མངོན་པ། 9 - གློ་བ།1 དེ་ནས་ནམ་མཁའི་བང་ཆེན་ལྔ་བ་ཡིས་རང་གི་དུང་ཆེན་གོ་བུས་བ་ལགས། དེ་ནས་ངས་ནམ་མཁའ་ནས་ས་ལ་ལྷིམ་ལ་སྐར་མ་གཅིག་མཐོང་སོང་། འོ་དེ་ལ་མཐིལ་མེད་ཀྱིན་དོང་དོང་གི་ལྡེ་མིག་གོ་གནང་བ་ལགས། 2 དེ་ནས་འོ་དེ་སྐར་མ་ཡིས་འོ་དེ་མཐིལ་མེད་ཀྱིན་དོང་དོང་གོ་ཁ་པེ་ལི་གང་ལ། འོ་དེ་ནས་ཐབ་ཆེ་ནས་ཐོན་གྱིན་དུད་པ་ཅོག་རེ་ཐོན་པ་ལགས། དེ་ནས་འོ་དེ་ནས་ཐོན་ཐ་དུད་པ་ཡིས་ཉི་མ་དང་གནམ་གཉིས་ཀ་ར་ལ་མུན་ནག་པ་བཟོས་བ་ལགས། 3 དེ་ནས་འོ་དེ་དུད་པ་ནས་འཇིག་རྟེན་དུ་བུ་ཨི་ལི་ཚག་ཚག་ཐོན་ཏེ་འོངས་བ་ལགས། དེ་ནས་འོ་དེ་ཀྱ་ལ་ས་གཞིའི་སྡིག་པ་རྭ་ཙ་ཡི་ཅོག་རེ་ནུས་མཐུ་སྟེར་པ་ལགས། 4 འོ་དེ་ཀྱ་ལ་ས་གཞི་ལ་འོད་ཀྱིན་རྩྭ་དང་། རྩི་ཤིང་སྣ་ཚོགས་དང་། ཤིང་སྡོང་གི་ལ་གནོད་མ་བསྐྱལ། ཡིན་ནའང་དཔྲལ་ལེ་ལ་དཀོན་མཆོག་གི་ཐེལ་ཙེ་མེད་ཀྱིན་མི་ཀྱ་ལ་གཅིག་ཀ་གནོད་སྐྱོལ་གསུངས་རེ་གསུངས་བ་ལགས། 5 དེ་ནས་འོ་དེ་མི་ཀྱ་ལ་བསད་ཡས་གོ་མེད་ཆོག་བ་ལགས། ཡིན་ནའང་ཟླ་བ་ལྔ་ཐུག་པའི་སྡུག་པོ་གཅིག་ཀ་བཏང་དུ་བཅུག་པ་ལགས། ཁོང་ཀྱ་ལ་རག་ར་སྡུག་པོ་གོ་སྡིག་པ་རྭ་ཙ་ཡིས་རྨུག་བ་རང་བྱུང་གིན་སྡུག་པོ་ཅོག་རེ་འོད་ད་ལགས། 6 འོ་དེ་ཉིན་མ་ཀྱ་ལ་མི་ཀྱ་ཡིས་འཆི་བ་བཙལ་གྱི་ལགས། ཡིན་ནའང་མེད་ཐོབ་ཀྱི་ལགས། ཁོང་ཀྱ་ཤི་ཉིད་འདོད་ཀྱི་ལགས། ཡིན་ནའང་འཆི་བ་ཁོང་ཀྱ་ནས་འབྲོས་རེ་འགྲོ་གི་ལགས། 7 ད་འོ་དེ་ཨི་ལི་ཚག་ཚག་ཀྱ་དམག་གི་ཆེད་དུ་གྲ་སྒྲིག་བྱས་བྱ་ཅོག་རེ་རྟ་ཀྱ་ཅོག་རེ་འདུག། འོ་དེ་ཀྱ་ཡི་མགོ་ལ་གསེར་གྱི་ཅོད་པན་ཅོག་རེ་གཅིག་གོན་འདུག དེ་ནས་འོ་དེ་ཀྱ་ཡི་ངོ་རོང་གོ་མིའི་ངོ་རོང་ཅོག་རེ་འདུག། 8 འོ་དེ་ཀྱ་ཡི་སྐྲ་གོ་བུ་མོ་ཀྱ་ཡི་སྐྲ་ཅོག་རེ་འདུག། དེ་ནས་སོ་གོ་སེང་གེའི་སོ་ཅོག་རེ་འདུག། 9 འོ་དེ་ཀྱ་ཡིས་ལྕགས་ཀྱི་བྲང་ཁྲབ་ཅོག་རེ་གོན་འདུག། དེ་ནས་འོ་དེ་ཀྱ་ཡི་ཤོག་པ་ཡི་འུར་སྒྲ་ནི་དམག་ལ་རྒྱུག་གིན། ཤིང་རྟ་འཁོར་ལོ་ཀྱ་དང་རྟ་མང་ང་ཀྱ་ཡི་འུར་སྒྲ་ཅོག་རེ་འདུག། 10 འོ་དེ་ཀྱ་ཡི་རྔ་མ་དང་མདུང་གོ་སྡིག་པ་རྭ་ཙ་ཅོག་རེ་འདུག། དེ་ནས་འོ་དེ་ཀྱ་ཡི་རྔ་མ་ལ་མི་ཀྱ་ལ་ཟླ་བ་ལྔ་ཐུག་པའི་སྡུག་པོ་བཏང་ཐུབ་ཡས་ཀྱི་ནུས་མཐུ་འོད་ད་ལགས། 11 དེ་ནས་འོ་དེ་ཀྱ་ཡི་རྒྱལ་བོ་གོ་མཐིལ་མེད་ཀྱིན་དོང་དོང་གི་བང་ཆེན་འདུག། ཨིབ་རི་པ་སྐད་ལ་འོ་དེ་བང་ཆེན་གྱི་མིང་ཨ་བད་དཱོན། དེ་ནས་གྷི་རིག་སྐད་ལ་ཨ་པོལ་ཡོན་ལགས། འོ་དེ་སྨྲ་ན་གཏོར་བཤིག་བཏང་གིན་ལགས། 12 སྡུག་པོ་དང་པོ་གོ་རྫོགས་སོང་། ད་དོ་རང་འང་སྡུག་པོ་གཞན་མ་གཉིས་འོང་ཡས་ལྷག་འོད་ད་ལགས། 13 དེ་ནས་ནམ་མཁའི་བང་ཆེན་དྲུག་པ་ཡིས་རང་གི་དུང་ཆེན་གོ་བུས་བ་ལགས། དེ་ནས་ངས་དཀོན་མཆོག་གི་གདོང་དུ་འོད་ཀྱིན་གསེར་གྱི་མཆོད་ཁྲིའི་རྭ་ཀྱོག་བཞི་ནས་སྐད་གཅིག་ཐོན་གྱིན་གོ་སོང་། 14 དེ་ནས་དུང་ཆེན་འོད་ཀྱིན་ནམ་མཁའི་བང་ཆེན་དྲུག་པ་གོ་ལ་འདི་སྐད་ཀྱིས་དེ་རེ་གསུངས་སོང་། གཙང་པོ་ཆེ་ཡུ་ཕ་རཱད་འགྲམ་དུ་བསྡམས་དེ་བཞག་ཞ་ནམ་མཁའི་བང་ཆེན་བཞི་ལ་བཀྲོལ། 15 ད་མི་རིགས་ཀྱི་དུམ་བུ་གསུམ་ནས་དུམ་བུ་གཅིག་ལ་བསད་ཡས་ལ་འོ་དེ་དུས་ཚོད་དང་། འོ་དེ་ཉིན་མ་དང་། འོ་དེཟླ་བ་དང་། འོ་དེ་ལོའི་ཆེད་དུ་གྲ་སྒྲིག་བྱས་བྱ་འོ་དེ་ནམ་མཁའི་བང་ཆེན་བཞི་ལ་བཀྲོལ་བ་ལགས། 16 འོ་དེ་རྟ་ལ་ཞོན་ཞ་དམག་པུང་གི་གྲངས་ཀ་གོ་ངས་ཀ་རོར་ཉི་ཤུ་གོ་སོང་། 17 ངས་མཐོང་སྣང་ལ་མཐོང་ཐ་རྟ་ཀྱ་དང་རྟ་བ་ཀྱ་དེ་རེ་འདུག ཁོང་ཀྱ་ཡི་བྲང་ཁྲབ་གོ་མེ་ཅོག་རེ་དམར་བོ་དང་། ཕྲ་རྡོ་ཅོག་རེ་སྔོན་པོ་དང་། མུ་ཟི་ཅོག་རེ་གསེར་བོ་འདུག འོ་དེ་རྟ་ཀྱ་ཡི་མགོ་གོ་སེང་གེ་ཡི་མགོ་ཅོག་རེ་འདུག། དེ་ནས་འོ་དེ་རྟ་ཀྱ་ཡི་ཁ་ནས་མེ་དང་། དུད་པ་དང་། མུ་ཟི་ཐོན་འདིག་འོད་ད་ལགས། 18 དེ་ནས་ཁོང་ཀྱ་ཡི་ཁ་ནས་ཐོན་ཐ་མེ་དང་། དུད་པ་དང་། མུ་ཟིའི་གནོད་སྐྱོན་གསུམ་གྱིས་ཐོག་ནས་མི་རིགས་ཀྱི་དུམ་བུ་གསུམ་ནས་གཅིག་ལ་བསད་པ་ལགས། 19 འོ་དེ་རྟ་ཀྱ་ཡི་ནུས་མཐུ་གོ་ཁོང་ཀྱ་ཡི་ཁ་དང་རྔ་མ་ལ་འོད་ད་ལགས། གི་བྱས་རེ་སྨྲ་ན་འོ་དེ་ཀྱ་ཡི་རྔ་མ་གོ་མགོ་བ་འོད་ཀྱིན་སྦྲུལ་ཅོག་རེ་འོད་ད་ལགས། དེ་ནས་འོ་དེ་ཡིས་མི་ཀྱ་ལ་གནོད་བསྐྱལ་བ་ལགས། 20 དེ་སྡུག་པོའི་ཐོག་ནས་མ་ཤི་ཤ་མི་ལྷག་མ་ཀྱ་ཡིས་དོ་རང་འང་རང་གི་ལག་པའི་ལས་ཀ་ཀྱ་ལ་སྤངས་རེ་སེམས་མ་བསྒྱུར་པ་ལགས། དེ་ནས་ཁོང་ཀྱ་ཡིས་འདྲེ་ཀྱ་དང་། མཐོང་མི་ཐུབ་ཀྱིན། ཡང་ན་གོ་མི་ཐུབ་ཀྱིན། ཡང་ན་རྒྱུག་མི་ཐུབ་ཀྱིན་གསེར་དང་། དངུལ་དང་། ལི་དིང་དང་། རྡོ་གོང་དང་། ཤིང་གིས་བཟོས་ཟ་སྐུ་འདྲ་ཀྱ་ལ་ཕྱག་མཆོད་པ་འབུལ་ཡས་ལ་འཚམས་མ་བཞག་པ་ལགས། 21 དེ་ནས་གཞན་མའི་སྲོག་བཅད་ཅ་དང་། སྔགས་བརྒྱབ་གྱ་དང་། ལོག་གཡེམ་དང་། རྐུ་མ་བརྐུས་ཀ་ལས་ཀ་ཀྱ་ལ་ཁོང་ཀྱ་ཡིས་སྤངས་རེ་སེམས་སྒྱུར་བ་མ་བཏང་བ་ལགས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.