མངོན་པ། 8 - གློ་བ།ཐེལ་ཙེ་བདུན་པ་དང་གསེར་གྱི་སྤོས་ཕོར། 1 དེ་ནས་ལུག་ཕྲུག་གི་ཐེལ་ཙེ་བདུན་པ་གོ་བཤིག་བ་རང་། ནམ་མཁའི་ཞིང་ཁམས་དུ་ཆུ་ཚོད་ཕེ་ཚོད་འཇམ་ཐིང་བྱུང་བ་ལགས། 2 དེ་ནས་དཀོན་མཆོག་གི་དྲུང་དུ་བཞུགས་མཁན་ནམ་མཁའི་བང་ཆེན་བདུན་གོ་ངས་མཐོང་སོང་། དེ་ནས་ཁོང་ཀྱ་ལ་དུང་ཆེན་བདུན་གནང་སོང་། 3 དེ་ནས་ནམ་མཁའི་བང་ཆེན་གཞན་མ་གཅིག་གསེར་གྱི་སྤོས་ཕོར་འཁྱེར་ཏེ་ཕེབས་སོང་། དེ་ནས་མཆོད་ཁྲིའི་འགྲམ་དུ་བཞེངས་རེ་བཞུགས་སོང་། དེ་ནས་བཞུགས་ཁྲིའི་གདོང་དུ་འོད་ཀྱིན་གསེར་གྱི་མཆོད་ཁྲི་ཁར་ལ། དམ་པའི་མི་ཀྱ་ཡི་སྨོན་ལམ་ཀྱ་འབུལ་ཡས་ལ་ཁོ་ལ་སྤོས་མང་ང་གནང་བ་ལགས། 4 དེ་ནས་ནམ་མཁའི་བང་ཆེན་གྱི་ཕྱག་ནས་སྤོས་ཀྱི་དུ་པ་གོ་དམ་པའི་མི་ཀྱ་ཡི་སྨོན་ལམ་ཀྱ་མུ་ལ་དཀོན་མཆོག་གི་དྲུང་དུ་ཡར་ལ་སོང་བ་ལགས། 5 དེ་ནས་ནམ་མཁའི་བང་ཆེན་གྱིས་སྤོས་ཕོར་གོ་འཁྱེར་ཏེ་མཆོད་ཁྲིའི་མེ་ཡིས་སྤོས་ཕོར་གོ་བཀང་བ་ལགས། དེ་ནས་ས་གཞིའི་ཁར་ལ་སྟོར་པ་ལགས། དེ་ནས་འོ་དུ་རུ་འབྲུག་སྒྲ་དང་། སྐད་སྒྲ་དང་། གློག་དམར་ཐོན་པ་ལགས། དེ་ནས་སུང་གུ་སོང་བ་ལགས། དུང་ཆེན་ཀྱ། 6 དེ་ནས་དུང་ཆེན་བདུན་འོད་ཀྱིན་ནམ་མཁའི་བང་ཆེན་བདུན་པ་གོ་ཀྱ་འོ་དེ་ཀྱ་འབུད་ཡས་ལ་གྲ་སྒྲིག་བྱུང་བ་ལགས། 7 ནམ་མཁའི་བང་ཆེན་དང་པོ་ཡིས་རང་གི་དུང་ཆེན་གོ་བུས་བ་ལགས། དེ་ནས་འོ་དུ་རུ་ཁྲག་བསྲེས་སྲ་གསེར་དང་མེ་ས་གཞིའི་ཁར་ལ་བབ་པ་ལགས། དེ་ནས་ས་གཞིའི་དུམ་བུ་གསུམ་ནས་གཅིག་དང་ཤིང་སྡོང་ཀྱ་ཡི་དུམ་བུ་གསུམ་ནས་གཅིག་དང་། རྩྭ་སྔོན་པོ་གི་རི་མེ་ཡིས་ཚིག་པ་ལགས། 8 ནམ་མཁའི་བང་ཆེན་གཉིས་བ་ཡིས་རང་གི་དུང་ཆེན་གོ་བུས་བ་ལགས། དེ་ནས་མེ་འབར་ཏེ་བསྡད་ད་མཐོང་གིན་རི་ཆེ་ཅོག་རེ་གཅིག་རྒྱ་མཚོ་ལ་གཡུགས་པ་ལགས། དེ་ནས་རྒྱ་མཚོའི་དུམ་བུ་གསུམ་ནས་གཅིག་ཁྲག་ལ་གྱུར་པ་ལགས། 9 དེ་ནས་རྒྱ་མཚོ་ནང་ལ་འོད་ཀྱིན་སེམས་ཅན་དུམ་བུ་གསུམ་ནས་གཅིག་ཤི་བ་ལགས། དེ་ནས་གྲུ་གཟིངས་ཀྱ་ཡི་དུམ་བུ་གསུམ་ནས་གཅིག་མེད་ད་ལ་སོང་བ་ལགས། 10 ནམ་མཁའི་བང་ཆེན་གསུམ་པ་ཡིས་རང་གི་དུང་ཆེན་གོ་བུས་བ་ལགས། དེ་ནས་གློག་ཅོག་རེ་འབར་གྱིན་སྐར་མ་ཆེ་གཅིག་གནམ་ནས་མ་ལ་གཙང་པོ་ཀྱའི་དུམ་བུ་གསུམ་ནས་གཅིག་དང་། ཆུ་མིག་ཀྱའི་དུམ་བུ་གསུམ་ནས་གཅིག་ཁར་ལ་ལྷིམ་པ་ལགས། 11 འོ་དེ་སྐར་མ་ཡི་མིང་ཁ་ཏིག་ལགས། དེ་ནས་ཆུའི་དུམ་བུ་གསུམ་ནས་གཅིག་ཁ་ཏིག་བྱུང་བ་ལགས། དེ་ནས་འོ་དེ་ཆུ་ཁ་ཏིག་གིས་བྱས་རེ་མི་མང་ང་ཤི་བ་ལགས། 12 ནམ་མཁའི་བང་ཆེན་བཞི་བ་ཡིས་རང་གི་དུང་ཆེན་གོ་བུས་བ་ལགས། དེ་ནས་ཉི་མ་ཡི་དུམ་བུ་གསུམ་ནས་གཅིག་དང་། ཟླ་བ་ཡི་དུམ་བུ་གསུམ་ནས་གཅིག་དང་། སྐར་མ་ཀྱའི་དུམ་བུ་གསུམ་ནས་གཅིག་ཁར་ལ་ཕོག་པ་ལགས། དེ་ནས་འོ་དེ་ཀྱ་ཡི་འོད་ཀྱི་དུམ་བུ་གསུམ་ནས་གཅིག་མུན་ནག་པ་བྱུང་བ་ལགས། འོ་བྱས་རེ་ཉིན་མོའི་དུམ་བུ་གསུམ་ནས་གཅིག་འོད་མེད་ཀྱིན་བྱུང་བ་ལགས། དེ་རེ་རང་བྱས་རེ་མཚན་མོའི་དུམ་བུ་གསུམ་ནས་གཅིག་གོའང་འོད་མེད་ཀྱིན་བྱུང་བ་ལགས། 13 དེ་ནས་ངས་བལྟས་བའི། དེ་ནས་གནམ་ལ་འཕུར་ཏེ་རྒྱུག་གིན་གླག་གཅིག་སྐད་ཆེ་ལ་དེ་རེ་སྨྲ་གིན་གོ་ངས་གོ་སོང་། ད་ནམ་མཁའི་བང་ཆེན་གཞན་མ་གསུམ་གྱིས་འབུད་ཡས་ཡིན་གྱིན་དུང་ཆེན་གྱི་དུང་སྐད་ཀྱི་བྱས་རེ། འཇིག་རྟེན་གྱི་མི་ཀྱ་ལ་མྱངས་བ་ལི། མྱངས་བ་ལི། མྱངས་བ་ལི།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.