Biblia Todo Logo
Bìoball air-loidhne

- Sanasan -

མངོན་པ། 5 - གློ་བ།


ཤོག་སྒྲིལ་དང་ལུག་ཕྲུག།

1 དེ་ནས་བཞུགས་ཁྲི་རུ་བཞུགས་མཁན་གྱི་ཕྱག་གཡས་ལ་ཕྱོགས་གཉིས་ཀ་ར་ལ་བྲིས་བྲ་དང་ཐེལ་ཙེ་བདུན་བརྒྱབ་གྱ་ཤོག་སྒྲིལ་གོ་ངས་མཐོང་སོང་།

2 དེ་ནས་ནམ་མཁའི་བང་ཆེན་དབང་ཆེ་གཅིག་གིས་གསུང་སྐད་ཆེ་ལ་དེ་རེ་གསུངས་ཀྱིན་གོ་ངས་མཐོང་སོང་། འདི་ཐེལ་ཙེ་ཀྱ་བཀོག་སྟེ་ཤོག་སྒྲིལ་གོ་བཤིག་རིན་ཁ་ཡས་སུ་འོད་ད་ལེ།

3 ནམ་མཁའི་ཞིང་ཁམས་དུ་ཡང་ན་ས་གཞི་རུ་ཡང་ན་ས་གཏིང་དུ་ཤོག་སྒྲིལ་དེ་ཁ་བཤིག་སྟེ་འོ་དེ་ནང་ལ་ལྟ་ཐུབ་མཁན་སུའང་མེད་ད་ལགས།

4 དེ་ནས་ང་དམི་ཅིག་གི་ངུས་བའི། གི་བྱས་རེ་སྨྲ་ན་འོ་དེ་ཤོག་སྒྲིལ་གོ་བཤུ་ཐུབ་ཀྱིན། ཡང་ན་འོ་དེ་ནང་དུ་ལྟ་ཐུབ་ཀྱིན་མི་སུའང་མ་རྙེད་པ་ལགས།

5 དེ་ནས་སློབ་དཔོན་ཀྱ་ནས་གཅིག་གིས་ང་ལ་གསུངས་སོང་། མ་ངུ། ལྟོས་དང་། ཡུ་དཱའི་བརྒྱུད་པའི་སེང་གེ་དང་དཱ་བིད་ཀྱི་རྩ་བ་ཡིན་གྱིན་ཁོང་པ་ཡི་རྒྱལ་ཁ་ཐོབ་འོད་ད་ལགས། དེ་ནས་ཁོང་པ་ཡིས་ཤོག་སྒྲིལ་གོ་ཁ་བཤིག་སྟེ་ཐེལ་ཙེ་བདུན་གོ་བཀོག་ཐུབ་བ་ལགས།

6 དེ་ནས་བསད་དེ་བཞག་ཞ་ཅོག་རེ་མཐོང་གིན་ལུག་ཕྲུག་གཅིག་བཞུགས་ཁྲི་དང་སེམས་ཅན་བཞིའི་གུང་དུ་དང་། སློབ་དཔོན་ཀྱ་ཡི་གུང་དུ་བཞེངས་རེ་བཞུགས་ཀྱིན་གོ་ངས་མཐོང་སོང་། འོ་དེ་ལུག་ཕྲུག་ལ་རྭ་ཀྱོག་བདུན་དང་མིག་བདུན་འདུག། འོ་དེ་ཀྱ་འཇིག་རྟེན་འོད་ལེ་དུ་བརྫངས་ཛ་དཀོན་མཆོག་གི་ཐུགས་ཉིད་བདུན་ལགས།

7 ཁོང་པ་ཕེབས་ཏེ་བཞུགས་ཁྲི་རུ་བཞུགས་གནང་ང་མཛད་ཛ་ཁོང་པའི་ཕྱག་གཡས་ནས་འོ་དེ་ཤོག་སྒྲིལ་གོ་བསྣུམས་མ་མཛད་པ་ལགས།

8 དེ་ནས་ཁོང་པ་ཡིས་འོ་དེ་ཤོག་སྒྲིལ་གོ་བསྣུམས་མ་མཛད་ཚར་ཏེ། འོ་དེ་སེམས་ཅན་བཞི་དང་སློབ་དཔོན་ཉི་ཤུ་རྩ་བཞི་གོ་ཀྱ་ལུག་ཕྲུག་གི་གདོང་དུ་ཕྱག་འཚལ་བ་ལགས། ཁོང་རེ་རེའི་ཕྱག་ལ་པི་ཝང་དང་སྤོས་ཁངས་ཁ་གསེར་གྱི་ཕོར་ར་ཀྱ་བསྣུམས་འོད་ད་ལགས། འོ་དེ་སྤོས་ཀྱ་དཀོན་མཆོག་གི་མི་ཀྱ་ཡིས་ཕུལ་པ་སྨོན་ལམ་ཀྱ་ལགས།

9 དེ་ནས་ཁོང་ཀྱ་ཡིས་བསྟོད་གླུ་གསར་པ་གཅིག་ལེན་ཏེ་སྨྲས་བ་ལགས། ཁྱེད་རང་ལ་ཤོག་སྒྲིལ་འདི་བསྣུམ་ཡས་དང་འོ་དེའི་ཐེལ་ཙེ་ཀྱ་བཀོག་ཐུབ་ཀྱིན་དབང་ཆ་འོད་ད་ལགས། གི་བྱས་རེ་སྨྲ་ན་ཁྱེད་རང་ལ་བསད་པ་ལགས། དེ་ནས་ཁྱེད་རང་གི་སྐུ་ཁྲག་གིས་དཀོན་མཆོག་གི་ཆེད་དུ། རྒྱུད་པ་དང་སྐད་རིགས་དང་མི་དང་མི་རིགས་ཀྱ་ནས་མི་ཀྱ་ཉོས་བ་ལགས།

10 དེ་ནས་ཁོང་ཀྱ་ལ་འོ་རི་དཀོན་མཆོག་གི་ཆེད་དུ་རྒྱལ་ཁབ་དང་མཆོད་དཔོན་ཀྱ་བཀོད་མཛད་པ་ལགས། དེ་ནས་ཁོང་ཀྱ་ཡིས་འཇིག་རྟེན་དུ་དབང་བྱེད་ཀྱི་ལགས།

11 དེ་ནས་ངས་བལྟས་བའི། དེ་ནས་བཞུགས་ཁྲི་དང་སེམས་ཅན་ཀྱ་དང་སློབ་དཔོན་ཀྱ་ཡི་མཐའ་འཁོར་ལ། ནམ་མཁའི་བང་ཆེན་སྟོང་ཕྲག་དང་འབུམ་ཕྲག་གི་གསུང་སྐད་གོ་སོང་།

12 ཁོང་པ་ཀྱ་གསུང་སྐད་ཆེ་ལ་དེ་རེ་གསུངས་བའི་འོད་ད་ལགས། བསད་ས་ལུག་ཕྲུག་གོ་ལ་དབང་དང་ནོར་དང་ཤེས་རབ་དང་ཤུགས། དེ་ནས་བཀུར་སྟི་དང་གཟི་བརྗིད་དང་བསྟོད་པ་ཐོབ་དགོས་ཡས་འདུག།

13 དེ་ནས་ནམ་མཁའི་ཞིང་ཁམས་དང་། ས་གཞི་དང་། ས་གཞི་འོག་ལ་འོད་ཀྱིན་ཀྱ་དང་། རྒྱ་མཚོ་དང་། འོ་དེ་ནང་ལ་འོད་ཀྱིན་སེམས་ཅན་གི་རི་ཡིས་དེ་རེ་སྨྲ་གིན་གོ་ངས་གོ་སོང་། བཞུགས་ཁྲི་རུ་བཞུགས་མཁན་དང་ལུག་ཕྲུག་ལ། བསྟོད་པ་དང་བཀུར་སྟི་དང་གཟི་བརྗིད་དང་དབང་། རྒྱུན་ནས་རྒྱུན་དུ་འོང་བར་ཤོག།

14 དེ་ནས་འོ་དེ་སེམས་ཅན་བཞི་ཀ་ར་ཡིས་ཨ་མེན་སྨྲས་བ་ལགས། དེ་ནས་འོ་དེ་སློབ་དཔོན་ཀྱ་ཡིས་ལུས་ས་ལ་བརྡབས་ཏེ་ཕྱག་འཚལ་བ་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan