རོ་མཱ་པ། 11 - གློ་བ།ཡིས་ར་ཨེལ་པ་མི་ལྷག་མ་ཀྱ་ཡི་སྐོར། 1 ད་ཧ་ན་ང་འདྲི་ལ་ཡིན། དཀོན་མཆོག་གིས་རང་གི་མི་ཀྱ་ལ་སྤངས་ང་མཛད་པ་ལགས་སེ། རྩ་བ་ནས་མ་མཛད་འདུག། གི་བྱས་རེ་སྨྲ་ན་ངའང་ཨབ་ར་ཧམ་གྱི་བུ་རྒྱུད་དང་། བེན་ཡ་མཱིན་གྱི་རུས་བ་ཡི་ཡིས་ར་ཨེལ་པ་གཅིག་ཡིན། 2 དཀོན་མཆོག་གིས་ཨེན་མ་མཁྱེན་ད་མཛད་ཛ་རང་གི་མི་ཀྱ་ལ་སྤངས་ང་མ་མཛད་འོད་ད་ལགས། གསུང་རབ་ལ་ཨེ་ལི་ཡཱའི་སྐོར་ལ་དེ་རེ་གསུངས་གིན་གོ་ཁྱེད་ཀྱ་ལ་ཤེས་ཡས་མེད་ད་ལེ། ཁོང་གིས་ཡིས་ར་ཨེལ་གྱི་སྐོར་ལ་དཀོན་མཆོག་མུ་ལ་སྡུག་སྐད་བརྒྱབ་སྟེ་དེ་རེ་ཞུས་བ་ལགས། 3 གཙོ་བོ་ལགས། ཁོང་ཀྱ་ཡིས་ཁྱེད་རང་གི་མངོན་ཤེས་མཁན་ཀྱ་བསད་སོང་། དེ་ནས་ཁྱེད་རང་གི་མཆོད་ཁྲི་ཀྱ་ཁོང་ཀྱ་ཡིས་བཤིག་སོང་། ད་ང་གཅིག་ཀ་ལྷག་འོད། དེ་ནས་ཁོང་ཀྱ་ང་ལའང་བསད་ཡས་ཐབས་ཤེས་བཙལ་ལི། 4 ཡིན་ནའང་དཀོན་མཆོག་གི་ཁོ་ལ་ལན་གི་གསུངས་བ་ལེ། ཁོང་པ་ཡིས་དེ་རེ་གསུངས་བ་ལགས། ངས་ང་རི་དོན་དུ་ལྷ་སྦ་ཨལ་ལ་ཕྱག་མ་འཚལ་མཁན་མི་སྟོང་བདུན་བཞག་འོད། 5 དེ་རེ་རང་བྱས་རེ་ད་ལྟའི་དུས་དེ་ལ་ཐུགས་རྗེའི་ཐོག་ནས་བདམས་ད་ཡིས་ར་ཨེལ་པ་རིང་འགའ་ལྷག་འོད་ད་ལགས། 6 ད་དེ་ཐུགས་རྗེའི་ཐོག་ནས་ཡིན་ན། མིའི་ལས་ཀ་ལ་རགས་ལུས་ཏེ་བྱུང་བ་མ་ལགས། དེ་རེ་ཡིན་ན་ཐུགས་རྗེ་གོ་ནི་ཐུགས་རྗེ་དངོས་གནས་མ་ལགས། 7 ད་ཧ་ན་གི། ཡིས་ར་ཨེལ་པ་ཀྱ་ཡིས་གི་བཙལ་གྱིན་གོ་མ་བརྙེས་པ་ལགས། ཡིན་ནའང་ཁོང་ཀྱ་ནས་བདམས་ད་ཀྱ་ལ་འོ་དེ་བརྙེས་པ་ལགས། དེ་ནས་གཞན་མ་ཀྱ་ཡི་སེམས་གྱོང་ང་མཛད་པ་ལགས། 8 གསུང་རབ་ལ་དེ་རེ་བྲིས་འོད་ད་ལགས། དཀོན་མཆོག་གིས་ཁོང་ཀྱ་ལ་ཧ་རང་གོ་མི་ཐུབ་ཀྱིན་སེམས་དང་། མཐོང་མི་ཐུབ་ཀྱིན་མིག་དང་། ཉན་མི་ཐུབ་ཀྱིན་ཨམ་མཆོག་གནང་ང་མཛད་པ་ལགས། དེ་ནས་ད་ལྟའི་ཉིན་མ་ཐུག་པའི་དེ་རེ་རང་གནས་འོད་ད་ལགས། 9 དེ་ནས་རྒྱལ་པོ་དཱ་བིད་ཀྱིས་དེ་རེ་གསུངས་ང་ལགས། ཁོང་ཀྱ་ཡི་མགྲོན་གོ་སླུ་ཁྲིད་དང་རྙི་ལ་གྱུར་ར་ཤོག ཁོང་ཀྱ་ཡི་ཆེད་དུ་བཀག་རྡོ་དང་ངན་པའི་ལན་འབྱུང་བར་ཤོག 10 ཁོང་ཀྱ་ཡིས་མེད་མཐོང་ཡས་ཆེད་དུ་ཁོང་ཀྱ་ཡི་མིག་སྒྲིབ་བར་ཤོག། དེ་ནས་ཁོང་ཀྱ་ཡི་རྐེད་པ་ཙོག་བའི་གུག་གུ་ལ་གྱུར་ར་ཤོག ཡ་ཧུ་དཱ་པ་མིན་མཁན་ཀྱ་ལ་ཐར་པ། 11 འོ་བྱས་རེ་ང་འདྲི་ལ་ཡིན། ཡིས་ར་ཨེལ་པ་ཀྱ་ནམ་མའང་ལངས་ཡས་མེད་ཀྱིན་བྱས་རེ་འགྱེལ་བ་ལགས་སེ། དེ་རེ་རྩ་བ་ནས་མ་ལགས། ཡོལ་ལེ་ཡིས་ར་ཨེལ་པ་ཀྱ་ཡི་སྡིག་པ་ཡིས་བྱས་རེ་ཡ་ཧུ་དཱ་པ་མིན་མཁན་ཀྱ་ལ་ཐར་པ་ཐོབ་འོད་ད་ལགས། དེ་ནི་ཡིས་ར་ཨེལ་པ་ཀྱ་ལ་ཕྲག་དོག་ལངས་དུ་བཅུག་ཡས་ཀྱི་ཕྱིར་ལ་ལགས། 12 ད་ཡིས་ར་ཨེལ་པ་ཀྱ་ཡི་སྡིག་པ་གོ་འཇིག་རྟེན་གྱི་ཆེད་དུ་བྱིན་རླབས་ཆེ་དང་། ཁོང་ཀྱ་ཕམ་གྱིན་གོ་ཡ་ཧུ་དཱ་པ་མིན་མཁན་ཀྱ་ཡི་ཆེད་དུ་བྱིན་རླབས་ཆེ་བྱུང་འོད་ན། ཁོང་ཀྱ་ཡི་གྲངས་ཀ་ཚང་གོ་རང་དཀོན་མཆོག་གི་ཐར་པ་ལ་ཆུད་ནའང་། ཡོལ་ལེ་ག་ཚོད་ཆེ་བྱིན་རླབས་བྱུང་བའི་འོད་གྲོ། 13 ད་ང་ཁྱེད་ཡ་ཧུ་དཱ་པ་མིན་མཁན་ཀྱ་ལ་དེ་ཀྱ་སྨྲ་ཡིན། ཡ་ཧུ་དཱ་པ་མིན་མཁན་ཀྱ་ཡི་ཆེད་དུ་ང་སྐུ་ཚབ་གཅིག་བྱས་རེ། ང་ང་རི་ཞབས་ཕྱི་ལ་མཐོང་ཆེ་རྩི་ལི་འོད། 14 དེ་རེ་བྱས་ཀྱིན་གྱི་ངའི་རེ་བ་ནི་ང་རང་གི་ཡ་ཧུ་དཱ་པ་མི་རིགས་ཀྱ་ལ་ཕྲག་དོག་ལངས་དུ་བཅུག་ཡས་དང་། ཁོང་ཀྱ་ནས་རིང་འགའ་ལ་སྐྱོབ་ཐུབ་ཡས་ལགས། 15 གི་བྱས་རེ་སྨྲ་ན་ཁོང་ཀྱ་སྤངས་པ་གོ་འཇིག་རྟེན་གྱི་མི་གི་རི་དཀོན་མཆོག་མུ་ལ་འདུམ་ཡས་བྱུང་འོད་ན། ཁོང་ཀྱ་ལ་ཁས་ལེན་བྱེད་ན་ཡོལ་ལེ་ཧང་སང་གིན་འབྱུང་གི་ལགས། དེ་ནི་གཤིན་པོ་ཀྱ་གསོན་པོ་བྱུང་གིན་ཅོག་རེ་འབྱུང་གི་ལགས། 16 བག་ཕེ་རུད་ར་ནས་ཕུལ་པ་ཕུད་གོ་དམ་པ་འོད་ན། བག་ཕེ་རུད་ར་གི་རི་དམ་པ་འོང་ང་ལགས། དེ་ནས་རྩ་བ་གོ་དམ་པ་འོད་ན། ཡལ་ག་ཀྱ་དམ་པ་འོང་ང་ལགས། 17 ད་སྐྱུ་རུ་ཤིང་བཟང་ང་ཡི་ཡལ་ག་རིང་འགའ་བཅད་དེ་རིའི་སྐྱུར་རུ་ཤིང་སྡོང་པོ་ཡི་ཡལ་ག་ཀྱ། འོ་དེ་སྡོང་པོ་བཟང་ང་གོ་ལ་མཐུད་དེ་བཞག་ན། འོ་དེ་ཀྱ་ལ་འོ་དེ་སྡོང་པོ་བཟང་ང་ཡི་རྩ་བ་ནས་བཅུད་བཟང་ང་གོ་ཐོབ་བ་ལགས། 18 འོ་བྱས་རེ་འོ་དེ་བཅད་ཏེ་བཞག་ཞ་ཡལ་ག་ཡིན་གྱིན་ཡིས་ར་ཨེལ་པ་ཀྱ་ཡི་གདོང་དུ། ཁྱེད་རིའི་སྡོང་པོ་ཅོག་རེ་ཡིན་གྱིན་ཡ་ཧུ་དཱ་པ་མིན་མཁན་ཀྱ་རང་བསྟོད་མ་བྱེད། རང་བསྟོད་བྱེད་ན། ཁྱོས་རྩ་བ་ལ་མི་འཁུར་ར་ཡིན་ནའང་རྩ་བ་ཡིས་ཁྱོད་ལ་འཁུར་ར་ལགས་སྨྲས་རེ་དྲན་གསོ་བྱེད། 19 དེ་ནས་ཁྱོས་དེ་རེ་སྨྲ་གི་ལགས། ང་འོ་དེ་སྡོང་པོ་མུ་ལ་མཐུད་ཡས་ཀྱི་ཕྱིར་ལ་ཡལ་ག་ཀྱ་བཅད་པ་ལགས། 20 དེ་བདེན་པ་ལགས། ཁོང་ཀྱ་ཡིས་དད་པ་མ་བྱས་བ་ཁོང་ཀྱ་བཅད་པ་ལགས། ཡིན་ནའང་ཁྱེད་ཀྱ་ཡིས་དད་པ་བྱས་རེ་ཁྱེད་ཀྱ་གནས་འོད་ད་ལགས། འོ་བྱས་རེ་རང་བསྟོད་མ་བྱེད། ཡིན་ནའང་འཇིགས་སྣང་བྱེད། 21 གི་བྱས་རེ་སྨྲ་ན་དཀོན་མཆོག་གིས་ཡལ་ག་དངོས་མ་ཀྱ་ལ་བློས་བཏང་ང་མ་མཛད་འོད་ན། ཁྱེད་ཀྱ་ལའང་བློས་བཏང་ང་མཛད་ཀྱི་མ་ལགས། 22 འོ་བྱས་རེ་དཀོན་མཆོག་གི་སྙིང་རྗེ་དང་རྩུབ་བ་ལ་དོ་སྣང་བྱེད། བཀའ་ལ་མེད་ཉན་མཁན་ཀྱ་ལ་ཁོང་རྩུབ་བ་མཛད་ད་ལགས། ཡིན་ནའང་ཁོང་གི་སྙིང་རྗེ་ལ་མུ་མཐུད་ནས་བློ་བཀལ་ན། ཁོང་གིས་ཁྱེད་ཀྱ་ལ་སྙིང་རྗེ་མཛད་ད་ལགས། དེ་རེ་མིན་ན་ཁྱེད་ཀྱ་ལའང་བཅད་ད་མཛད་ཀྱི་ལགས། 23 དེ་ནས་ཡིས་ར་ཨེལ་པ་ཀྱའང་རང་གི་དད་པ་མེད་ཀྱིན་ལ་གནས་རེ་མེད་བསྡད་ན། དཀོན་མཆོག་གིས་ཁོང་ཀྱ་ལ་མཐུད་མཛད་ཀྱི་ལགས། གི་བྱས་རེ་སྨྲ་ན་ཁོང་ཀྱ་ལ་ལྡབ་ལེ་སྡོང་པོ་ལ་མཐུད་ཡས་ཀྱི་དབང་ཁོང་ལ་འོད་ད་ལགས། 24 ཁྱེད་ཀྱ་རང་གཤིས་ཀྱི་རིའི་སྐྱུར་རུ་ཤིང་སྡོང་པོ་བྱེད་རེའང་། བཅད་དེ་རང་བྱུང་བྱ་སྐྱུར་རུ་ཤིང་སྡོང་པོ་བཟང་ང་ལ་མཐུད་འོད་ན། དངོས་མ་ཡིན་གྱིན་ཡལ་ག་གོ་རང་གི་སྐྱུར་རུ་ཤིང་གི་སྡོང་པོ་ལ་དེ་ལས་ལྷག་མཐུད་ཀྱི་ལགས། ཡིས་ར་ཨེལ་པ་གི་རིའི་ཐར་པ། 25 སྤུན་ཀྱ་བོ། ཁྱེད་ཀྱ་རང་ལ་མཁས་བ་མི་རྩི་ཡས་ཀྱི་ཕྱིར་ལ་ཁྱེད་ཀྱ་ཡི་གསང་བ་འདི་ཤེས་ལ་ཤོག་སྨྲས་རེ་ང་འདོད་འདིག་འོད། ཡ་ཧུ་དཱ་པ་མིན་མཁན་ཀྱ་ཚང་པོ་དཀོན་མཆོག་གི་དྲུང་དུ་མ་འོང་གིན་ཐུག་པའི། ཡིས་ར་ཨེལ་པ་རིང་འགའ་ཀྱ་ཡི་སེམས་གྱོང་བ་བྱུང་འོད་ད་ལགས། 26 དེ་ནས་དེ་རེ་བྱས་རེ་ཡིས་ར་ཨེལ་པ་གི་རི་ལ་ཐར་པ་འཐོབ་ཀྱི་ལགས། གསུང་རབ་ལ་དེ་རེ་བྲིས་འོད་ད་ལགས། སྐྱབས་མགོན་ནི་སི་ཡོན་ནས་ཕེབས་ཀྱི་ལགས། ཁོང་གིས་ཡ་ཀོབ་ནས་ལས་ངན་གི་རི་མེད་ད་ལ་མཛད་ཀྱི་ལགས། 27 དེ་ནས་ཁོང་ཀྱ་ཡི་སྡིག་པ་སེལ་ད་རང་། ཁོང་ཀྱ་ཡི་མུ་ལ་ངའི་དམ་བཅའ་གོ་འདི་ལགས། 28 གཏམ་བཟང་གི་ཆ་བཞག་སྟེ་སྨྲ་ན། ཡིས་ར་ཨེལ་པ་རིང་འགའ་ཁྱེད་ཀྱ་ཡི་ཆེད་དུ་དཀོན་མཆོག་གི་དགྲ་ལགས། ཡིན་ནའང་ཁོང་ཀྱ་ཡི་དང་པོའི་ཕ་མ་ཀྱ་ཡིས་བྱས་རེ། དཀོན་མཆོག་གིས་བདམས་མ་མཛད་ཛ་གོ་ལ་ཆ་བཞག་ན། ཁོང་ཀྱ་དཀོན་མཆོག་གི་གཅེས་བའི་ཀྱ་ལགས། 29 གི་བྱས་རེ་སྨྲ་ན་དཀོན་མཆོག་གི་གནང་སྦྱིན་དང་འབོད་མཛད་ཀྱིན་ལ་འགྱུར་ཡས་མེད་ད་ལགས། 30 ཨེན་མ་ཐེངས་གཅིག་ཁྱེད་ཀྱའང་དཀོན་མཆོག་གི་བཀའ་ལ་མེད་ཉན་གྱིན་འོད་ད་ལགས། ཡིན་ནའང་ཡིས་ར་ཨེལ་པ་ཀྱ་ཡིས་དཀོན་མཆོག་གི་བཀའ་ལ་མ་མཉན་གྱིན་རྐྱེན་གྱིས་ད་ལྟ་ཁྱེད་ཀྱ་ལ་སྙིང་རྗེ་ཐོབ་ཐ་ཅོག་རེ། 31 ཁྱེད་ཀྱ་ལ་ཐོབ་ཐ་ཐུགས་རྗེ་གོ་ཁོང་ཀྱ་ལ་འཐོབ་གྲོ་སྨྲས་རེ། ད་ལྟ་ཁོང་ཀྱའང་བཀའ་ལ་མེད་ཉན་གྱིན་བྱུང་འདུག། 32 གི་བྱས་རེ་སྨྲ་ན་མི་གི་རི་ལ་ཐུགས་རྗེ་གནང་ཡས་ཀྱི་ཕྱིར་ལ། དཀོན་མཆོག་གིས་གི་རི་ལ་བཀའ་ལ་མེད་ཉན་གྱིན་བཙོན་པ་ཅོག་རེ་རང་བཞག་མཛད་པ་ལགས། བསྟོད་གླུ། 33 ཨ་ཧ། དཀོན་མཆོག་གི་ནོར་དང་། ཤེས་རབ་དང་། ཤེས་ཡོན་གིན་གྱི་གཏིང་རིང་ང་། ཁོང་གི་ཁྲིམས་གཅོད་འགྲེལ་བཤད་བརྒྱབ་མི་ཐུབ་ཀྱིན། དང་ཁོང་གི་ལམ་ཧ་གོ་མི་ཐུབ་ཀྱིན་འདུག། 34 གཙོ་བོའི་ཐུགས་དགོངས་སུས་ཤེས་འོད་ད་ལགས་སེ། ཁོང་ལ་སུས་གྲོས་སྟོན་ཐུབ་འོད་ད་ལགས་སེ། 35 ཁོང་གི་མི་ལ་ཚབ་གནང་དགོས་ཀྱིན། ཁོང་ལ་སུས་ཕུལ་འོད་ད་ལགས་སེ། 36 གི་བྱས་རེ་སྨྲ་ན་གི་རི་ཁོང་གིས་བཀོད་བ་ལགས། དེ་ནས་གི་རི་ཁོང་གི་ཐོག་ནས་ཁོང་གི་ཕྱིར་ལ་བྱུང་བ་ལགས། ཁོང་ལ་གཟི་བརྗིད་རྒྱུན་ནས་རྒྱུན་དུ་འོང་བར་ཤོག། ཨ་མེན།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.