Biblia Todo Logo
Bìoball air-loidhne

- Sanasan -

མངོན་པ། 6 - གློ་བ།


ཐེལ་ཙེ་ཀྱ་ཡི་དོན།

1 དེ་ནས་ལུག་ཕྲུག་གིས་འོ་དེ་ཐེལ་ཙེ་བདུན་ཀྱ་ནས་གཅིག་བཤིག་གིན་གོ་ངས་མཐོང་བའི་གང་ལ། སེམས་ཅན་བཞི་ཀྱ་ནས་གཅིག་གིས་འབྲུག་ལྡིར་གྱིན་ཅོག་རེ་སྐད་ལ་ཤོག་སྨྲ་གིན་གོ་ངས་གོ་སོང་།

2 དེ་ནས་ངས་ཡར་ལ་བལྟས་རེ་འོ་དུ་རུ་རྟ་དཀར་བོ་གཅིག་མཐོང་སོང་། འོ་དེ་ཁར་ལ་ཞོན་མཁན་མུ་ལ་མདའ་གཅིག་འདུག།དེ་ནས་འོ་དེ་ལ་ཅོད་པན་གཅིག་སྟེར་སོང་། དེ་ནས་འོ་དེ་ལ་རྒྱལ་ཁ་ཐོབ་སྟེ་དོ་རང་འང་རྒྱལ་ཁ་འཐོབ་ཡས་ལ་ཐོན་པ་ལགས།

3 དེ་ནས་ལུག་ཕྲུག་གིས་ཐེལ་ཙེ་གཉིས་བ་གོ་བཤིག་བ་རང་སེམས་ཅན་གཉིས་བ་ཡིས་ཤོག་སྨྲ་གིན་གོ་ངས་གོ་སོང་།

4 དེ་ནས་འོ་དེ་ནས་གཞན་མ་རྟ་དམར་བོ་གཅིག་ཐོན་ཏེ་འོངས་བ་ལགས། འོ་དེ་ཁར་ལ་ཞོན་མཁན་གོ་ལ་འཇིག་རྟེན་ནས་ཞི་བདེ་ལེན་ཏེ། མི་ཀྱ་ཡིས་གཅིག་གིས་གཅིག་ལ་བསད་དུ་བཅུག་ཡས་ཀྱི་དབང་ཆ་སྟེར་འོད་ད་ལགས། དེ་ནས་ཁོ་ལ་རལ་གྲི་ཆེ་གཅིག་སྟེར་འོད་ད་ལགས།

5 དེ་ནས་ལུག་ཕྲུག་གིས་ཐེལ་ཙེ་གསུམ་པ་གོ་བཤིག་བ་རང་སེམས་ཅན་གསུམ་པ་ཡིས་ཤོག་སྨྲས་རེ་སྨྲ་གིན་གོ་ངས་གོ་སོང་། ངས་བལྟས་བའི། དེ་ནས་འོ་དུ་རུ་རྟ་ནག་པོ་གཅིག་མཐོང་སོང་། དེ་ནས་འོ་དེ་ཁར་ལ་ཞོན་མཁན་གྱི་ལག་པ་ལ་སྲང་གཅིག་འདུག།

6 དེ་ནས་འོ་དེ་སེམས་ཅན་བཞིའི་ཁོག་ནས་ཐོན་གྱིན་ཅོག་རེ་སྐད་གཅིག་དེ་རེ་སྨྲ་གིན་གོ་ངས་གོ་སོང་། ཉིན་མ་གཅིག་གི་གླ་ཆ་གྲོ་ཀི་ལོ་གཅིག་དང་ཉིན་མ་གཅིག་གི་གླ་ཆ་ནས་ཀི་ལོ་གསུམ་ལགས། དེ་ནས་སྣུམ་དང་རྒུན་ཆང་ལ་སྐྱོན་མ་བཏང་།

7 དེ་ནས་ལུག་ཕྲུག་གིས་ཐེལ་ཙེ་བཞི་བ་གོ་བཤིག་བ་རང་སེམས་ཅན་བཞི་བ་ཡིས་ཤོག་སྨྲས་རེ་སྨྲ་གིན་གོ་ངས་གོ་སོང་།

8 ངས་བལྟས་བའི། དེ་ནས་འོ་དུ་རུ་རྟ་སེར་བོ་གཅིག་མཐོང་སོང་། འོ་དེ་ཁར་ལ་ཞོན་མཁན་གྱི་མིང་གོ་འཆི་བ་འདུག། དེ་ནས་གཤིན་པོ་ཀྱ་བསྡད་ས་གོ་འོ་དེའི་གཤམ་གཤམ་ལ་འབྲངས་བ་ལགས། དེ་ནས་ཁོང་ཀྱ་ལ་རལ་གྲི་དང་། མུ་གེ་དང་། འགོས་ནད་དང་། འཇིག་རྟེན་གྱི་གཅན་གཟན་གྱི་སྒོ་ནས་བསད་དུ་བཅུག་ཡས་ལ། འཇིག་རྟེན་གྱི་དུམ་བུ་བཞི་ནས་གཅིག་གི་ཁར་ལ་དབང་སྟེར་འོད་ད་ལགས།

9 དེ་ནས་ལུག་ཕྲུག་གིས་ཐེལ་ཙེ་ལྔ་བ་གོ་བཤིག་བ་རང་མཆོད་ཁྲིའི་འོག་ཏུ་དཀོན་མཆོག་གི་བཀའ་དང་། ཁོང་ལ་བདེན་དཔང་བྱས་བྱ་ཡི་ཕྱིར་ལ་བསད་ས་མི་ཀྱ་ཡི་སེམས་ཉིད་ཀྱ་ངས་མཐོང་སོང་།

10 ཁོང་ཀྱ་ཡིས་སྐད་བརྒྱབ་སྟེ་དེ་རེ་སྨྲས་བ་ལགས། ཀྱེ་ཀུན་དབང་དཀོན་མཆོག། དམ་པ་དང་བདེན་པ་ལ་ཁྱེད་རང་གིས་འཇིག་རྟེན་དུ་འོད་ཀྱིན་མི་ཀྱ་ལ་ནམ་ཁྲིམས་བཅད་མཛད་ཡས། དེ་ནས་འི་ཀི་སྲོག་ལེན་མཁན་ཀྱ་ལ་ནམ་དགྲ་ཤ་ལེན་ད་མཛད་ཡས།

11 ཁོང་ཀྱ་གི་རི་ལ་གོས་དཀར་བོ་གནང་བ་ལགས། དེ་ནས་ཁོང་ཀྱ་ཡི་ལས་རོགས་དང་། སྤུན་ཀྱའང་ཁོང་ཀྱ་ལ་ཅོག་རེ་བསད་དེ་གྲངས་ཀ་མ་ཚང་གིན་ཐུག་པའི། དོ་རང་འང་ཅེ་གཅིག་ངལ་གསོས་རེ་སྡོད་སྨྲས་རེ་གསུངས་བ་ལགས།

12 དེ་ནས་ངས་ལུག་ཕྲུག་ཐེལ་ཙེ་དྲུག་པ་གོ་བཤིག་གིན་གོ་མཐོང་སོང་། དེ་ནས་འོ་དེ་རུ་སུང་གུ་ཆེ་གཅིག་འོངས་སོང་། དེ་ནས་ཉི་མ་ནི་རྩིད་རས་ནག་པོ་ཅོག་རེ་དང་། ཟླ་བ་ནི་ཁྲག་ཅོག་རེ་དམར་བོ་ལ་གྱུར་པ་ལགས།

13 དེ་ནས་སེ་ཡབ་ཀྱི་སྡོང་པོ་ལ་རླུང་པོ་ཤུགས་ཆེ་ཡིས་སྒུལ་སྒུལ་བཏང་ང་རང་། མ་ཚོས་ཚ་སེ་ཡབ་ཀྱ་མ་ལ་ལྷིམ་གྱིན་ཅོག་རེ། གནམ་གྱི་སྐར་མ་ཀྱ་ས་ལ་ལྷིམ་པ་ལགས།

14 དེ་ནས་ཤོག་སྒྲིལ་སྒྲིལ་གྱིན་ཅོག་རེ་གནམ་གོ་ཡལ་རེ་སོང་བ་ལགས། དེ་ནས་རི་ཀྱ་དང་གླིང་ཕྲན་ཀྱ་གི་རི་རང་གི་གོག་ས་ནས་སྤོས་བ་ལགས།

15 དེ་ནས་འཇིག་རྟེན་གྱི་རྒྱལ་བོ་ཀྱ་དང་། དཔོན་པོ་ཀྱ་དང་། དམག་དཔོན་ཀྱ་དང་། ཕྱུག་པོ་ཀྱ་དང་། དབང་ཆེ་ཀྱ་དང་། བྲན་གཡོག་དང་། རང་དབང་འོད་ཀྱིན་མི་གི་རི་བྲག་ཕུག་ཀྱ་དང་བྲག་ཀྱ་ཡི་ཁོག་ཏུ་ཡིབས་པ་ལགས།

16 ཁོང་ཀྱ་ཡིས་རི་ཀྱ་དང་བྲག་ཀྱ་ལ་དེ་རེ་སྨྲས་བ་ལགས། འི་ཀི་ཁར་ལ་ལྷིམ། དེ་ནས་བཞུགས་ཁྲི་རུ་བཞུགས་མཁན་གྱི་ཞལ་དང་ལུག་ཕྲུག་གི་ཐུགས་ཁྲོ་ནས་འེ་ཀྱ་ལ་སྦེད་རོགས་བྱེད།

17 གི་བྱས་རེ་སྨྲ་ན་ཁོང་པ་ཀྱ་ཡི་ཐུགས་ཁྲོའི་ཉིན་མ་ཆེ་གོ་སླེབས་འདུག། དེ་ནས་འོ་དེ་ཉིན་མ་ལ་སུ་ལངས་ཐུབ་ཀྱི་ལགས་སེ།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan