རོ་མཱ་པ། 5 - གློ་བ།ཞི་བདེ་དང་དགའ་སྤྲོ། 1 འོ་བྱས་རེ་དད་པའི་སྒོ་ནས་འོ་རང་དྲང་པོ་བརྩིས་ཅ་བྱས་རེ། འོ་རང་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐོག་ནས་དཀོན་མཆོག་མུ་ལ་བསྡུམས་པ་ལགས། 2 ཡེ་ཤུ་ཡིས་འོ་རང་ལ་དད་པའི་ཐོག་ནས། ད་ལྟ་འོ་རང་གནས་ཏེ་བསྡད་ད་ཐུགས་རྗེའི་ནང་ཁྲིད་དེ་འོངས་བ་ལགས། དེ་ནས་དཀོན་མཆོག་གི་གཟི་བརྗིད་ནང་བཅར་ཡས་ཀྱི་རེ་བ་བཞག་སྟེ་འོ་རང་དགའ་སྤྲོ་བྱེད་ད་ལགས། 3 དེ་ཚོད་གཅིག་ཀ་མིན་ད། འོ་རང་འོ་རི་སྡུག་བསྔལ་ལ་དགའ་སྤྲོ་བྱེད་ད་ལགས། གི་བྱས་རེ་སྨྲ་ན་སྡུག་བསྔལ་གྱིས་བཟོད་པ། 4 དང་བཟོད་པ་ཡིས་སྤྱོད་པ་བཟང་པོ་དང་། སྤྱོད་པ་བཟང་པོ་ཡིས་རེ་བ་སྐྱེ་གིན་གོ་འོ་རིས་ཤེས་ལ་ལགས། 5 དེ་ནས་རེ་བ་ཡིས་འོ་རང་ལ་བློ་འཕམ་དུ་མི་བཅུག་བ་ལགས། གི་བྱས་རེ་སྨྲ་ན་འོ་རང་ལ་གནང་ན་དམ་པའི་ཐུགས་ཉིད་ཀྱི་སྒོ་ནས། དཀོན་མཆོག་གི་བྱམས་པ་འོ་རི་སེམས་ནང་ལ་བླུགས་འོད་ད་ལགས། 6 འོ་རང་ཐབས་སྐྱོ་བ་འོད་དེ་གང་ལ་རང་། མཱ་ཤི་ཀ་སྡིག་ཅན་ཀྱ་ཡི་ཆེད་དུ་དཀོན་མཆོག་གིས་བདམས་མ་མཛད་ཛ་དུས་ཏིག་ཏིག་གོ་ལ་གྲོངས་ང་མཛད་པ་ལགས། 7 དེ་ནས་མི་བཟང་པོའི་ཆེད་དུ་སྲོག་བློས་བཏང་མཁན་ཀྱ་འོད་ན། མི་དྲང་པོའི་ཆེད་དུ་སྲོག་བློས་བཏང་མཁན་ཀྱ་དཀོན་པོ་འོད་གྲོ། 8 ཡིན་ནའང་འོ་རང་ཀྱ་སྡིག་ཅན་འོད་དེ་གང་ལ་རང་། མཱ་ཤི་ཀ་འོ་རི་ཆེད་དུ་གྲོངས་ང་མཛད་པ་ལགས། དེའི་སྒོ་ནས་དཀོན་མཆོག་གིས་འོ་རི་ཆེད་དུ་རང་གི་བྱམས་པ་སྟོན་མཛད་པ་ལགས། 9 ད་ཁོང་གི་སྐུ་ཁྲག་གི་སྒོ་ནས་འོ་རང་དྲང་པོ་བརྩིས་ཙ་བྱས་རེ། ཁོང་གི་ཐོག་ནས་འོ་རང་དཀོན་མཆོག་གི་ཐུགས་ཁྲོ་ནས་ཡོལ་ལེ་མང་ང་ཐར་གྱི་ལགས། 10 གི་བྱས་རེ་སྨྲ་ན་འོ་རང་དཀོན་མཆོག་གི་དགྲ་འོད་དེ་གང་ལ། ཁོང་པ་ཡི་སྲས་གྲོངས་ཀྱིན་གྱི་ཐོག་ནས་ཁོང་པ་མུ་ལ་འོ་རང་བསྡུམས་མ་མཛད་འོད་ན ། ད་བསྡུམས་མ་མཛད་ཚར་ཏེ་མཱ་ཤི་ཀའི་ཚེའི་ཐོག་ནས་འོ་རང་ཡོལ་ལེ་མང་ང་ཐར་གྱི་ལགས། 11 དེ་ཚོད་གཅིག་ཀ་མིན་ད། འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐོག་ནས་འོ་རང་ད་ལྟ་དཀོན་མཆོག་མུ་ལ་བསྡུམས་མ་མཛད་དེ། ཁོང་གི་ཐོག་ནས་འོ་རང་དཀོན་མཆོག་གི་ནང་དགའ་སྤྲོ་བྱེད་ད་ལགས། ཨ་དམ་ནས་འཆི་བ་དང་མཱ་ཤི་ཀ་ནས་ཚེ། 12 འོ་བྱས་རེ་མི་གཅིག་གི་ཐོག་ནས་འཇིག་རྟེན་དུ་སྡིག་པ་བྱུང་བ་ལགས། དེ་ནས་སྡིག་པ་ནས་འཆི་བ་བྱུང་བ་ལགས། དེ་ནས་མི་གི་རི་ཡིས་སྡིག་པ་བྱས་བྱ་བྱས་རེ་མི་གི་རིའི་ཁར་ལ་འཆི་བ་བྱུང་བ་ལགས། 