རོ་མཱ་པ། 16 - གློ་བ།མཐའ་མའི་འཚམས་འདྲི། 1 ང་ཁྱེད་ཀྱ་གདོང་དུ་ཀེན་ཀི་རི་ཡཱ་གྲོང་ཁྱེར་དུ་འོད་ཀྱིན་ཆོས་ཚོགས་ཀྱི་ཞབས་ཕྱི་འབུལ་གྱིན་འོ་རི་ནུ་མོ་ཕེ་སྦེ་ཡིས་བསྟོད་སྒྲ་བཏང་ང་ཡིན། 2 དཀོན་མཆོག་གི་མི་ཀྱ་ལ་མཐུན་གྱིན་ཅོག་རེ་མོ་ལ་གཙོ་བོའི་ནང་ཁས་ལེན་བྱེད། དེ་ནས་མོ་ལ་དགོས་ཀྱིན་གི་འོད་ན། འོ་དེ་ལ་རོགས་རམ་བྱེད་སྨྲས་རེ་ང་ཁྱེད་ཀྱ་ལ་ཞུ་བ་འབུལ་ལ་ཡིན། གི་བྱས་རེ་སྨྲ་ན་མོས་མི་མང་ང་དང་ང་ལའང་རོགས་རམ་བྱས་བ་ལགས། 3 དེ་ནས་མཱ་ཤི་ཀ་ཡེ་ཤུའི་ནང་ངའི་ལས་རོགས་པི་རི་སི་ཀཱ་དང་ཨ་ཀུ་ལཱ་ལ་འཚམས་འདྲི་ཞུས། 4 ཁོང་ཀྱ་ཡིས་ངའི་ཆེད་དུ་རང་གི་མི་ཚེ་རང་ཉེན་ཁ་ཆེ་ལ་བཅུག་པ་ལགས། དེ་ནས་ཁོང་ཀྱ་ལ་ང་གཅིག་ཀ་མིན་ད། ཡིན་ནའང་ཡ་ཧུ་དཱ་པ་མིན་མཁན་ཆོས་ཚོགས་འོད་ལེ་གིས་འང་བཀའ་དྲིན་ཆེ་ཞུ་ལ་ལགས། 5 དེ་ནས་ཁོང་ཀྱ་ཡི་ནང་དུ་འཚོག་གིན་ཆོས་ཚོགས་ལ་འཚམས་འདྲི་ཞུས། ཨེ་ཞི་ཡཱ་ནང་ནས་མཱ་ཤི་ཀ་ལ་དད་པ་བྱེད་ཀྱིན་མི་དང་ཤོས་ཡིན་གྱིན་ངའི་གཅེས་བའི་རོགས་བ་ཨེ་པེ་ནེ་ཏོ་ལ་འཚམས་འདྲི་ཞུས། 6 དེ་ནས་ཁྱེད་ཀྱི་ཆེད་དུ་དམི་ཅིག་གི་དཀའ་ལས་བརྒྱབ་གྱ་མིར་ཡམ་ལ་འཚམས་འདྲི་ཞུས། 7 ངའི་སྤུན་ཟླ་དང་ངའི་བཙོན་རོགས་ཡིན་གྱིན་ཨན་དྲོ་ནི་ཀུ་དང་ཡུན་ཡཱ་ལ་འཚམས་འདྲི་ཞུས། ཁོང་ཀྱ་སྐུ་ཚབ་ཀྱ་ཡི་ནང་སྐད་གྲགས་ཆེ་འོད་ད་ལགས། དེ་ནས་ང་ནས་ཨེན་ལ་མཱ་ཤི་ཀ་བ་བྱུང་བ་ལགས། 8 གཙོ་བོའི་ནང་ངའི་གཅེས་བའི་རོགས་བ་ཨམ་པི་ལི་ཡ་ཏུ་ལ་འཚམས་འདྲི་ཞུས། 9 དེ་ནས་མཱ་ཤི་ཀའི་ནང་ངའི་ལས་རོགས་ཨུར་སྦ་ནུ་དང་། ངའི་གཅེས་བའི་རོགས་བ་སི་ཏ་ཀུས་ལ་འཚམས་འདྲི་ཞུས། 10 དེ་ནས་མཱ་ཤི་ཀའི་ནང་བཟང་པོ་བརྩིས་ཙ་ཨ་པེ་ལེ་ལ་འཚམས་འདྲི་ཞུས། དེ་ནས་ཨ་རིས་ཏོ་བུལ་ལོ་གི་ནང་མི་ཀྱ་ལ་འཚམས་འདྲི་ཞུས། 11 ངའི་སྤུན་ཟླ་ཧེ་རོ་དི་ཡོན་ལ་འཚམས་འདྲི་ཞུས། དེ་ནས་གཙོ་བོའི་ནང་འོད་ཀྱིན་ནར་ཀི་སོའི་ནང་མི་ཀྱ་ལ་འཚམས་འདྲི་ཞུས། 12 གཙོ་བོའི་ནང་དཀའ་ལས་བརྒྱབ་ཀྱིན་བུ་མོ་ཏི་རུ་ཕེ་ནཱ་དང་ཏི་རུ་ཕོ་སཱ་ལ་འཚམས་འདྲི་ཞུས། གཙོ་བོའི་ནང་དམི་ཅིག་གི་དཀའ་ལས་བརྒྱབ་ཀྱིན་ངའི་གཅེས་བའི་རོགས་བ་པེར་སི་ལ་འཚམས་འདྲི་ཞུས། 13 གཙོ་བོའི་ནང་བདམས་ད་རུ་ཕུ་སུ་དང་། ངའི་ཨ་མའང་བྱུང་མྱོང་གིན་ཁོའི་ཨ་མ་ལ་འཚམས་འདྲི་ཞུས། 14 ཨ་སིན་ཀེ་རེ་ཏུ་དང་། ཕེ་ལེ་གོན་དང་། ཧེར་མཱེ་དང་། པ་ཏོ་རོ་བཱ་དང་། ཧེར་མཱ་དང་། ཁོང་ཀྱ་མུ་ལ་འོད་ཀྱིན་སྤུན་གཞན་མ་ཀྱ་ལ་འཚམས་འདྲི་ཞུས། 15 དེ་ནས་ཕི་ལོ་ལོ་གུ་དང་། ཡུ་ལི་ཡཱ་དང་། ནེ་རེ་ཡུ་དང་། ཁོའི་ནུ་མོ་དང་། ཨོ་ལིམ་པཱ་དང་། ཁོང་ཀྱ་མུ་ལ་འོད་ཀྱིན་དཀོན་མཆོག་གི་མི་འོད་ལེ་ལ་འཚམས་འདྲི་ཞུས། 16 དེ་ནས་གཅིག་གིས་གཅིག་ལ་དམ་པའི་འོ་ཡིས་འཚམས་འདྲི་ཞུས། མཱ་ཤི་ཀ་ཡི་ཆོས་ཚོགས་འོད་ལེ་ཡིས་ཁྱེད་ཀྱ་ལ་འཚམས་འདྲི་ཞུའི། མཐའ་མའི་བསླབ་བྱ་དང་འཚམས་འདྲི། 17 སྤུན་ཀྱ་བོ། ཁྱེད་ཀྱ་ལ་བསླབས་ལ་ཆོས་ཀྱི་ལྟ་བ་ནས་གཞན་མ་བསླབས་ཏེ་ཁྱེད་ཀྱ་གུང་དུ་དཀྲུག་གིན་དང་། དཀའ་ལས་གག་བ་ཟོ་གིན་མི་ཀྱ་ནས་གཟབ་གཟབ་བྱེད། དེ་ནས་ཁོང་ཀྱ་ནས་བྲལ་རེ་སྡོད་སྨྲས་རེ་ང་ཁྱེད་ཀྱ་ལ་ཞུ་བ་འབུལ་ལ་ཡིན། 18 གི་བྱས་རེ་སྨྲ་ན་དེ་རེ་མི་ཀྱ་ཡིས་འོ་རི་གཙོ་བོ་མཱ་ཤི་ཀའི་ཆེད་དུ་ཞབས་ཕྱི་འབུལ་ལ་མིན་ད། ཡིན་ནའང་རང་གི་ཕོ་བ་ཆེད་དུ་བྱེད་ད་ལགས། དེ་ནས་དེ་རེ་ཀྱ་ཡི་ཁ་མཛེས་བ་དང་། པེ་ལེ་བཤད་དེ་མི་དཀྱུས་མ་ཀྱ་ཡི་སེམས་ཀྱ་བསླུས་ལ་ལགས། 19 ཁྱེད་ཀྱ་ཁ་ལ་ཉན་པོ་འོད་ཀྱིན་གོ་མི་གི་རི་ལ་ཤེས་ཡས་འོད་ད་ལགས། དེ་ནས་ཁྱེད་ཀྱ་ཡིས་བྱས་རེ་ང་དགའ་སྤྲོ་བྱེད་ད་ཡིན། ཡིན་ནའང་ཁྱེད་ཀྱ་བཟང་ང་ཡིན་གྱིན་གོ་ལ་སྤྱང་ཛེ་བྱེད་ཡས་དང་། ངན་པ་ཡིན་གྱིན་གོ་ལ་སྐྱོན་མེད་ཀྱིན་འབྱུང་གིན་གོ་ང་འདོད་འདིག་འོད། 20 ཞི་བདེའི་དཀོན་མཆོག་གིས་བདུད་སཱ་ཏན་ལ་མགྱོགས་སེ་རང་ཁྱེད་ཀྱ་ཡི་རྐང་པའི་འོག་ལ་བསྣེམ་གྱི་ལགས། འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་ཁྱེད་ཀྱ་མུ་ལ་འོང་བར་ཤོག། 21 ངའི་ལས་རོགས་ཏི་མོ་ཐེའུ་དང་། ངའི་སྤུན་ཟླ་ལུ་ཀི་ཡཱུ་དང་། ཡཱ་སོན་དང་། སོ་སི་པཱ་ཏོ་ཡིས་ཁྱེད་ཀྱ་ལ་འཚམས་འདྲི་ཞུའི། 22 དེ་ནས་པའུ་ལུ་ཡི་ཆེད་དུ་དེ་ཡིག་བྲིས་ཀྱིན་ང་ཏེར་ཏི་ཡུ་ཡིས་འང་ཁྱེད་ཀྱ་ལ་གཙོ་བོའི་ནང་འཚམས་འདྲི་འོད། 23 དེ་ནས་ང་དང་ཆོས་ཚོགས་གི་རི་ལ་སྣེ་ཚང་གཡར་གྱིན་ག་ཡུ་ཡིས་ཁྱེད་ཀྱ་ལ་འཚམས་འདྲི་ཞུའི། དེ་ནས་རྒྱལ་ས་ཡི་གཉེར་པ་ཨེ་ར་སི་ཏུ་དང་། ནུ་བོ་ཀོ་ཨར་ཏོས་ཀྱིས་ཁྱེད་ཀྱ་ལ་འཚམས་འདྲི་ཞུའི། 24 [འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་ཁྱེད་ཀྱ་མུ་ལ་འོང་བར་ཤོག ། ཨ་མེན།] པའུ་ལུ་ཡི་མཐའ་མའི་སྨོན་ལམ། 25 ད་དཀོན་མཆོག་གི་གཟི་བརྗིད་འོང་བར་ཤོག། དེ་ནས་ཡེ་ཤུ་མཱ་ཤི་ཀའི་སྐོར་ལ་ངས་བཤད་ཀྱིན་གཏམ་བཟང་གི་ཐོག་ནས་དང་། དུས་ཐོག་མ་ནས་གསང་རེ་བཞག་ཞ་གསང་བ་མངོན་གྱིན་གྱི་ཐོག་ནས། ཁོང་པ་ཡིས་ཁྱེད་ཀྱ་ལ་ཤུགས་ཆེ་མཛད་ཐུབ་བ་ལགས། 26 ཡིན་ནའང་མངོན་ཤེས་མཁན་ཀྱ་ཡིས་ཨེན་མ་མངོན་གསུངས་རེ་བྲིས་བྲ་དང་། མཐའ་མེད་པའི་དཀོན་མཆོག་གི་བཀའ་ཡི་ཐོག་ནས་གསང་བ་དེ། ཡ་ཧུ་དཱ་པ་མིན་མཁན་གི་རི་ལ་མངོན་འོད་ད་ལགས། དེ་ནི་གི་རི་ཡིས་དད་པ་བྱས་རེ་ཁོང་པ་ཡི་བཀའ་ལ་རྩི་ལ་ཤོག་སྨྲས་རེ་ལགས། 27 ཀུན་མཁྱེན་གྱིན་དཀོན་མཆོག་གཅིག་པོ་ལ་ཡེ་ཤུ་མཱ་ཤི་ཀའི་ཐོག་ནས་རྒྱུན་ནས་རྒྱུན་དུ་གཟི་བརྗིད་འོང་བར་ཤོག ། ཨ་མེན།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.