མངོན་པ། 7 - གློ་བ།འབུམ་གཅིག་དང་སྟོང་བཞི་བཅུ་ཞེ་བཞི་མི་ལ་ཐེལ་ཙེ་བརྒྱབ་ཀྱིན་གྱི་སྐོར། 1 འོ་དེ་གཤམ་ནས་ས་གཞི། ཡང་ན་རྒྱ་མཚོ། ཡང་ན་སྡོང་པོ་གཅིག་འང་ཁར་ལ་རླུང་བུ་མི་རྒྱུག་བ་ཤོག་སྨྲས་རེ། ནམ་མཁའི་བང་ཆེན་བཞི་ས་གཞིའི་ཕྱོགས་བཞི་ཀ་ར་ཡི་རླུང་བུ་ལ་བཀག་སྟེ། ས་གཞིའི་ཕྱོགས་བཞི་ལ་བཞེངས་རེ་བཞུགས་ཀྱིན་གོ་ངས་མཐོང་སོང་། 2 དེ་ནས་ཤར་ཕྱོགས་ནས་ནམ་མཁའི་བང་ཆེན་གཞན་མ་གཅིག་གིས། གསོན་པོ་དཀོན་མཆོག་གི་ཐེལ་ཙེ་འཁྱེར་ཏེ་ཡར་ལ་ཕེབས་ཀྱིན་གོ་ངས་མཐོང་སོང་། དེ་ནས་ས་གཞི་དང་རྒྱ་མཚོ་ལ་གནོད་བསྐྱལ་ཡས་ཀྱི་དབང་ཆ་ཐོབ་ཐ་ནམ་མཁའི་བང་ཆེན་བཞི་ལ། ཁོང་གིས་གསུང་སྐད་ཆེ་ལ་དེ་རེ་གསུངས་སོང་། 3 འེ་ཀྱ་ཡིས་འི་ཀི་དཀོན་མཆོག་གི་ཞབས་ཕྱི་ཀྱ་ཡི་དཔྲལ་ལེ་ཁར་ལ་ཐེལ་ཙེ་མ་བརྒྱབ་ཐུག་པའི། ས་གཞི། ཡང་ན་རྒྱ་མཚོ། ཡང་ན་སྡོང་པོ་ཀྱ་ལ་གནོད་གིའང་མ་བསྐྱལ། 4 དེ་ནས་ངས་ཐེལ་ཙེ་བརྒྱབ་ཚར་ས་ཀྱ་ཡི་གྲངས་ཀ་གོ་གོ་སོང་། ཁོང་ཀྱ་འབུམ་གཅིག་དང་སྟོང་བཞི་བཅུ་ཞེ་བཞི་འདུག། དེ་ནས་ཁོང་ཀྱ་ཡིས་ར་ཨེལ་པ་བུ་ཕྲུག་ཀྱ་ཡི་བརྒྱུད་པ་འོད་ལེ་ནས་འདུག། 5 ཡུ་དཱའི་བརྒྱུད་པ་ནས་སྟོང་བཅུ་གཉིས། དེ་ནས་རུ་བེན་གྱི་བརྒྱུད་པ་ནས་སྟོང་བཅུ་གཉིས། དེ་ནས་གཱད་ཀྱི་བརྒྱུད་པ་ནས་སྟོང་བཅུ་གཉིས། 6 དེ་ནས་ཨ་ཤེར་གྱི་བརྒྱུད་པ་ནས་སྟོང་བཅུ་གཉིས། དེ་ནས་ནབ་ཐ་ལིའི་བརྒྱུད་པ་ནས་སྟོང་བཅུ་གཉིས། དེ་ནས་མཱ་ན་ཤེའི་བརྒྱུད་པ་ནས་སྟོང་བཅུ་གཉིས། 7 དེ་ནས་སི་མེ་ཡོན་གྱི་བརྒྱུད་པ་ནས་སྟོང་བཅུ་གཉིས། དེ་ནས་ལེ་ཝིའི་བརྒྱུད་པ་ནས་སྟོང་བཅུ་གཉིས། དེ་ནས་ཨི་སཱ་ཀར་གྱི་བརྒྱུད་པ་ནས་སྟོང་བཅུ་གཉིས། 8 དེ་ནས་ཟེ་བུ་ལུན་གྱི་བརྒྱུད་པ་ནས་སྟོང་བཅུ་གཉིས། དེ་ནས་ཡོ་སེབ་ཀྱི་བརྒྱུད་པ་ནས་སྟོང་བཅུ་གཉིས། དེ་ནས་བེན་ཡ་མཱིན་གྱི་བརྒྱུད་པ་ནས་སྟོང་བཅུ་གཉིས་ལ་ཐེལ་ཙེ་བརྒྱབ་འདུག། གོས་དཀར་བོ་གོན་ག་མི་ཚོགས་ཀྱི་སྐོར། 9 འོ་དེ་གཤམ་ནས་སུས་འང་གྲངས་ཀ་བརྒྱབ་མི་ཐུབ་ཀྱིན་མི་རིགས་འོད་ལེ་དང་། རྒྱུད་པ་འོད་ལེ་དང་། མི་མང་འོད་ལེ་དང་། སྐད་རིགས་འོད་ལེའི་མི་ཚོགས་ཆེ་གཅིག་བཞུགས་ཁྲི་དང་། ལུག་ཕྲུག་གི་གདོང་དུ་ལངས་རེ་བསྡད་ཀྱིན་གོ་ངས་མཐོང་སོང་། དེ་ནས་ཁོང་ཀྱ་གོས་དཀར་བོ་གོན་ཏེ་ལག་པ་རུ་ཤིང་ཏ་ལའི་ཡལ་ག་ཀྱ་འཁྱེར་ཏེ་བསྡད་འདུག། 10 ཁོང་ཀྱ་ཡིས་སྐད་ཆེ་བརྒྱབ་སྟེ་སྨྲས་བ་ལགས། བཞུགས་ཁྲི་རུ་བཞུགས་མཁན་འོ་རི་དཀོན་མཆོག་དང་ལུག་ཕྲུག་ནས་ཐར་པ་འོད་ད་ལགས། 11 དེ་ནས་ནམ་མཁའི་བང་ཆེན་ཀྱ་གི་རི་བཞུགས་ཁྲི་དང་། སློབ་དཔོན་ཀྱ་དང་། སེམས་ཅན་བཞི་ཀྱ་ཡི་མཐའ་འཁོར་ལ་བཞེངས་རེ་བཞུགས་འདུག། དེ་ནས་ཁོང་ཀྱ་བཞུགས་ཁྲིའི་གདོང་དུ་ཕྱག་འཚལ་རེ་དཀོན་མཆོག་ལ་དེ་རེ་སྨྲས་རེ་ཕྱག་མཆོད་པ་འབུལ་ལི། 12 ཨ་མེན། བསྟོད་པ་དང་གཟི་བརྗིད། ཤེས་རབ་དང་བཀའ་དྲིན་དང་བཀུར་སྟི། དབང་དང་ནུས་མཐུ། འོ་རི་དཀོན་མཆོག་ལ་རྒྱུན་ནས་རྒྱུན་དུ་འོང་བར་ཤོག། ཨ་མེན། 13 དེ་ནས་སློབ་དཔོན་ཀྱ་ནས་གཅིག་གིས་ང་ལ་དྲིས་སོང་། འདི་གོས་དཀར་བོ་གོན་ག་ཀྱ་སུ་ལེ། དེ་ནས་ཁོང་ཀྱ་ག་ནས་འོངས་བ་ལེ། 14 ངས་ཁོང་ལ་སྨྲས་བའི། སློབ་དཔོན་ལགས། ཁྱེད་རང་རང་མཁྱེན་ད་ལགས། དེ་ནས་ཁོང་གིས་ང་ལ་གསུངས་སོང་། དེ་ཀྱ་ནི་སྡུག་པོ་ཆེ་ནས་ཐོན་ཏེ་འོངས་བ་ཀྱ་ལགས། དེ་ནས་ཁོང་ཀྱ་ཡིས་རང་གི་གོས་ལུག་ཕྲུག་གི་ཁྲག་ལ་འཁྲུད་རེ་དཀར་བོ་བཟོས་འོད་ད་ལགས། 15 འོ་བྱས་རེ། ཁོང་ཀྱ་དཀོན་མཆོག་གི་བཞུགས་ཁྲིའི་གདོང་དུ་འདུག། དེ་ནས་ཉིན་མཚན་ཁོང་པ་ཡི་མཆོད་ཁང་དུ་ཁོང་གི་ཞབས་ཕྱི་ཞུ་བ་ལགས། དེ་ནས་བཞུགས་ཁྲི་རུ་བཞུགས་མཁན་གྱིས་རང་འོད་ས་རུ་ཁོང་ཀྱ་ལ་སྐྱོང་མཛད་ཀྱི་ལགས། 16 ཁོང་ཀྱ་ཡང་ནམ་མའང་ལྟོགས་ཀྱི་མ་ལགས། དེ་ནས་ཡང་ནམ་མའང་ཁ་སྐོམས་ཀྱི་མ་ལགས། ཉི་མ་ཡི་ཚ་བ་ཡང་ན་ཚ་བ་གིན་གྱིས་འང་། ཁོང་ཀྱ་ཁར་ལ་འཕོག་གི་མ་ལགས། 17 གི་བྱས་རེ་སྨྲ་ན་བཞུགས་ཁྲིའི་གུང་དུ་བཞུགས་མཁན་ལུག་ཕྲུག་གོ། ཁོང་ཀྱ་ཡི་ལུག་རྫི་འབྱུང་གི་ལགས། དེ་ནས་ཁོང་པ་ཡིས་ཁོང་ཀྱ་ལ་ཚེ་སྲོག་གི་ཆུ་མིག་འགྲམ་དུ་འཁྲིད་བ་མཛད་ཀྱི་ལགས། དེ་ནས་དཀོན་མཆོག་གིས་ཁོང་ཀྱ་ཡི་མིག་གི་མཆི་མ་གི་རི་ཕི་བ་མཛད་ཀྱི་ལགས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.