རོ་མཱ་པ། 15 - གློ་བ།རང་ལ་མིན་ད་གཞན་ལ་དགའ་རུ་བཅུག། 1 འོ་རང་དད་པ་ལ་བརྟན་པོ་འོད་མཁན་ཀྱ་ཡིས་དད་པ་ལ་སྐྱོ་བ་འོད་མཁན་ཀྱ་ཡི་ཐབས་སྐྱོ་བ་གོ་ལ་བཟོད་པ་བྱེད་དགོས་བ་ལགས། འོ་རང་རང་ལ་གཅིག་ཀ་ཉམ་མོ་དགའ་རུ་བཅུག་ཡས་མ་ལགས། 2 དེ་ནས་འོ་རང་མི་རེ་རེ་ཡིས་རང་གི་ཁྱིམ་མཚེས་ལ་ཕན་ཡས་དང་། ཁོའི་དད་པ་ཡར་རྒྱས་བཏང་ཡས་ཀྱི་ཕྱིར་ལ་ཁོ་ལ་དགའ་རུ་བཅུག་དགོས་བ་ལགས། 3 གི་བྱས་རེ་སྨྲ་ན་མཱ་ཤི་ཀ་ཡིས་འང་རང་གི་ཐུགས་དགྱེས་རུ་བཅུག་བ་མ་མཛད་པ་ལགས། འདིའི་སྐོར་ལ་གསུང་རབ་ལ་དེ་རེ་བྲིས་འོད་ད་ལགས། ཁྱེད་རང་ལ་སྨད་སྤྲ་བཏང་མཁན་གྱིས་སྨད་སྤྲ་ངའི་ཁར་ལ་ཕོག་འདུག 4 ད་གསུང་རབ་ཀྱིས་གནང་གིན་བཟོད་པ་དང་སེམས་ཤུགས་ཀྱི་ཐོག་ནས་འོ་རང་ལ་རེ་བ་འཐོབ་པ་ཤོག་སྨྲས་རེ། ཨེན་མ་བྲིས་བྲ་གི་རི་འོ་རང་ལ་བསླབ་བྱ་སྟེར་ཡས་ལ་བྲིས་པ་ལགས། 5 དེ་ནས་བཟོད་པ་དང་སེམས་ཤུགས་གནང་གིན་དཀོན་མཆོག་གིས་ཁྱེད་ཀྱ་ལ་མཱ་ཤི་ཀ་ཡེ་ཤུ་མུ་ལ་གཅིག་བྱུང་རེ། ཕན་ཚུན་ཀྱ་གུང་དུ་སེམས་པ་གཅིག་པ་མཛད་དེ་འཚོ་བ་བསྐྱལ་རུ་བཅུག་བ་མཛད་ད་ཤོག། 6 དེ་ནས་དེ་ནི་ཁྱེད་ཀྱ་སེམས་པ་གཅིག་པ་བྱུང་རེ་སྐད་གཅིག་ལ་དཀོན་མཆོག་དང་། འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ཡི་ཡབ་ལ་བསྟོད་པ་འབུལ་ཡས་ཀྱི་ཆེད་དུ་ལགས། 7 འོ་བྱས་རེ་དཀོན་མཆོག་གི་གཟི་བརྗིད་ཀྱི་ཆེད་དུ། མཱ་ཤི་ཀ་ཡིས་ཁྱེད་ཀྱ་ལ་ཁས་ལེན་མཛད་ཛ་ཅོག་རེ། ཁྱེད་ཀྱ་ཡིས་འང་གཅིག་གིས་གཅིག་ལ་ཁས་ལེན་བྱེད། 8-9 འོ་རི་དང་པའི་ཕ་མ་ཀྱ་ལ་གནང་ན་དམ་བཅའ་ཀྱ་སྒྲུབ་ཡས་དང་། ཡ་ཧུ་དཱ་པ་མིན་མཁན་ཀྱ་ཡིས་ཁོང་པ་ཡི་ཐུགས་རྗེའི་ཆེད་དུ་དཀོན་མཆོག་ལ་བསྟོད་པ་འབུལ་ཡས་ཀྱི་ཕྱིར་ལ། མཱ་ཤི་ཀ་ཡིས་དཀོན་མཆོག་གི་བདེན་པ་སྟོན་ད་མཛད་པ་ལགས། དེ་ནས་ཁོང་པ་རང་ཡ་ཧུ་དཱ་པ་ཀྱ་ཡི་གཡོག་པོ་ལ་གྱུར་པ་ལགས་སྨྲས་རེ་ང་ཁྱེད་ཀྱ་ལ་སྨྲ་ཡིན། འདིའི་སྐོར་ལ་གསུང་རབ་ལ་དེ་རེ་བྲིས་འོད་ད་ལགས། འོ་བྱས་རེ་ཡ་ཧུ་དཱ་པ་མིན་མཁན་ཀྱ་ཡི་ཁོག་ཏུ་ང་ཁྱེད་རང་ལ་བསྟོད་པ་འབུལ་ཡས་ཡིན། དེ་ནས་ཁྱེད་རང་གི་མཚན་གྱི་བསྟོད་དབྱངས་འབུལ་ཡས་ཡིན། 10 དེ་ནས་ཡང་དེ་རེ་བྲིས་འོད་ད་ལགས། ཡེ་ཡ་ཧུ་དཱ་པ་མིན་མཁན་ཀྱ་བོ། ཁོང་གི་མི་ཀྱ་མུ་ལ་དགའ་སྤྲོ་བྱེད། 11 དེ་ནས་ཡང་། ཁྱེད་ཡ་ཧུ་དཱ་པ་མིན་མཁན་གི་རི་གཙོ་བོ་ལ་བསྟོད་པ་ཕུལ། མི་གི་རི་ཡིས་ཁོང་པ་ཡི་བསྟོད་པ་ཕུལ། 12 དེ་ནས་ཡང་ཡེ་ཤ་ཡཱ་ཡིས་གསུངས་ང་ལགས། ཡེ་སེའི་བརྒྱུད་པ་ནས་མི་གཅིག་ཕེབས་ཀྱི་ལགས། ཁོང་གིས་ཡ་ཧུ་དཱ་པ་མིན་མཁན་ཀྱ་ཡི་ཁར་ལ་དབང་མཛད་ཀྱི་ལགས། དེ་ནས་ཁོང་ཀྱ་ཡིས་ཁོང་པ་ཁར་ལ་རེ་བ་བཞག་གི་ལགས། 13 ད་དམ་པའི་ཐུགས་ཉིད་ཀྱི་ནུས་མཐུ་ནས་ཁྱེད་ཀྱ་ཡི་རེ་བ་མོད་ཚོ་ལི་འཕེལ་ཡས་ཀྱི་ཆེད་དུ། རེ་བ་ཡི་དཀོན་མཆོག་གིས་ཁྱེད་ཀྱ་ལ་དད་པ་ཡི་ཐོག་ནས་དགའ་སྤྲོ་དང་ཞི་བདེ་འོད་ལེ་ཡིས་ཁང་བར་ཤོག། ཡ་ཧུ་དཱ་པ་མིན་མཁན་ཀྱ་ཡི་ཞབས་ཕྱི་པ་པའུ་ལུ། 14 ངའི་སྤུན་ཀྱ་བོ། ཁྱེད་ཀྱ་བཟང་ང་དང་། ཤོས་ཡོན་གྱིས་ཁང་ཁ་དང་། གཅིག་གིས་གཅིག་ལ་སློབ་སྟོན་བྱེད་ཐུབ་ཀྱིན་འདུག་སྨྲས་རེ་ང་ལ་ཡིད་ཆེས་བརྟན་པོ་འོད། 15 ཡིན་ནའང་དོན་རིང་འགའ་ཡི་སྐོར་ལ་ཁྱེད་ཀྱ་ལ་དྲན་གསོ་བསླངས་ཡས་ཀྱི་ཆེད་དུ་ངས་བློ་ཁོག་ཆེ་བྱས་རེ་བྲིས་འོད། གི་བྱས་རེ་སྨྲ་ན་དཀོན་མཆོག་གིས་ང་ལ་གནང་ན་ཐུགས་རྗེ་ནི། 16 ཡ་ཧུ་དཱ་པ་མིན་མཁན་ཀྱ་ཡི་ཆེད་དུ་མཱ་ཤི་ཀ་ཡེ་ཤུའི་ཞབས་ཕྱི་པ་འབྱུང་ཡས་ལགས། དེ་ནས་དམ་པའི་ཐུགས་ཉིད་ཀྱིས་ཡ་ཧུ་དཱ་པ་མིན་མཁན་ཀྱ་ལ་དམ་པ་མཛད་དེ། ཁོང་ཀྱ་དཀོན་མཆོག་ལ་ཐུགས་མཉེས་བོ་འོང་གིན་མཆོད་པ་འབྱུང་ཡས་ཀྱི་ཕྱིར་ལ། དཀོན་མཆོག་གི་གཏམ་བཟང་བཤད་ཡས་ཀྱི་མཆོད་དཔོན་གཅིག་གི་ལས་འགན་གོ་ང་ལ་གནང་འོད་ད་ལགས། 17 འོ་བྱས་རེ་དཀོན་མཆོག་གི་ཆེད་དུ་ངས་ཞབས་ཕྱི་ཞུ་གིན་གོ་ལ། ང་མཱ་ཤི་ཀ་ཡེ་ཤུའི་ནང་ངོམ་གསོ་བྱེད་ཡས་ཀྱི་དོན་འོད། 18-19 མཱ་ཤི་ཀ་ཡིས་ངའི་ཐོག་ནས་གི་མཛད་ཛ་མ་ན། གཏམ་གཞན་མ་གཅིག་འང་ང་བཤད་ཡས་ཀྱི་བློ་ཁོག་མི་བྱེད། དེ་ནི་རྟགས་དང་། ཧང་སང་གིན་དོན་ཀྱ་ཡི་ནུས་མཐུ་དང་། དཀོན་མཆོག་གི་ཐུགས་ཉིད་ཀྱི་ནུས་མཐུའི་ཐོག་ནས་ངས་གི་སྨྲས་ན་དང་། གི་བྱས་བྱའི་སྒོ་ནས་ཡ་ཧུ་དཱ་པ་མིན་མཁན་ཀྱ་ལ་དཀོན་མཆོག་གི་བཀའ་ལ་ཉན་དུ་བཅུག་པའི། དེ་རེ་བྱས་རེ་ངས་ཡེ་རུ་ཤ་ལེམ་ནས་བྱུང་རེ་ཨིལ་ལུ་རི་ཀོན་གྱི་ས་ཆ་འོད་ལེ་ལ། མཱ་ཤི་ཀའི་གཏམ་བཟང་དོན་གི་རི་ནས་གསལ་བསྒྲགས་བྱས་འོད། 20 དེ་ནས་མི་གཞན་མ་ཡིས་བཏིང་ཚར་ས་རྨང་གཞིའི་ཁར་ལ་ཁང་པ་མི་རྩིག་ཡས་ཀྱི་ཆེད་དུ། ངས་ཙོག་བའི་མཱ་ཤི་ཀའི་མཚན་མེད་ཤེས་ཀྱིན་ས་ཆ་ཀྱ་ལ་གཅིག་ཀ་གཏམ་བཟང་བཤད་ཡས་ཀྱི་འདོད་པ་བཞག་པའི། 21 གསུང་རབ་ལ་དེ་རེ་བྲིས་འོད་ད་ལགས། ཁོང་གི་སྐོར་ལ་ནམ་མའང་མ་ཤེས་ཤ་ཀྱ་ཡིས་ཁོང་ལ་མཇལ་གྱི་ལགས། དེ་ནས་ཁོང་གི་སྐོར་ལ་ནམ་མའང་གོ་མ་མྱོང་མཁན་ཀྱ་ཡིས་ཧ་གོ་གི་ལགས། རོམ་དུ་འགྲོ་ཡས་ཀྱི་པའུ་ལུ་ཡི་འཆར་གཞི། 22 འོ་བྱས་རེ་རང་ང་ཐེངས་མང་པོ་ཁྱེད་ཀྱ་རྩ་རུ་སླེབས་མ་ཐུབ་སོང་། 23 ཡིན་ནའང་ད་དེ་ཡུལ་ཕྱོགས་ཀྱ་ལ་ངའི་ཆེད་དུ་ལས་ཀ་བྱེད་ས་ས་ཆ་ལྷག་མ་མིན་འདུག། དེ་ནས་ང་ལོ་མང་པོ་ནས་ཁྱེད་ཀྱ་རྩ་རུ་འོང་ཡས་ཀྱི་འདོོད་པ་ཆེ་བྱས་རེ། 24 ང་སི་པེན་ལ་འགྲོ་དུས་ཁྱེད་ཀྱ་ལ་ཐུག་ཡས་ཀྱི་རེ་བ་བཞག་འོད། དེ་ནས་ང་ཁྱེད་ཀྱི་མུ་ལ་དུས་ཚོད་ཏི་ཏེ་གཅིག་མཉམ་འབྲེལ་གྱི་དགའ་སྤྲོ་ལེན་ཚར་ཏེ། ཁྱེད་ཀྱ་ནས་ངའི་འོ་དེ་འགྲུལ་ལ་དགོས་ཀྱིན་རོགས་རམ་གོ་འཐོབ་ཡས་ཀྱི་རེ་བ་ངས་བཞག་འོད། 25 ད་ལྟ་ང་དཀོན་མཆོག་གི་མི་ཀྱ་ལ་རོགས་རམ་བྱེད་དུ་ཡེ་རུ་ཤ་ལེམ་ཕྱོགས་ལ་འགྲོའི་འོད། 26 གི་བྱས་རེ་སྨྲ་ན་ཡེ་རུ་ཤ་ལེམ་དུ་འོད་ཀྱིན་དཀོན་མཆོག་གི་མི་དབུལ་སྤྲེ་ཀྱ་ཡི་ཆེད་དུ་མ་ཀེ་དོན་ཡཱ་དང་། ཨ་ཀ་ཡི་ཡཱ་ཡི་ཆོས་ཚོགས་ཀྱ་ཡིས་ཞལ་འདེབས་འབུལ་ཡས་ལ་ཉམ་མོ་དགའ་འདུག། 27 ཁོང་ཀྱ་དེ་རེ་བྱེད་ཡས་ལ་ཉམ་མོ་དགྱེས་བ་ལགས། དེ་ནས་དངོས་གནས་བྱེད་ན་ཁོང་ཀྱ་འོ་དེ་དཀོན་མཆོག་གི་མི་ཀྱ་ལ་བུ་ལོན་ཟུག་འོད་ད་ལགས། གི་བྱས་རེ་སྨྲ་ན་ཡ་ཧུ་དཱ་པ་མིན་མཁན་ཀྱ་ཡིས་དཀོན་མཆོག་གི་མི་ཀྱ་ནས་སེམས་ཉིད་ཀྱི་བྱིན་རླབས་ཀྱ་ཐོབ་འོད་ན། ཁོང་ཀྱ་ཡིས་འང་དཀོན་མཆོག་གི་མི་ཀྱ་ལ་འཇིག་རྟེན་གྱི་བྱིན་རླབས་ཀྱ་ཡི་ཐོག་ནས་ཞབས་ཕྱི་ཞུ་དགོས་ལ་ལགས། 28 འོ་བྱས་རེ་འདི་ལས་ཀ་དེ་ཟིན་ཏེ་ཁོང་ཀྱ་ཡི་ཆེད་དུ་བསྡུས་ད་ཞལ་འདེབས་དེ་ལག་པ་ལ་རྩིས་བརྒྱབ་ཚར་ཏེ། ང་ཁྱེད་ཀྱ་རྩ་རུ་ཐུག་སྟེ་སི་པེན་ལ་འགྲོ་ཡས་ཡིན། 29 དེ་ནས་ང་ཁྱེད་ཀྱ་རྩ་རུ་འོང་ང་རང་མཱ་ཤི་ཀའི་བྱིན་རླབས་ཀྱི་ཕུན་སུམ་ཚོགས་པ་བྱུང་རེ་འོང་གི་ལགས་སྨྲས་རེ་ང་ལ་ཤེས་ཡས་འོད། 30 སྤུན་ཀྱ་བོ། འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་དང་དམ་པའི་ཐུགས་ཉིད་ཀྱི་བྱམས་པའི་ཐོག་ནས། ངའི་མུ་ལ་ངའི་དཀའ་ལས་ལ་དཀོན་མཆོག་ལ་སྨོན་ལམ་ཞུས་སྨྲས་རེ་ང་ཁྱེད་ཀྱ་ལ་ཞུ་བ་འབུལ་ལ་ཡིན། 31 ཡུ་དེ་ཡཱ་རུ་འོད་ཀྱིན་དད་པ་མི་བྱེད་མཁན་ཀྱ་ནས་ང་ལ་སྐྱོབ་ཡས་དང་། ཡེ་རུ་ཤ་ལེམ་དུ་ངས་ཁྱེར་ཏེ་འགྲོ་གིན་རོགས་རམ་གོ། དཀོན་མཆོག་གི་མི་ཀྱ་ཡིས་ཁས་ལེན་ད་ཤོག་སྨྲས་རེ་སྨོན་ལམ་རྒྱོབ། 32 དེ་ནས་དཀོན་མཆོག་གི་ཐུགས་དགོངས་ཀྱི་ཐོག་ནས། ང་ཁྱེད་ཀྱ་རྩ་རུ་ཉམ་མོ་དགྱེས་རེ་འོང་ཡས་འབྱུང་གི་ལགས། དེ་ནས་འོ་རང་གཅིག་གིས་གཅིག་ཆེད་དུ་སེམས་ཤུགས་འབྱུང་གི་ལགས། 33 ཞི་བདེའི་དཀོན་མཆོག་ཁྱེད་ཀྱ་གི་རི་མུ་ལ་བཞུགས་བར་ཤོག། ཨ་མེན།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.