Biblia Todo Logo
Bìoball air-loidhne

- Sanasan -

རོ་མཱ་པ། 3 - གློ་བ།

1 ད་ཧ་ན་ཡ་ཧུ་དཱ་པ་ཀྱ་ལ་ཕན་ཐོགས་གི་འོད་ད་ལེ། ཡང་ན་ལྤགས་བོ་བཅད་ཀྱིན་སྲོལ་གྱི་རིན་ཐང་གི་ལེ།

2 ཕྱོགས་གི་རི་ནས་ཕན་ཐོགས་ཆེ་འོད་ད་ལགས། དང་པོ་གོ་ལ་དཀོན་མཆོག་གི་བཀའ་ཡ་ཧུ་དཱ་པ་ཀྱ་ལ་བཅོལ་བ་ལགས།

3 ཁོང་ཀྱ་ནས་རིང་འགའ་ཡིས་དཀོན་མཆོག་གི་བཀའ་ལ་དད་པ་མི་བྱེད་ནའང་གི་འོད་ད་ལགས་སེ། ཁོང་ཀྱ་ཡིས་དད་པ་མི་བྱེད་ཀྱིན་གྱིས་བྱས་རེ་དཀོན་མཆོག་གིས་འང་། རང་གི་བློ་གཏད་རྩ་མེད་དུ་མཛད་ཀྱི་ལེ།

4 འོ་རེ་ཕུ་ཀི་བྱུང་གུ་མ་ལགས། མི་གི་རི་ཟོག་པོ་འོད་ན། དཀོན་མཆོག་བདེན་པ་འོང་དགོས། འདིའི་སྐོར་ལ་གསུང་རབ་ལ་དེ་རེ་བྲིས་འོད་ད་ལགས། ཁྱེད་རང་བཀའ་མོལ་གསུངས་ང་རང་བདེན་པ་མངོན་ད་ཤོག། དེ་ནས་ཁྱེད་རང་ལ་ཁྲིམས་བཅད་ད་རང་རྒྱལ་ལ་ཤོག

5 ཡིན་ནའང་འོ་རི་མེད་དྲང་ང་བྱེད་ཀྱིན་ལས་ཀ་ཀྱ་ཡིས་དཀོན་མཆོག་གི་དྲང་བདེན་གསལ་བོ་སྟོན་ན། འོ་རང་གི་སྨྲ་ཡས། དཀོན་མཆོག་གི་འོ་རི་ཁར་ལ་ཐུགས་ཁྲོ་མཛད་ཀྱིན་གོ་ལ། ཁོང་མེད་དྲང་ང་འདུག་སྨྲས་རེ་སྨྲ་ཡས། (ང་མིའི་ཆ་བཞག་སྟེ་སྨྲ་ཡིན།)

6 དེ་རེ་ཕུ་ཀི་མ་ལགས། དེ་རེ་ཡིན་ན་དཀོན་མཆོག་གིས་འཇིག་རྟེན་ལ་གང་གི་བྱས་རེ་ཁྲིམས་གཅོད་མཛད་ཐུབ་ཀྱི་ལགས་སེ།

7 ཡིན་ནའང་ངའི་ཟོག་གི་ཐོག་ནས་དཀོན་མཆོག་གི་བདེན་པ་སྟོན་ཏེ། ཁོང་གི་གཟི་བརྗིད་འཕེལ་ན། ང་ལ་གི་བྱས་རེ་དོ་རང་འང་སྡིག་ཅན་ཅོག་རེ་ཆད་པ་བཀལ་མཛད་ད་ལེ།

8 དེ་ནས་བཟང་ང་འབྱུང་བར་ཤོག་སྨྲས་རེ་ངན་པ་གི་བྱས་རེ་མི་བྱེད་ཡས། སྨྲས་རེ་འེ་ཀྱ་ཡིས་སྨྲིས་སྨྲས་རེ་མི་རིང་འགའ་ཡིས་འེ་ཀྱ་ལ་དམའ་འབེབས་བཏང་རེ་སྐྱོན་འཛུགས་བ་ལགས། དེ་རེ་སྨྲ་མཁན་ཀྱ་ལ་ཆད་པ་འཕོག་དགོས་ཡས་འདུག།


དྲང་པོ་སུའང་མིན་འདུག།

9 ད་ཧ་ན་མཐའ་མའི་དོན་གོ་གི་ལེ། འེ་ཡ་ཧུ་དཱ་པ་ཀྱ་མི་གཞན་མ་ཀྱ་ནས་ལྷག་བཟང་ང་འོད་ད་ལགས་སེ། མེད་ད་ལགས། ཕུ་ཀི་མེད་ད་ལགས། གི་བྱས་རེ་སྨྲ་ན་ཡ་ཧུ་དཱ་པ་དང་ཡ་ཧུ་དཱ་པ་མིན་མཁན་མི་གི་རི། སྡིག་པའི་དབང་འོག་ཏུ་འོད་ད་ལགས་སྨྲས་རེ་ངས་སྟོན་ཚར་འོད།

10 གསུང་རབ་ལ་དེ་རེ་བྲིས་འོད་ད་ལགས། དྲང་པོ་སུའང་མིན་འདུག། གཅིག་ཀ་ར་གཅིག་འང་མིན་འདུག

11 ཧ་གོ་གིན་གཅིག་འང་མིན་འདུག། དཀོན་མཆོག་ལ་བཙལ་གྱིན་སུའང་མིན་འདུག།

12 གི་རི་ཡིས་ཁོང་ལ་རྒྱབ་ལོག་འདུག། གི་རི་དོན་མེད་ཀྱིན་བྱུང་འདུག། བཟང་ང་བྱེད་མཁན་སུའང་མིན་འདུག གཅིག་ཀ་ར་གཅིག་འང་མིན་འདུག

13 ཁོང་ཀྱ་ཡི་མིག་པ་ནི་ཁ་གདངས་ད་དུར་ཁང་ལགས། ཁོང་ཀྱ་ཡི་ལྕེ་མོ་ཡིས་གཡོ་སྒྱུ་བཤད་འདིག སྦྲུལ་གྱི་དུག་གོ་ཁོང་ཀྱ་ཡི་ཁ་ལ་འདུག

14 ཁོང་ཀྱ་ཡི་ཁ་ནི་དམོད་མོ་དང་ཚིག་རྩུབ་ཀྱིས་ཁངས་འདུག

15 ཁོང་ཀྱ་ཡི་རྐང་པ་ནི་སྲོག་བཅད་ཡས་ལ་མགྱོགས་བ་འདུག

16 ཁོང་ཀྱ་ཡི་ལམ་ལ་གཏོར་བཤིག་དང་སྡུག་བསྔལ་འདུག།

17 དེ་ནས་ཞི་བདེའི་ལམ་ནི་ཁོང་ཀྱ་ལ་ཤེས་ཡས་མིན་འདུག

18 ཁོང་ཀྱ་ཡི་མིག་ལ་དཀོན་མཆོག་གི་འཇིགས་སྣང་མིན་འདུག

19 ད་ཆོས་ཁྲིམས་ཀྱིས་གི་གསུངས་ཀྱིན་གི་རི། ཆོས་ཁྲིམས་ཀྱི་དབང་འོག་ལ་འོད་མཁན་ཀྱ་ལ་གསུངས་ང་ལགས་སྨྲས་རེ་འོ་རིས་ཤེས་ལ་ལགས། དེ་ནི་མི་གི་རིའི་ཁ་བཀག་ཡས་དང་། འཇིག་རྟེན་གྱི་མི་འོད་ལེ་དཀོན་མཆོག་གི་ཁྲིམས་གཅོད་འོག་ཏུ་འཁྲིད་དེ་འོང་ཡས་ཀྱི་ཆེད་དུ་ལགས།

20 འོ་བྱས་རེ་ཆོས་ཁྲིམས་ཀྱི་ལས་ཀ་ནས་སུའང་དཀོན་མཆོག་གི་དྲུང་དུ་དྲང་པོ་བརྩི་གི་མ་ལགས། ཡིན་ནའང་ཆོས་ཁྲིམས་ཀྱི་ཐོག་ནས་འོ་རི་སྡིག་པ་བྱེད་ཀྱིན་གོ་ཤེས་རུ་བཅུག་བ་ལགས།


དད་པའི་སྒོ་ནས་དྲང་བདེན།

21 ཡིན་ནའང་ད་ལྟ་དཀོན་མཆོག་གིས་འོ་རང་ལ་ཆོས་ཁྲིམས་མ་སྲུང་བ་ལའང་། ཁོང་གི་དྲུང་དུ་དྲང་པོ་འབྱུང་ཡིས་ཀྱི་ལམ་སྟོན་མཛད་འོད་ད་ལགས། དེ་ནས་དེའི་དཔང་པོ་མོ་ཤེའི་ཆོས་ཁྲིམས་དང་མངོན་ཤེས་མཁན་ཀྱ་ཡིས་བྱེད་ད་ལགས།

22 དེ་ནས་དཀོན་མཆོག་གི་དྲང་དུ་འོ་རང་དྲང་པོ་འབྱུང་ཡས་དེ་ཡེ་ཤུ་མཱ་ཤི་ཀ་ཁར་ལ་འོ་རི་དད་པའི་ཐོག་ནས་བྱུང་ང་ལགས། དེ་ནས་དེ་ནི་དད་པ་བྱེད་མཁན་གི་རི་ལ་དབྱེ་བ་མེད་མཛད་ད་གནང་ང་ལགས།

23 གི་བྱས་རེ་སྨྲ་ན་མི་གི་རི་ཡིས་སྡིག་པ་བྱས་འོད་ད་ལགས། དེ་ནས་དཀོན་མཆོག་གི་གཟི་བརྗིད་ནས་རྒྱང་རིང་དུ་བཟོས་འོད་ད་ལགས།

24 ཡིན་ནའང་རང་གི་ཐུགས་རྗེའི་རིན་མེད་ཀྱིན་གནང་སྦྱིན་ནས། དཀོན་མཆོག་གིས་མི་གི་རི་ལ་དྲང་པོ་མཛད་ད་ལགས། དེ་ནི་མི་ཀྱ་ལ་སྡིག་པ་ནས་ཐར་པ་མཛད་ཀྱིན་ཡེ་ཤུ་མཱ་ཤི་ཀའི་ཐོག་ནས་མཛད་ད་ལགས།

25 དེ་ནས་ཁོང་མཱ་ཤི་ཀའི་སྐུ་ཁྲག་བླུས་རེ་སྡིག་པ་བསལ་ཡས་ཀྱི་དམར་མཆོད་འབྱུང་ཡས་ལ་དཀོན་མཆོག་གིས་ཁོང་ལ་ཕུལ་བ་ལགས། དེ་ནི་དད་པ་བྱས་རེ་གཅིག་ཀ་འཐོབ་ཀྱི་ལགས། དེ་ནས་དེ་དཀོན་མཆོག་གིས་རང་གི་དྲང་བདེན་མངོན་ཡས་ཀྱི་ཆེད་དུ་མཛད་པ་ལགས། གི་བྱས་རེ་སྨྲ་ན་ཨེན་མ་དཀོན་མཆོག་གིས་བཟོད་པ་མཛད་དེ། མི་ཀྱ་ཡིས་བྱས་བྱ་སྡིག་པ་ཀྱ་ལ་ཆད་པ་བཀལ་མ་མཛད་པ་ལགས།

26 ཡིན་ནའང་ཁོང་པ་རང་དྲང་པོ་ཡིན་གྱིན་དང་། ཡེ་ཤུ་ལ་དད་པ་བྱེད་མཁན་ཀྱ་ལ་ཁོང་པ་ཡིས་དྲང་པོ་མཛད་ཡས་ཀྱི་ཆེད་དུ། ཁོང་པ་ཡིས་ད་ལྟའི་དུས་ལ་མི་ཀྱ་ཡི་སྡིག་པ་ལ་དོ་སྣང་མཛད་ད་ལགས།

27 ད་ཧ་ན་འོ་རང་གིན་གྱི་སྐོར་ལ་ངོམ་སོ་བྱེད་གུ་ལགས་སེ། ངོམ་སོ་བྱེད་ཡས་གིའང་མེད་ད་ལགས། ཆོས་ཁྲིམས་ག་རེ་གི་བྱས་རེ་ལགས་སེ། ལས་ཀ་བྱེད་དགོས་ཡས་ཆོས་ཁྲིམས་ཀྱི་བྱས་རེ་ལེ། མ་ལགས། ཡིན་ནའང་འོ་རི་དད་པ་ཡིས་བྱས་རེ་ལགས།

28 གི་བྱས་རེ་སྨྲ་ན་ཆོས་ཁྲིམས་ཀྱིས་གསུངས་ཀྱིན་ཅོག་རེ་ལས་ཀ་བྱས་རེ་མིན་ད། ཡིན་ནའང་དད་པའི་ཐོག་ནས་མི་ཀྱ་དཀོན་མཆོག་གི་དྲུང་དུ་དྲང་པོ་བྱུང་ང་ལགས་སྨྲས་རེ་འོ་རང་རྩི་ལ་ལགས།

29 ཡང་དཀོན་མཆོག་ཡ་ཧུ་དཱ་པ་ཀྱ་ཡི་གཅིག་ཀ་དཀོན་མཆོག་ལགས་སེ། ཁོང་ཡ་ཧུ་དཱ་པ་མིན་མཁན་ཀྱ་ཡིའང་དཀོན་མཆོག་མ་ལེ། ལགས། ཁོང་པ་ཡ་ཧུ་དཱ་པ་མིན་མཁན་ཀྱ་ཡིའང་དཀོན་མཆོག་ལགས།

30 དེ་ནས་དཀོན་མཆོག་ནི་གཅིག་རང་འོད་ད་ལགས། དེ་ནས་ཁོང་པ་ཡིས་ལྤགས་བོ་བཅད་ཅ་ཀྱ་ལ་དད་པའི་ཐོག་ནས་དང་། ལྤགས་བོ་མ་བཅད་ཅ་ཀྱ་ལའང་དད་པའི་ཐོག་ནས་དྲང་པོ་མཛད་ཀྱི་ལགས།

31 ད་འོ་རེ་ཡིན་ན་དད་པའི་ཐོག་ནས་ཆོས་ཁྲིམས་གོ་དོན་མེད་ཀྱིན་བྱུང་ང་ལགས་སེ། དེ་རེ་ཕུ་ཀི་མ་ལགས། ཡོལ་ལེ་འོ་རང་ཆོས་ཁྲིམས་བརྟན་པོ་བྱས་རེ་སྲུང་ང་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan