རོ་མཱ་པ། 2 - གློ་བ།དཀོན་མཆོག་གི་དྲང་བདེན་གྱི་ཁྲིམས་གཅོད། 1 འོ་བྱས་རེ་གཞན་མ་ལ་སྐྱོན་བཅུག་གིན་མི་ཁྱོད། ཁྱོད་ལ་དགོངས་ཡངས་མེད་ད་ལགས། གི་བྱས་རེ་སྨྲ་ན་དོན་གི་ལ་ཁྱོས་གཞན་མ་ལ་སྐྱོན་བཙུགས་བའི། འོ་དེ་དོན་གོ་ལ་ཁྱོད་ལའང་སྐྱོན་བཅུག་གི་ལགས། གི་བྱས་རེ་སྨྲ་ན་གཞན་མ་ལ་སྐྱོན་བཙུགས་ཀྱིན་ཁྱོས་འང་འོ་དེ་ལས་ཀ་བྱེད་ད་ལགས། 2 ད་དེ་རེ་ལས་ཀ་བྱེད་མཁན་ཀྱའི་ཁར་ལ། དཀོན་མཆོག་གོ་ཁྲིམས་བཅད་མཛད་ཀྱིན་གོ་བདེན་པ་འདུག་སྨྲས་རེ་འོ་རང་ཤེས་ལ་ལགས། 3 ད་མི་ཁྱོད། དེ་རེ་ལས་ཀ་བྱེད་མཁན་ཀྱ་ལ་ཁྱོས་སྐྱོན་བཙུགས། དེ་ནས་ཁྱོད་རང་གོའང་འོ་རེ་ལས་ཀ་རང་བྱེད་ན། དཀོན་མཆོག་གི་ཁྲིམས་གཅོད་ནས་ཁྱོད་ཐར་གྲོ་བསམ་མའི། 4 ཡང་ན་དཀོན་མཆོག་གི་སྙིང་རྗེ་ནི་ཁྱོད་ལ་འགྱོད་པ་བྱེད་དུ་བཅུག་སྟེ། སེམས་བསྒྱུར་དུ་བཅུག་ཡས་ལ་ཡིན་གྱིན་གོ་ཧ་མ་གོ་བ། ཁྱོད་ཁོང་གི་སྙིང་རྗེ་ཆེན་པོ་དང་། ཐུགས་བསྲན་དང་། ཐུགས་བཟོད་ལ་མཐོང་ཆུང་བྱེད་ད་ལེ། 5 ཡིན་ནའང་ཁྱོས་རང་གི་སེམས་གྱོང་ང་དང་འགྱོད་པ་མི་བྱེད་ད་སེམས་མ་བསྒྱུར་གྱིན་གྱི་བྱས་རེ། དཀོན་མཆོག་གིི་དྲང་བདེན་གྱི་ཁྲིམས་གཅོད་མངོན་གྱིན་ཁོང་པའི་ཐུགས་ཁྲོའི་ཉིན་མ་ཡི་ཕྱིར་ལ། ཁྱོད་རང་གི་ཁར་ལ་དཀོན་མཆོག་གི་ཐུགས་ཁྲོ་བསགས་བ་ལགས། 6 དཀོན་མཆོག་གིས་མི་རེ་རེ་ལ་རང་གི་ལས་ཀ་ལ་མཐུན་གྱིན་འབྲས་བུ་གནང་གི་ལགས། 7 དེ་ནས་བཟོད་པའི་སྒོ་ནས་ལས་བཟང་ང་བྱས་རེ་གཟི་བརྗིད་དང་། བཀུར་སྟི་དང་། འཆི་བ་མེད་ཀྱིན་ཚེ་བཙལ་མཁན་མི་ཀྱ་ལ་ཁོང་གིས་མཐའ་མེད་པའི་ཚེ་སྲོག་གནང་གི་ལགས། 8 ཡིན་ནའང་རང་འདོད་བཙལ་མཁན་དང་བདེན་པ་ལ་མི་བརྩིས་མཁན། དེ་ནས་ངན་པ་ལ་དགའ་མཁན་ཀྱའི་ཁར་ལ་ཁོང་གི་ཁྲིམས་གཅོད་ཐུགས་ཁྲོའི་སྒོ་ནས་འཕོག་གི་ལགས། 9 ངན་པ་བྱེད་མཁན་མི་གི་རིའི་ཁར་ལ་སྡུག་བསྔལ་དང་དཀའ་ངལ་བབ་ཀྱི་ལགས། དང་པོ་གོ་ཡ་ཧུ་དཱ་པ་ཀྱ་ལ། དེ་ནས་ཡ་ཧུ་དཱ་པ་མིན་མཁན་ཀྱ་ལ། 10 ཡིན་ནའང་ལས་བཟང་ང་བྱེད་མཁན་གི་རི་ལ་གཟི་བརྗིད་དང་། བཀུར་སྟི་དང་ཞི་བདེ་འཐོབ་ཀྱི་ལགས། དང་པོ་གོ་ཡ་ཧུ་དཱ་པ་ཀྱ་ལ། དེ་ནས་ཡ་ཧུ་དཱ་པ་མིན་མཁན་ཀྱ་ལ། 11 གི་བྱས་རེ་སྨྲ་ན་དཀོན་མཆོག་གིས་ཕྱོགས་རིས་མེད་མཛད་ད་ལགས། 12 ཆོས་ཁྲིམས་མེད་ད་ལ་སྡིག་པ་བྱེད་མཁན་གི་རི། ཆོས་ཁྲིམས་ནས་བྲལ་རེ་རང་མེད་ད་ལ་འགྲོ་གི་ལགས། དེ་ནས་ཆོས་ཁྲིམས་ཀྱི་འོག་ལ་བྱས་རེ་སྡིག་པ་བྱེད་མཁན་གི་རི་ལ། ཆོས་ཁྲིམས་ཀྱི་ཐོག་ནས་ཁྲིམས་བཅད་ཀྱི་ལགས། 13 གི་བྱས་རེ་སྨྲ་ན་དཀོན་མཆོག་གི་དྲུང་དུ་ཆོས་ཁྲིམས་གོ་མཁན་ཀྱ་དྲང་པོ་མིན་ད། ཆོས་ཁྲིམས་ཀྱིས་གསུངས་ཀྱིན་ཅོག་རེ་བྱེད་མཁན་ཀྱ་དྲང་པོ་བརྩི་གི་ལགས། 14 དེ་ནས་ཆོས་ཁྲིམས་མེད་ཀྱིན་ཡ་ཧུ་དཱ་པ་མིན་མཁན་ཀྱ་ཡིས་རང་བཞིན་གྱིས་ཆོས་ཁྲིམས་ལ་མཐུན་གྱིན་ལས་ཀ་བྱེད་ན། ཁོང་ཀྱ་ལ་ཆོས་ཁྲིམས་མེད་ནའང་། ཁོང་ཀྱ་རང་ཁོ་རང་ཀྱ་ཡི་ཆེད་དུ་ཆོས་ཁྲིམས་བྱུང་ང་ལགས། 15 དེ་ནས་ཁོང་ཀྱ་ཡིས་ཆོས་ཁྲིམས་ཀྱི་བཀའ་ཀྱ་རང་གི་སེམས་ལ་བྲིས་འོད་ཀྱིན་གོ་སྟོན་ད་ལགས། དེ་ནས་ཁོང་ཀྱ་ཡི་ཤེས་བཟང་གིས་འང་དཔང་པོ་བྱེད་ད་ལགས། དེ་ནས་ཁོང་ཀྱ་ཡི་བསམ་བློ་གིས་དོ་ཀ་སྐྱོན་བཙུགས་བ་ལགས། དེ་ནས་དོ་ཀ་སྲུང་སྐྱོབ་བྱེད་ད་ལགས། 16 དེ་ནི་ངས་གསལ་བསྒྲགས་བྱས་བྱ་གཏམ་བཟང་ལ་ཅོག་རེ། མཱ་ཤི་ཀ་ཡེ་ཤུའི་ཐོག་ནས་དཀོན་མཆོག་གིས་མི་ཀྱ་ཡི་གསང་བའི་ལས་ཀ་ཡི་ཁྲིམས་བཅད་ཀྱིན་ཉིན་མ་གོ་ལ་འབྱུང་གི་ལགས། ཡ་ཧུ་དཱ་པ་ཀྱ་དང་ཆོས་ཁྲིམས། 17 ཡིན་ནའང་ཁྱོད་ཡ་ཧུ་དཱ་པ་གཅིག་ཡིན་སྨྲས་རེ་སྨྲ་ན། དེ་ནས་ཆོས་ཁྲིམས་ལ་བརྟེན་ན། དེ་ནས་དཀོན་མཆོག་མུ་ལ་འོད་ཀྱིན་འབྲེལ་བ་ལ་ངོམ་གསོ་བྱེད་ན། 18 དེ་ནས་ཁོང་པ་ཡི་ཐུགས་དགོངས་ཤེས་ན། དེ་ནས་ཁྱོད་ལ་ཆོས་ཁྲིམས་ཀྱི་བསླབ་བྱ་ཐོབ་ཐ་བྱས་རེ་བཟང་ང་གོ་ཐག་བཅད་ཐུབ་ན། 19-20 དེ་ནས་ཆོས་ཁྲིམས་ནས་ཁྱོད་ལ་ཤེས་རབ་དང་བདེན་པ་ཚང་གོ་ཐོབ་འོད་ཀྱིན་གྱི་བསམ་བློ་བྱས་རེ། ཁྱོད་རང་ལ་ཞ་ར་ཡི་ལམ་སྟོན་དང་། མུན་ནག་ལ་འོད་མཁན་ཀྱ་ཡི་འོད། དེ་ནས་གླེན་ད་ཡི་སློབ་དཔོན་དང་། ནར་འགྲོ་མ་ཉིད་ཉ་ཀྱ་ཡི་དགེ་རྒན་ཡིན་སྨྲས་རེ་ཁྱོད་བརྟན་བརྟན་འོད་ན། 21 ད་མི་གཞན་མ་ལ་བསླབས་ཀྱིན། ཁྱོད་རང་ལ་མེད་བསླབས་བ་ལེ། གཞན་ལ་རྐུ་མ་མ་རྐུ་སྨྲས་རེ་བཤད་ཀྱིན། ཁྱོད་རང་གོ་རྐུ་བ་ལེ། 22 དེ་ནས་ལོག་གཡེམ་མ་བྱེད་སྨྲས་རེ་སྨྲ་གིན། ཁྱོད་རང་གོ་ལོག་གཡེམ་བྱེད་ད་ལེ། སྐུ་འདྲ་ལ་སྡང་ང་བྱེད་ཀྱིན། ཁྱོད་རང་གོ་ལྷ་ཁང་ཀྱ་ནས་རྐུ་བ་ལེ། 23 ཆོས་ཁྲིམས་ལ་ངོམ་གསོ་བྱེད་ཀྱིན། ཁྱོད་ཆོས་ཁྲིམས་ལ་མི་རྩི་ལ་དཀོན་མཆོག་ལ་དམའ་འབེབས་བྱེད་ད་ལེ། 24 གི་བྱས་རེ་སྨྲ་ན་འདིའི་སྐོར་ལ་གསུང་རབ་ལ་དེ་རེ་བྲིས་འོད་ད་ལགས། ཁྱེད་ཡ་ཧུ་དཱ་པ་ཀྱ་ཡིས་བྱས་རེ་ཡ་ཧུ་དཱ་པ་མིན་མཁན་ཀྱ་ཡིས་དཀོན་མཆོག་གི་མཚན་ལ་སྐུར་བ་འདེབས་བའི། 25 ད་ཁྱོས་ཆོས་ཁྲིམས་བསྲུངས་ན། ལྤགས་བོ་བཅད་ཀྱིན་སྲོལ་དེ་དངོས་གནས་ཕན་ཐོགས་འོང་ང་ལགས། ཡིན་ནའང་ཁྱོས་ཆོས་ཁྲིམས་མི་བསྲུངས་ན། ཁྱོའི་ལྤགས་བོ་བཅད་ཀྱིན་སྲོལ་གོ་མི་སྲུང་གིན་ཅོག་རེ་ལགས། 26 ད་འོ་རེ་ཡིན་ན་ལྤགས་བོ་བཅད་ཀྱིན་སྲོལ་མི་སྲུང་གིན་མི་གཅིག་གིས་ཆོས་ཁྲིམས་ཀྱི་བཀའ་ཀྱ་བསྲུངས་ན། ཁོ་ལ་ལྤགས་བོ་བཅད་ཀྱིན་སྲོལ་སྲུང་གིན་མི་ཅོག་རེ་བརྩི་གི་མ་ལེ། 27 ད་ལུས་ཀྱི་ཐོག་ནས་ལྤགས་བོ་བཅད་ཀྱིན་སྲོལ་མི་སྲུང་གིན། ཡིན་ནའང་ཆོས་ཁྲིམས་གོ་བསྲུངས་མཁན་ཀྱ་ཡིས། ཁྱེད་བྲིས་བྲ་ཆོས་ཁྲིམས་འོད་ཀྱིན་དང་ལྤགས་བོ་བཅད་ཀྱིན་སྲོལ་བསྲུངས་མཁན། ཡིན་ནའང་ཆོས་ཁྲིམས་གོ་མི་བརྩིས་ན་ཁྱེད་ཀྱ་ལ་ཁྲིམས་གཅོད་བཏང་གི་ལགས། 28 གི་བྱས་རེ་སྨྲ་ན་ཕི་ད་ནི་གཅིག་ཀ་ཡ་ཧུ་དཱ་པ་ཡིན་མཁན་གོ་དངོས་གནས་ཡ་ཧུ་དཱ་པ་མ་ལགས། དེ་ནས་ལྤགས་བོ་བཅད་ཀྱིན་སྲོལ་གོའང་ཕི་ད་ནས་དང་ལུས་ནས་གཅིག་ཀ་སྲུང་ཡས་མ་ལགས། 29 ཡིན་ནའང་ཡ་ཧུ་དཱ་པ་དངོས་གནས་གོ་སེམས་ནང་ནས་ཡ་ཧུ་དཱ་པ་ཡིན་མཁན་གོ་ལགས། དེ་ནས་ལྤགས་བོ་བཅད་ཀྱིན་སྲོལ་དངོས་གནས་གོ་བྲིས་བྲ་ཆོས་ཁྲིམས་ནས་མིན་ད། དམ་པའི་ཐུགས་ཉིད་ཀྱི་ཐོག་ནས་བྱུང་གིན་སེམས་ཉིད་ཀྱི་ལབ་ལགས། དེ་རེ་མིའི་བསྟོད་སྒྲ་ནི་མི་ནས་མིན་ད། དཀོན་མཆོག་ནས་འབྱུང་གི་ལགས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.