ་ཀི་མ་ལགས།

16 ད་བཀའ་ལ་བརྩིས་ཀྱིན་བྲན་གཡོག་ཅོག་རེ་ཁྱེད་ཀྱ་ཡིས་རང་ལ་སུ་རྩ་རུ་འབུལ་ལི། ཁྱེད་ཀྱ་འོ་དེའི་རང་བཀའ་ལ་ཉན་གྱིན་བྲན་གཡོག་བྱུང་ང་ལགས་སྨྲས་རེ་ཁྱེད་ཀྱ་མེད་ཤེས་ལ་ལེ། ཁྱེད་ཀྱ་ཡང་ན་འཆི་བ་ལ་འཁྲིད་ཀྱིན་སྡིག་པའི་བྲན་གཡོག། ཡང་ན་དྲང་བདེན་ལ་འཁྲིད་ཀྱིན་དཀོན་མཆོག་གི་བཀའ་ལ་ཉན་གྱིན་བྲན་གཡོག་བྱུང་ང་ལགས།

17 ཡིན་ནའང་ང་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུ་བ་ཡིན། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཨེན་མ་ཐེངས་གཅིག་སྡིག་པའི་བྲན་གཡོག་བྱུང་འོད་ན། ད་ལྟ་ཁྱེད་ཀྱ་ལ་བསླབས་ལ་ཆོས་ལ་ཁྱེད་ཀྱ་སྙིང་གཏིང་ནས་ཁ་ལ་ཉན་གྱིན་བྱུང་འདུག།

18 དེ་ནས་ཁྱེད་ཀྱ་ལ་དཀོན་མཆོག་གིས་སྡིག་པ་ནས་ཐར་པ་མཛད་དེ། ད་ཁྱེད་ཀྱ་དྲང་བདེན་གྱི་བྲན་གཡོག་བྱུང་འདུག།

19 ཁྱེད་ཀྱ་ཡིས་ཧ་གོ་ཡས་ཀྱི་ནུས་པ་སྐྱོ་བ་བྱས་རེ། ང་ཁྱེད་ཀྱ་ལ་མི་ཚེའི་ཉིན་རེའི་དཔེ་སྟོན་ཏེ་སྨྲ་ཡིན། ཁྱེད་ཀྱ་ཡིས་ཐེངས་མ་གཅིག་རང་ལ་མེད་གཙང་ང་དང་། ཡོལ་ལེ་མང་དུ་མང་དུ་འགྲོ་གིན་ངན་པའི་བྲན་གཡོག་བྱེད་ཡས་ལ་སྟེར་གྱིན་ཅོག་རེ། ད་ད་ལྟ་རང་ལ་དམ་པ་ལ་འགྱུར་ཡས་ཀྱི་ཆེད་དུ་དྲང་བདེན་གྱི་བྲན་གཡོག་བྱེད་ཡས་ལ་ཕུལ།

20 གི་བྱས་རེ་སྨྲ་ན་ཁྱེད་ཀྱ་སྡིག་པའི་དབང་འོག་ཏུ་འོད་ད་རང་དྲང་བདེན་གྱི་དབང་ནས་ཐར་འོད་ད་ལགས།

21 ད་འོ་དེ་གང་ལ་བྱས་བྱ་ད་ལྟ་ཁྱེད་ཀྱ་ངོ་ཚ་གིན་ལས་ཀ་ཀྱ་ནས་ཁྱེད་ཀྱ་ལ་གི་འབྲས་བུ་རག་སོ། འོ་དེ་ལས་ཀ་ཀྱ་ཡི་འབྲས་བུ་ནི་འཆི་བ་ལགས།

22 ཡིན་ནའང་ད་ལྟ་ཁྱེད་ཀྱ་སྡིག་པའི་དབང་ནས་ཐར་པ་ཐོབ་སྟེ་དཀོན་མཆོག་གི་བྲན་གཡོག་བྱུང་འོད་ད་ལགས། འོ་བྱས་རེ་དེའི་ཕན་ཐོགས་ནི་ཁྱེད་ཀྱ་དམ་པ་ལ་འགྱུར་རི་འོད་ད་ལགས། དེ་ནས་འབྲས་བུ་གོ་མཐའ་མེད་པའི་ཚེ་སྲོག་ལགས།

23 གི་བྱས་རེ་སྨྲ་ན་སྡིག་པ་བྱེད་མཁན་ཀྱ་ལ་ཐོབ་ཀྱིན་གླ་ཆ་ནི་འཆི་བ་ལགས། ཡིན་ནའང་དཀོན་མཆོག་གི་རིན་ཐང་མེད་ཀྱིན་གནང་སྦྱིན་ནི། འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ནང་འོད་ཀྱིན་མཐའ་མེད་པའི་ཚེ་སྲོག་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan