Biblia Todo Logo
Bìoball air-loidhne

- Sanasan -

རོ་མཱ་པ། 10 - གློ་བ།

1 སྤུན་ཀྱ་བོ། ངའི་སེམས་ཀྱི་འདོད་པ་དང་ཡིས་ར་ཨེལ་པ་ཀྱ་ཡི་ཆེད་དུ། ངས་དཀོན་མཆོག་ལ་སྨོན་ལམ་འབུལ་གྱིན་གོ་ནི། ཁོང་ཀྱ་ལ་ཐར་པ་འཐོབ་པར་ཤོག་སྨྲས་རེ་ལགས།

2 གི་བྱས་རེ་སྨྲ་ན་ཁོང་ཀྱ་དཀོན་མཆོག་ལ་དམི་ཅིག་གི་སེམས་ཤུགས་ཆེ་འདུག། ཡིན་ནའང་དེ་ཤེས་ཡོན་ལ་རྟེན་ཏེ་མིན་འདུག་སྨྲས་རེ་ང་བདེན་དཔང་བྱེད་ད་ཡིན།

3 ཁོང་ཀྱ་ཡིས་དཀོན་མཆོག་ནས་འབྱུང་གིན་དྲང་བདེན་གོ་མ་ཤེས་བ། ཁོ་རང་ཀྱ་རང་གི་ཐབས་ཤེས་ནས་དཀོན་མཆོག་མུ་ལ་དྲང་པོ་འབྱུང་ཡས་ལ་བཙལ་བ་ལགས། དེ་ནས་ཁོང་ཀྱ་ཡིས་རང་ལ་དཀོན་མཆོག་གི་དྲང་བདེན་གྱི་འོག་ལ་མ་ཕུལ་བ་ལགས།

4 གི་བྱས་རེ་སྨྲ་ན་དད་པ་བྱེད་མཁན་གི་རི་དཀོན་མཆོག་གི་དྲུང་དུ་དྲང་པོ་རྩི་ཡས་ཀྱི་ཕྱིར་ལ། མཱ་ཤི་ཀ་ཡིས་ཆོས་ཁྲིམས་ཀྱི་དོན་དག་གོ་བསྒྲུབས་པར་མཛད་པ་ལགས།


ཐར་པ་ནི་གི་རིའི་ཆེད་དུ་ལགས།

5 ད་ཆོས་ཁྲིམས་ནས་འབྱུང་གིན་དྲང་བདེན་གྱི་སྐོར་ལ་མོ་ཤེ་ཡིས་དེ་རེ་བྲིས་འོད་ད་ལགས། ཆོས་ཁྲིམས་ཀྱི་བཀའ་གི་རི་རྩི་གིན་མི་གོ་འོ་དེ་ཐོག་ནས་རང་གསོན་པོ་བསྡད་ཀྱི་ལགས།

6 ཡིན་ནའང་དད་པ་ནས་འབྱུང་གིན་དྲང་བདེན་གྱིས་དེ་རེ་གསུངས་ང་ལགས། རང་གི་སེམས་ནང་དུ་ནམ་མཁའི་ཞིང་ཁམས་དུ་སུ་འགྲོ་གི་ལེ་སྨྲས་རེ་མ་སྨྲ། (དེ་ནི་མཱ་ཤི་ཀ་ལ་མ་ལ་འཁྲིད་དེ་འོང་ཡས་ཀྱི་ཕྱིར་ལ་ལགས།)

7 ཡང་ན་རང་གི་སེམས་ནང་དུ་ས་གཏིང་འོག་ལ་སུ་འགྲོ་གི་ལེ་སྨྲས་རེ་མ་སྨྲ། (དེ་ནི་མཱ་ཤི་ཀ་ལ་འཆི་བ་ནས་ཡར་ལ་འཁྲིད་དེ་འོང་ཡས་ཀྱི་ཆེད་དུ་ལགས།)

8 ཡིན་ནའང་དེ་ཡིས་གི་སྨྲ་ལེ། བཀའ་ནི་ཁྱོའི་འགྲམ་དུ་འདུག། ཁྱོའི་ཁ་དང་སེམས་ནང་ལ་བཞུགས་འདུག འོ་དེ་ནི་འི་ཀིས་གསལ་བསྒྲགས་བྱེད་ཀྱིན་དད་པའི་བཀའ་གོ་ལགས།

9 ཁྱེད་ཀྱ་ཡིས་རང་གི་ཁ་ཡིས་ཡེ་ཤུ་ནི་གཙོ་བོ་ལགས་སྨྲས་རེ་སྨྲ་ན། དེ་ནས་དཀོན་མཆོག་གིས་ཁོང་ལ་འཆི་བ་ནས་སླར་གསོན་པོ་མཛད་པ་ལགས་སྨྲས་རེ་དད་པ་བྱས་ན། ཁྱེད་ཀྱ་ལ་ཐར་པ་འཐོབ་ཀྱི་ལགས།

10 གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཡི་སེམས་ནས་དད་པ་བྱས་རེ་དྲང་པོ་རྩི་ལ་ལགས། དེ་ནས་ཁ་ནས་ཁས་ལེན་ཏེ་ཐར་པ་ཐོབ་པ་ལགས།

11 གསུང་རབ་ལ་དེ་རེ་བྲིས་འོད་ད་ལགས། ཁོང་ལ་དད་པ་བྱེད་མཁན་སུ་ལའང་ངོ་ཚ་རུ་མི་བཅུག་གི་ལགས།

12 གི་བྱས་རེ་སྨྲ་ན་ཡ་ཧུ་དཱ་པ་དང་ཡ་ཧུ་དཱ་པ་མིན་མཁན་ཀྱ་ཡི་ནང་དབྱེ་བ་མེད་ད་ལགས། གི་རིའི་གཙོ་བོ་ནི་གཅིག་རང་ལགས། དེ་ནས་ཁོང་གི་མཚན་འབོད་མཁན་གི་རི་ལ་བྱིན་རླབས་མོད་ཆོ་ལི་གནང་ང་ལགས།

13 གི་བྱས་རེ་སྨྲ་ན་གཙོ་བོའི་མཚན་འབོད་མཁན་གི་རི་ལ་ཐར་པ་འཐོབ་ཀྱི་ལགས། གསུངས་རེ་གསུང་རབ་ཀྱིས་གསུངས་ང་ལགས།

14 ད་ཧ་ན་ཁོང་ལ་དད་པ་མ་བྱས་མཁན་ཀྱ་ཡིས། ཁོང་ལ་གང་གི་བྱས་རེ་འབོད་གུ་ལགས་སེ། དེ་ནས་ཁོང་གི་སྐོར་ལ་གོ་མ་མྱོང་མཁན་ཀྱ་ཡིས། གང་གི་བྱས་རེ་ཁོང་ལ་དད་པ་བྱེད་གུ་ལགས་སེ། དེ་ནས་བཀའ་གསལ་བསྒྲགས་བྱེད་མཁན་མེད་ད་ལ། གང་གི་བྱས་རེ་ཁོང་ཀྱ་ཡིས་ཉན་གུ་ལགས་སེ།

15 དེ་ནས་བཀའ་གསལ་བསྒྲགས་བྱེད་མཁན་ཀྱ་ལ་མ་བརྫངས་བ་ལ། གང་གི་བྱས་རེ་བཀའ་བཤད་གུ་ལགས་སེ། གསུང་རབ་ལ་དེ་རེ་བྲིས་འོད་ད་ལགས། གཏམ་བཟང་གསལ་བསྒྲགས་བྱེད་མཁན་ཀྱ་ཡི་རྐང་པ་གིན་གྱི་མཛེས་བ་ལེ།

16 ཡིན་ནའང་ཁོང་གི་རི་ཡིས་གཏམ་བཟང་གོ་མཁས་མ་ལེན་པ་ལགས། གི་བྱས་རེ་སྨྲ་ན་མངོན་ཤེས་མཁན་ཡེ་ཤ་ཡཱ་ཡིས་གསུངས་ང་ལགས། གཙོ་བོ་ལགས། འེ་ཀྱ་ནས་གོ་ག་གཏམ་བཟང་གོ་ལ་སུས་དད་པ་བྱས་འདུག་སེ།

17 འོ་བྱས་རེ་དད་པ་ནི་གོ་གིན་ནས་འོང་ང་ལགས། དེ་ནས་གི་གོ་གིན་གོ་མཱ་ཤི་ཀའི་བཀའ་ནས་བྱུང་ང་ལགས།

18 ཡིན་ནའང་ང་འདྲི་ལ་ཡིན། ཁོང་ཀྱ་ཡིས་མ་གོ་པ་ལགས་སེ། དངོས་གནས་རང་གོ་འོད་ད་ལགས། གི་བྱས་རེ་སྨྲ་ན། ཁོང་ཀྱ་ཡི་སྐད་ས་གཞི་འོད་ལེ་རུ་ཁྱབ་འདུག དེ་ནས་ཁོང་ཀྱ་ཡི་བཀའ་འཛམ་གླིང་གི་མཐའ་ཐུག་པའི་ཁྱབ་འདུག

19 ང་ལྡབ་ལེ་འདྲི་ལ་ཡིན། ཡིས་ར་ཨེལ་པ་ཡིས་ཧ་མ་གོ་པ་ལགས་སེ། དང་པོ་མོ་ཤེ་ཡིས་དཀོན་མཆོག་གི་ཐོག་ནས་གསུངས་ང་ལགས། མི་རིགས་མིན་གྱིན་གཅིག་ལ་ང་། ཁྱེད་ཀྱ་ལ་ཕྲག་དོག་བསླངས་དུ་བཅུག་ཡིས་ཡིན། མི་རིགས་གླེན་ད་གཅིག་གི་ཐོག་ནས་ང་། ཁྱེད་ཀྱ་ལ་ཞེ་སྡང་བསླངས་དུ་བཅུག་ཡས་ཡིན།

20 དེ་ནས་ཡེ་ཤ་ཡཱ་ཡིས་བློ་ཁོག་ཆེ་བཟོས་རེ་དཀོན་མཆོག་གི་ཐོག་ནས་གསུངས་ང་ལགས། ང་ལ་མེད་བཙལ་མཁན་ཀྱ་གྱིས་ང་ལ་རྙེད་པ་ལགས། ང་ལ་མ་ཞུ་མཁན་ཀྱ་ལ་ངས་ང་རང་ལ་མངོན་པ་ལགས།

21 ཡིན་ནའང་ཡིས་ར་ཨེལ་གྱི་སྐོར་ལ་ཁོང་གིས་དེ་རེ་གསུངས་ང་ལགས། བཀའ་ལ་མེད་ཉན་གྱིན་དང་ངོ་ལོག་བྱེད་ཀྱི་མི་ཀྱ་ཡི་ཆེད་དུ། ངས་ང་རི་ལག་པ་ཉིན་གང་བརྐྱངས་བའི།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan