རོ་མཱ་པ། 1 - གློ་བ།1 ཡེ་ཤུ་མཱ་ཤི་ཀའི་བྲན་གཡོག་ང་པའུ་ལུ་སྐུ་ཚབ་འབྱུང་ཡས་ལ་བོས་པ་དང་། དཀོན་མཆོག་གི་གཏམ་བཟང་འདི་བཤད་ཡས་ཀྱི་ཆེད་དུ་བསྐོས་བ་ཡིན། 2 གཏམ་བཟང་འདི་ནི་དཀོན་མཆོག་གིས་ཨེན་མ་ནས་རང་གི་མངོན་ཤེས་མཁན་ཀྱའི་ཐོག་ནས། དམ་པའི་གསུང་རབ་ནང་དམ་བཅའ་མཛད་འོད་ད་ལགས། 3 གཏམ་བཟང་འདི་ནི་དཀོན་མཆོག་གི་སྲས་ཀྱི་སྐོར་ལ་ལགས། ཁོང་ནི་ལུས་ལ་རྒྱལ་པོ་དཱ་བིད་ཀྱི་གདུང་རྒྱུད་ནས་འཁྲུངས་བ་ལགས། 4 ཡེ་ཤུ་མཱ་ཤི་ཀ་འོ་རི་གཙོ་བོ་ནི་འཆི་བ་ནས་སླར་གསོན་པོ་བཞེངས་ང་མཛད་དེ། དམ་པའི་ཐུགས་ཉིད་ཀྱི་སྒོ་ནས་ནུས་མཐུའི་ནང་དཀོན་མཆོག་གི་སྲས་བཀོས་བ་ལགས། 5 དེ་ནས་ཁོང་གི་མཚན་གྱི་ཆེད་དུ་ཡ་ཧུ་དཱ་པ་མིན་མཁན་གི་རི་ཡིས་དད་པ་བྱེད་ཡས་དང་། ཁོང་གི་བཀའ་ལ་ཉན་ཡས་ཀྱི་ཕྱིར་ལ། ཁོང་གི་ཐོག་ནས་འེ་ཀྱ་ལ་དཀོན་མཆོག་གི་ཐུགས་རྗེ་དང་སྐུ་ཚབ་ཀྱི་ལས་འགན་གོ་ཐོབ་འོད་ད་ལགས། 6 དེ་ནས་ཁོང་ཀྱ་མུ་ལ་ཁྱེད་ཀྱའང་ཡེ་ཤུ་མཱ་ཤི་ཀའི་མི་འབྱུང་ཡས་ལ་བོས་པ་ཀྱ་ལགས། 7 ཁྱེད་རོམ་གྲོང་ཁྱེར་དུ་འོད་མཁན་དཀོན་མཆོག་གིས་བྱམས་པ་མཛད་ཛ་ཀྱ་དང་། དཀོན་མཆོག་གི་མི་འབྱུང་ཡས་ལ་བོས་པ་གི་རི་ལ། འོ་རི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཁྱེད་ཀྱ་ལ་ཐུགས་རྗེ་དང་ཞི་བདེ་འཐོབ་པར་ཤོག། རོམ་གྲོང་ཁྱེར་དུ་འགྲོ་ཡས་ལ་པའུ་ལུ་ཡི་འདོད་པ། 8 དང་པོ་གོ་ཡེ་ཤུ་མཱ་ཤི་ཀའི་ཐོག་ནས་ངའི་དཀོན་མཆོག་ལ་ང་ཁྱེད་གི་རིའི་ཆེད་དུ་བཀའ་དྲིན་ཆེ་ཞུ་བ་ཡིན། གི་བྱས་རེ་སྨྲ་ན་འཇིག་རྟེན་གི་རི་རུ་ཁྱེད་ཀྱི་དད་པའི་སྐོར་ལ་ཁྱབ་འདུག། 9-10 དེ་ནས་ངའི་སེམས་གཏིང་ནས་དཀོན་མཆོག་གི་སྲས་ཀྱི་གཏམ་བཟང་གསལ་བསྒྲགས་བྱེད་འདིག་འོད། དེ་ནས་ཁོང་དཀོན་མཆོག་རང་ངས་ཁྱེད་ཀྱ་ཡི་སྐོར་ལ་མེད་ཆད་ད། ཙོག་བའི་སྨོན་ལམ་བརྒྱབ་ཀྱིན་གྱི་དཔང་པོ་ལགས། ངའི་སྨོན་ལམ་ལ་དཀོན་མཆོག་གི་ཐུགས་དགོངས་ཐོག་ནས་འབྱུང་ཐུབ་ཡས་ཡིན་ན། མཐའ་མ་ལ་ང་ཁྱེད་ཀྱི་རྩ་རུ་འོངས་ཡས་རག་བར་ཤོག་སྨྲས་རེ་ཞུ་ལི་འོད། 11 གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ལ་ཤུགས་ཆེ་རུ་བཏང་ཡས་ལ། ང་ཁྱེད་ཀྱ་ལ་སེམས་ཉིད་ཀྱི་བྱིན་རླབས་རེས་སྟེར་ཡས་རག་བར་ཤོག་སྨྲས་རེ་ང་ཁྱེད་ཀྱ་ལ་མཐོང་ཉིད་འདོད་འདིག། 12 འདུག་བྱས་རེ་ཁྱེད་ཀྱ་ནས་ང་ལ། དེ་ནས་ང་ནས་ཁྱེད་ཀྱ་ལ་རང་རང་གི་དད་པའི་ཐོག་ནས་ཧ་ལ་ཚུར་ལ་སེམས་ཤུགས་འཐོབ་ཀྱི་ལགས། 13 སྤུན་ཀྱ་བོ། ང་ལ་ཡ་ཧུ་དཱ་པ་མིན་མཁན་ཀྱ་ནས་འབྲས་བུ་ཐོབ་ཀྱིན་ཅོག་རེ། ཁྱེད་ཀྱ་ནས་འང་འཐོབ་ཡས་ཀྱི་ཆེད་དུ། ངས་ཐེངས་མང་ང་ཁྱེད་ཀྱི་རྩ་རུ་འོང་ཡས་ལ་འཆར་གཞི་བཟོས་བའི། ཡིན་ནའང་ད་ལྟ་ཐུག་པའི་འོང་ཐུབ་མ་སོང་སྨྲས་རེ་ཁྱེད་ཀྱ་ཡིས་ཤེས་ཀྱིན་གོ་ང་འདོད་འདིག་འོད། 14 གྷི་རིག་སྐད་ཤེས་ཀྱིན་ཡང་ན་གྷི་རིག་སྐད་མེད་ཤེས་ཀྱིན་ཡིན་ན། དེ་ནས་མཁས་བ་ཡང་ན་གླེན་ད་ཡིན་ན། མི་གི་རི་ལ་གཏམ་བཟང་བཤད་དགོས་ཡས་ཀྱི་འགན་གོ་ངས་འཁུར་འོད། 15 འོ་བྱས་རེ་ང་རོམ་དུ་འོད་མཁན་ཁྱེད་ཀྱ་ལའང་གཏམ་བཟང་བཤད་ཡས་ལ་འདོད་པ་ཆེ་འོད། 16 ང་ནི་གཏམ་བཟང་གི་ཆེད་དུ་ངོ་ཚ་མི་བྱེད་འོད། གི་བྱས་རེ་སྨྲ་ན་གཏམ་བཟང་འདི་ནི་དད་པ་བྱེད་མཁན་གི་རིའི་ཐར་པའི་ཆེད་དུ་དཀོན་མཆོག་གི་ནུས་མཐུ་ལགས། དང་པོ་ཡ་ཧུ་དཱ་པ། དེ་ནས་ཡ་ཧུ་དཱ་པ་མིན་མཁན་ཀྱ་ཡི་ཐར་པ་ཡི་ཆེད་དུ་ལགས། 17 དེ་ནས་དཀོན་མཆོག་ནས་བྱུང་གིན་དྲང་བདེན་ནི་གཏམ་བཟང་ལ་མངོན་པ་ལགས། འདི་དྲང་བདེན་ནི་དད་པའི་འགོ་ནས་དད་པའི་མཐའ་ཐུག་པའི་འགྲུབ་པ་ལགས། འདི་སྐོར་ལ་གསུང་རབ་ལ་དེ་རེ་བྲིས་འོད་ད་ལགས། མི་དྲང་པོ་ནི་དད་པའི་སྒོ་ནས་གསོན་པོ་གནས་ཀྱི་ལགས། སྡིག་པའི་ཁར་ལ་དཀོན་མཆོག་གི་ཐུགས་ཁྲོ། 18 གི་བྱས་རེ་སྨྲ་ན་བདེན་པ་ལ་རང་གི་ངན་པའི་སྒོ་ནས་སྣེམ་གྱིན་ཆོས་ལ་མི་བརྩིས་མཁན་མི་དང་། མི་ངན་པ་གི་རིའི་ཁར་ལ་ནམ་མཁའི་ཞིང་ཁམས་ནས་དཀོན་མཆོག་གི་ཐུགས་ཁྲོ་མངོན་མཛད་འོད་ད་ལགས། 19 དཀོན་མཆོག་གི་སྐོར་ལ་གི་ཧ་གོ་ཐུབ་ཀྱིན་གོ་ཁོང་ཀྱ་ལ་གསལ་བོ་འོད་ད་ལགས། གི་བྱས་རེ་སྨྲ་ན་དཀོན་མཆོག་རང་གིས་ཁོང་ཀྱ་ལ་གསལ་བོ་སྟོན་མཛད་འོད་ད་ལགས། 20 དེ་ནས་འཛམ་གླིང་དེ་བཀོད་ནས་ཧ་ལ་དཀོན་མཆོག་གི་མཐོང་ཡས་མེད་ཀྱིན་མཐའ་མེད་པའི་ནུས་མཐུ་དང་། ཁོང་དཀོན་མཆོག་ཡིན་གྱིན་རང་གཤིས་ནི་ཁོང་གིས་བཀོད་མཛད་ཛ་དོན་གི་རི་ལ་གསལ་བོ་མཐོང་ང་ལགས། འོ་བྱས་རེ་འོ་དེ་མི་ཀྱ་ཡིས་དཀོན་མཆོག་ངོ་མེད་ཤེས་འོད་སྨྲས་རེ་སྨྲ་ཡས་ཀྱི་རྒྱུ་མཚན་གིའང་མེད་ད་ལགས། 21 གི་བྱས་རེ་སྨྲ་མི་དེ་ཀྱ་ཡིས་དཀོན་མཆོག་ལའང་ངོ་ཤེས་རེའང་ཁོང་ལ་འབུལ་དགོས་ཀྱིན་བཀུར་སྟི་གོ་མ་ཕུལ་བ་ལགས། དེ་ནས་བཀའ་དྲིན་ཆེ་གོའང་མ་ཞུས་བ་ལགས། ཡིན་ནའང་ཁོང་ཀྱ་ཡི་བསམ་བློ་བཏང་དང་གོ་ཆོ་མེད་ཀྱིན་དང་། ཁོང་ཀྱ་ཡི་གླེན་ད་སེམས་གོ་མུན་ནག་གིས་ཁངས་བ་ལགས། 22 དེ་ནས་ཁོང་ཀྱ་རང་ལ་མཁས་བ་ཡིན་སྨྲ་ལགས། ཡིན་ནའང་ཡོལ་ལེ་གླེན་ད་བྱུང་བ་ལགས། 23 དེ་ནས་འཆི་བ་མེད་ཀྱིན་དཀོན་མཆོག་གི་གཟི་བརྗིད་གོ་འཆི་བ་འོད་ཀྱིན་མི་དང་། བྱ་དང་། དུད་འགྲོ་དང་། ལྟོ་འགྲོ་ཀྱ་ཅོག་རེ་མཐོང་གིན་སྐུ་འདྲ་ཀྱ་མུ་ལ་ཁོང་ཀྱ་ཡིས་རྗེ་ལ་ལགས། 24 འོ་བྱས་རེ་དཀོན་མཆོག་གིས་ཁོང་ཀྱ་ལ་ཁོ་རི་སེམས་ཀྱི་འདོད་ཆགས་ཀྱ་ཡི་མེད་གཙང་ང་ལ་བོར་ཏེ་བཞག་མཛད་པ་ལགས། དེ་ནས་ཁོང་ཀྱ་ཡིས་གཅིག་གིས་གཞན་མ་མུ་ལ་ངོ་ཚ་གིན་ལས་ཀ་ཀྱ་བྱས་བ་ལགས། 25 གི་བྱས་རེ་སྨྲ་ན་ཁོང་ཀྱ་ཡིས་དཀོན་མཆོག་གི་བདེན་པ་གོ་ཟོག་མུ་ལ་བརྗེས་བ་ལགས། དེ་ནས་བཀོད་པ་པོའི་ཚབ་ལ་བཀོད་ཀ་གོ་ལ་ཕྱག་མཆོད་པ་འབུལ་ཡས་དང་ཞབས་ཕྱི་ཞུས་ཡས་བྱེད་ད་ལགས། ཁོང་བཀོད་པ་པོ་ནི་དུས་གཏན་དུ་བྱིན་རླབས་ཅན་ལགས། ཨ་མེན། 26 འོ་བྱས་རེ་དཀོན་མཆོག་གིས་ཁོང་ཀྱ་ལ་ངོ་ཚ་གིན་འདོད་ཆགས་ཀྱི་ནང་ལ་བོར་ཏེ་བཞག་བ་མཛད་པ་ལགས། དེ་ནས་ཁོང་ཀྱ་ཡི་སྐྱེས་བའི་བུ་མོ་ཀྱ་ཡིས་འང་རང་བཞིན་གྱི་སྤྱོད་པ་སྤངས་རེ། བུ་མོ་ཀྱ་མུ་ལ་རང་ལོག་གཡེམ་བྱས་བ་ལགས། 27 དེ་རེ་རང་བྱས་རེ་སྐྱེས་བའི་ཕོ་ཀྱ་ཡིས་འང་སྐྱེས་བའི་བུ་མོ་ཀྱ་མུ་ལ་རང་བཞིན་གྱི་སྤྱོད་པ་སྤངས་རེ། འདོད་ཆགས་ཀྱི་མེ་འབར་ཏེ་གཅིག་གིས་གཅིག་མུ་ལ་ལོག་གཡེམ་བྱས་བ་ལགས། སྐྱེས་བའི་ཕོ་གཅིག་གིས་སྐྱེས་བའི་ཕོ་གཞན་མ་མུ་ལ་ངོ་ཚའི་ལས་ཀ་བྱས་བ་ལགས། དེ་ནས་ཁོ་རང་ཀྱ་ལ་འབྱོར་དགོས་ཀྱིན་ཁོ་རང་ཀྱ་ཡི་སྤྱོད་ངན་གྱི་ཆད་པ་གོ་མྱངས་ང་ལགས། 28 ད་ཁོང་ཀྱ་ཡིས་དཀོན་མཆོག་ལ་རྩི་དགོས་ཀྱིན་གོ་ཆ་མ་བཞག་པ། དཀོན་མཆོག་གིས་ཁོང་ཀྱ་ལ་ཁོ་རི་བསམ་བློ་གླེན་ད་ནང་ལ། བྱེད་མེད་ཆོག་གིན་ལས་ཀྱ་བྱེད་དུ་བཅུག་མཛད་པ་ལགས། 29 ཁོང་ཀྱ་ནི་སྤྱོད་པ་སྡུག་ཅག་དང་། ངན་པ་དང་། སེར་སྣ་དང་། ངན་སེམས་སྣ་ཚོགས་ཀྱིས་ཁངས་འོད་ད་ལགས། དེ་ནས་ཁོང་ཀྱ་ཕྲག་དོག་དང་། མི་སྲོག་བཅད་ཡས་དང་། འཁྲུག་པ་བརྒྱབ་ཡས་དང་། མགོ་སྐོར་ཡས་དང་། སྡང་སེམས་ཀྱིས་ཁངས་འོད་ད་ལགས། དེ་ནས་ཁོང་ཀྱ་ཕྲ་མ་བརྒྱབ་ཡས། 30 དང་སྨད་སྤྲ་པབ་ཀྱིན་དང་། དཀོན་མཆོག་ལ་སྡང་ང་བྱེད་ཀྱིན་དང་། མི་ལ་བརྙས་བཅོས་བཤད་ཀྱིན་དང་། ང་རྒྱལ་ཅན་དང་། རང་བསྟོད་བྱེད་ཀྱིན་འོད་ད་ལགས། ཁོང་ཀྱ་ངན་པ་བྱེད་ཡས་ཀྱི་ཐབས་ཤེས་བཙལ་གྱིན་དང་། རང་གི་ཕ་མ་ལ་མི་རྩི་གིན། 31 དེ་ནས་གླེན་ད་དང་། ཁ་ཆེམས་མི་སྲུང་གིན་དང་། བརྩེ་བ་ཡི་སེམས་མེད་ཀྱིན་དང་། སྙིང་རྗེ་མེད་ཀྱིན་འོང་ང་ལགས། 32 དེ་རེ་ལས་ཀ་བྱེད་ཀྱིན་ཀྱ་ལ་དཀོན་མཆོག་གི་དྲང་བདེན་གྱི་ཁྲིམས་ལ་འཆི་བའི་ཉེས་པ་འཕོག་གི་ལགས་སྨྲ་གིན་ལབ་དེ། ཁོང་ཀྱ་ཡིས་ཤེས་རེའང་ཁོང་ཀྱ་ཡིས་དེ་ལས་ཀ་ཀྱ་བྱེད་ཡས་གཅིག་ཀ་མིན་ད། ཡིན་ནའང་དེ་རེ་བྱེད་ཀྱིན་མི་གཞན་མ་ཀྱ་ལའང་སེམས་ཤུགས་སྤར་ར་ལགས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.