རོ་མཱ་པ། 13 - གློ་བ།ཞུང་གི་དཔོན་པོ་ཀྱ་ཡི་དབང་འོག་ཏུ། 1 མི་འོད་ལེ་གཞུང་གི་དཔོན་པོ་ཀྱ་ཡི་དབང་འོག་ཏུ་བསྡད་དགོས། གི་བྱས་རེ་སྨྲ་ན་དཀོན་མཆོག་ནས་བཀོད་ཀ་མ་ན་གཞན་མ་དབང་གཅིག་འང་མེད་ད་ལགས། དེ་ནས་དཔོན་པོ་འོད་ཀྱིན་ཀྱ་དཀོན་མཆོག་ནས་བཀོད་ཀ་ལགས། 2 འོ་བྱས་རེ་གཞུང་གི་དཔོན་པོ་ཀྱ་ལ་ངོ་ལོག་བྱེད་མཁན་ཀྱ་ཡིས་དཀོན་མཆོག་ནས་བཀོད་ཀ་ཀྱ་ལ་ངོ་ལོག་བྱེད་ད་ལགས། དེ་ནས་ངོ་ལོག་བྱེད་མཁན་ཀྱ་ཡིས་རང་གི་ཁར་ལ་རང་ཆད་པ་འཕོག་ཏུ་བཅུག་བ་ལགས། 3 གི་བྱས་རེ་སྨྲ་ན་གཞུང་གི་དཔོན་པོ་ཀྱ་ཡིས་བཟང་པོ་བྱེད་མཁན་ཀྱ་ལ་མིན་ད། ཡིན་ནའང་ངན་པ་བྱེད་མཁན་ཀྱ་ལ་འཇིགས་སྐྲག་བསྐུལ་ལ་ལགས། ད་ཁྱོད་དཔོན་པོ་ཀྱ་ཡི་འཇིགས་སྐྲག་འོག་ལ་བསྡད་འདོད་མེད་དེ། འོ་རེ་ཡིན་ན་བཟང་ང་ཡིན་གྱིན་གོ་བྱེད། དེ་ནས་ཁྱོད་ལ་ཁོང་ཀྱ་ནས་བསྟོད་སྒྲ་འཐོབ་ཀྱི་ལགས། 4 གི་བྱས་རེ་སྨྲ་ན་ཁྱོད་ལ་ཕན་ཡས་ཀྱི་ཕྱིར་ལ་དཔོན་པོ་ཀྱ་ནི་དཀོན་མཆོག་གི་ཞབས་ཕྱི་པ་ལགས། ཡིན་ནའང་ཁྱོས་ངན་པ་བྱེད་ན་འཇིགས་སྐྲག་བྱེད། གི་བྱས་རེ་སྨྲ་ན་ཁོས་རལ་གྲི་དོན་མེད་དུ་མེད་རེ་ལ་ལགས། དེ་ནས་ངན་པ་བྱེད་མཁན་ཀྱ་ཡིས་ཁར་ལ་དཀོན་མཆོག་གི་ཉེས་པ་ཁྱེར་ཏེ་འོང་གིན་ཁོང་ཀྱ་ནི། དཀོན་མཆོག་གི་ཐུགས་ཁྲོའི་ཞབས་ཕྱི་པ་ཀྱ་ལགས། 5 འོ་བྱས་རེ་དཀོན་མཆོག་གི་ཉེས་པ་ནས་ཐར་ཡས་གཅིག་ཀ་མིན་ད། ཡིན་ནའང་ཤེས་བཟང་གི་ཆེད་དུའང་ཁྱོད་ཁོང་ཀྱ་ཡི་འོག་ཏུ་བསྡད་དགོས། 6 འོ་བྱས་རེའང་ཁྱོད་ཁྲལ་འཇང་ང་ལགས། གི་བྱས་རེ་སྨྲ་ན་ལས་ཀ་དེ་ཀྱ་ཡི་ཆེད་དུ་རང་། ཙོག་བའི་རྒྱུག་གིན་གཞུང་གི་དཔོན་པོ་ཀྱ་དཀོན་མཆོག་གི་ཞབས་ཕྱི་པ་ཀྱ་ལགས། 7 དེ་ནས་འཇང་དགོས་ཡས་འོད་ལེ་གོ་ལ་འཇོང་། ད་ཁྲལ་འཇང་དགོས་ཡས་འོད་ན་ཁྲལ་འཇོང་། དེ་ནས་ཚོང་ཁྲལ་འཇང་དགོས་ཡས་འོད་ན་ཚོང་ཁྲལ་འཇོང་། དེ་ནས་གུས་ཞབས་བྱེད་དགོས་མཁན་ལ་གུས་ཞབས་བྱེད། དེ་ནས་རྩི་དགོས་མཁན་ལ་རྩིས། བྱམས་པ་ནང་སྡོད། 8 གཅིག་གིས་གཅིག་ལ་བྱམས་པ་བྱེད་ཡས་མ་ན། གཞན་མ་དོན་གིན་གིའང་བུ་ལོན་འོག་ལ་ཆུད་དེ་མ་བསྡད། གི་བྱས་རེ་སྨྲ་ན་རང་གི་ཁྱིམ་མཚེས་ལ་བྱམས་པ་བྱེད་ཀྱིན་གྱིས་ཆོས་ཁྲིམས་གོ་བསྒྲུབས་པ་ལགས། 9 ཁྱོད་ལོག་གཡེམ་མ་བྱེད། དེ་ནས་ཁྱོད་སྲོག་མ་བཅད། དེ་ནས་ཁྱོད་རྐུ་མ་མ་རྐུས། དེ་ནས་ཁྱོད་ཧམ་པ་མ་བྱེད། དེ་བཀའ་ཀྱ་མ་ན་གཞན་མ་བཀའ་འོད་ཀྱིན་གི་རི་ཁྱོས་རང་གི་ཁྱིམ་མཚེས་ལ་རང་ལ་ཅོག་རེ་བྱམས་པ་བྱེད། སྨྲ་གིན་བཀའ་འདིའི་ནང་ལ་ཆུད་ད་ལགས། 10 བྱམས་པ་ཡིས་ཁྱིམ་མཚེས་ལ་གནོད་མེད་བསྐྱལ་ལ་ལགས། འོ་བྱས་རེ་བྱམས་པ་བྱེད་ཡས་ནི་ཆོས་ཁྲིམས་བསྒྲུབ་ཡས་ལགས། 11 དེ་ཀྱ་མ་ན་ད་ལྟའི་དུས་དེ་ག་རེ་འོད་ཀྱིན་གོ་ཁྱེད་ཀྱ་ལ་ཤེས་ཡས་འོད་ད་ལགས། ད་གཉིད་སད་ཡས་ཀྱི་དུས་ཚོད་གོ་སླེབས་ཚར་འདུག། གི་བྱས་རེ་སྨྲ་ན་འོ་རི་འགོ་མ་དད་པ་བྱས་བྱ་ནས་འང་ད་ལྟ་འོ་རི་ཐར་པ་གོ་དོ་རང་འང་ཉེ་རུ་སླེབས་འདུག། 12 ད་མཚན་རྫོགས་སྤྲོ་འདུག། དེ་ནས་ཉིན་གོ་སླེབས་ཚར་འདུག། འོ་བྱས་རེ་མུན་ནག་པ་ཡི་ལས་ཀ་བོར་ཏེ་འོ་རང་འོད་ཀྱི་གོ་ཁྲབ་ཀྱ་གོན་དགོས། 13 ཉིན་མོ་ཅོག་རེ་འོ་རང་སྤྱོད་པ་བཟང་པོ་བྱེད་དགོས། སྤྱོད་པ་མེད་ཀྱིན་བཞུགས་གྲལ་ཀྱ་དང་། བཟི་ཡས་དང་། ལོག་གཡེམ་དང་། འདོད་ཆགས་དང་། ཕྲུག་པ་དང་། ཕྲག་དོག་བྱེད་ཡས་མ་ལགས། 14 ཡིན་ནའང་ཁྱེད་ཀྱ་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ཡི་གོ་ཁྲབ་ཀྱ་གོན། དེ་ནས་སྡིག་པའི་རང་གཤིས་ཀྱི་འདོད་ཆགས་ཀྱ་བསྒྲུབ་ཡས་ཀྱི་བསམ་བློ་མ་བཏང་།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.