13 ཆོས་ཁྲིམས་མ་གནང་གིན་ཨེན་ལ་འཇིག་རྟེན་དུ་སྡིག་པ་འོད་ད་ལགས། ཡིན་ནའང་ཆོས་ཁྲིམས་མེད་ཀྱིན་བྱས་རེ་སྡིག་པའི་རྩིས་གོའང་མེད་བཞག་བ་ལགས། 14 གི་ཡིན་ན་ཨ་དམ་ནས་མོ་ཤེའི་དུས་ཐུག་པའི་མི་གི་རི་འཆི་བའི་དབང་འོག་ཏུ་འོད་ད་ལགས། ཨ་དམ་གྱིས་དཀོན་མཆོག་གི་བཀའ་ལ་མ་བརྩིས་བ་སྡིག་པ་བྱས་བྱ་ཅོག་རེ། སྡིག་པ་མ་བྱས་མཁན་ཀྱའང་འཆི་བའི་དབང་འོག་ཏུ་འོད་ད་ལགས། ཨ་དམ་ནི་ཕེབས་ཡས་ཡིན་གྱིན་མཱ་ཤི་ཀའི་དཔེ་ཞིག་ལགས། 15 ཡིན་ནའང་ཨ་དམ་གྱི་སྡིག་པ་དང་དཀོན་མཆོག་གི་གནང་སྦྱིན་གཉིས་བོ་མེད་འདྲ་ལ་ལགས། གི་བྱས་རེ་སྨྲ་ན་མི་གཅིག་གི་སྡིག་པ་ཡིས་བྱས་རེ་མི་མང་ང་ཤི་འོད་ན། ཡེ་ཤུ་མཱ་ཤི་ཀ་མི་གཅིག་གི་ཐུགས་རྗེའི་ཐོག་ནས་དཀོན་མཆོག་གི་ཐུགས་རྗེ་དང་གནང་སྦྱིན་གོ་དེ་ལས་ལྷག་མི་ཀྱ་ལ་ཐོབ་པ་ལགས། 16 དེ་ནས་དཀོན་མཆོག་གི་གནང་སྦྱིན་གོ་མི་གཅིག་གི་སྡིག་པའི་འབྲས་བུ་ཅོག་རེ་མ་ལགས། གི་བྱས་རེ་སྨྲ་ན་མི་གཅིག་གིས་སྡིག་པ་བྱས་རེ་ཁྲིམས་གཅོད་གོ་གནང་བ་ལགས། དེ་ནས་འོ་རང་ལ་ཆད་པ་ཕོག་པ་ལགས། ཡིན་ནའང་འོ་རི་སྡིག་པ་དམི་ཅིག་གི་མང་ང་བྱས་འོད་ནའང་། དཀོན་མཆོག་གི་གནང་སྦྱིན་གྱིས་འོ་རང་ལ་ཁོང་གི་དྲུང་དུ་དྲང་པོ་བརྩིས་བ་ལགས། 17 ད་ཨ་དམ་མི་གཅིག་གི་སྡིག་པ་ཡིས་བྱས་རེ་འཆི་བ་ཡིས་དབང་བྱས་འོད་ན། ཡེ་ཤུ་མཱ་ཤི་ཀ་མི་གཅིག་གི་ཐོག་ནས་ཐུགས་རྗེ་མོད་ཆོ་ལི་ཐོབ་ཐ་དང་། དྲང་བདེན་གྱི་གནང་སྦྱིན་ཐོབ་ཐ་ཀྱ་ཡིས། དེ་ལས་ལྷག་ཚེ་སྲོག་གི་ནང་དབང་བྱེད་ཀྱི་ལགས། 18 འོ་བྱས་རེ་མི་གཅིག་གི་སྡིག་པ་ཡིས་མི་གི་རི་ལ་ཆད་པ་ཕོག་ཏུ་བཅུག་པ་ལགས། དེ་ནས་དེ་རེ་རང་བྱས་རེ་མི་གཅིག་གིས་དྲང་བདེན་གྱི་ལས་ཀ་ཡིས་མི་གི་རི་ལ་དྲང་པོ་བརྩིས་བ་ལགས། དེ་ནས་ཚེ་སྲོག་གནང་ང་ལགས། 19 གི་བྱས་རེ་སྨྲ་ན་མི་གཅིག་གི་བཀའ་ལ་མ་བརྩིས་ཀྱིན་རྐྱེན་གྱིས་མི་མང་ང་སྡིག་ཅན་བྱུང་བྱ་ཅོག་རེ། མི་གཅིག་གི་བཀའ་ལ་མཉན་གྱིན་གྱིས་མི་མང་ང་དྲང་པོ་བརྩི་གི་ལགས། 20 སྡིག་པ་འཕེལ་རུ་བཅུག་ཡས་ཀྱི་ཆེད་དུ་ཆོས་ཁྲིམས་གནང་བ་ལགས། ཡིན་ནའང་སྡིག་པ་འཕེལ་ས་རུ་དཀོན་མཆོག་གི་ཐུགས་རྗེ་ཡོལ་ལེ་མང་ང་འཕེལ་བ་ལགས། 21 འོ་བྱས་རེ་འཆི་བའི་ཐོག་ནས་སྡིག་པ་ཡིས་དབང་བྱེད་ཀྱིན་ཅོག་རེ། དྲང་བདེན་གྱི་ཐོག་ནས་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐོག་ནས་མཐའ་མེད་པའི་ཚེ་སྲོག་གནང་ཡས་ལ་ཐུགས་རྗེ་ཡིས་འང་དབང་བྱེད་ད་ལགས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.