Biblia Todo Logo
Bìoball air-loidhne

- Sanasan -

མངོན་པ། 4 - གློ་བ།


ནམ་མཁའི་ཞིང་ཁམས་ཀྱི་བཞུགས་ཁྲི།

1 འོ་དེ་གཤམ་ནས་ངས་བལྟས་བའི། དེ་ནས་ནམ་མཁའི་ཞིང་ཁམས་དུ་སྒོ་གཅིག་པེ་རེ་བཞག་ཞ་ངས་མཐོང་སོང་། དེ་ནས་ངའི་ཨེན་ཡོག་ལ་གོ་ག་དུང་སྐད་ཀྱི་སྐད་ཅོག་རེ་ཡིས་ང་ལ་དེ་རེ་གསུངས་སོང་། དུ་རུ་ཡར་ལ་ཤོག།དེ་ནས་འདིའི་གཤམ་ནས་འབྱུང་དགོས་ཡས་ཡིན་གྱིན་དོན་ཀྱ་ངས་ཁྱོད་ལ་སྟོན་དོ།

2 དེ་ནས་ལམ་སང་ང་དམ་པའི་ཐུགས་ཉིད་ཀྱིས་ཁངས་སོང་། དེ་ནས་ནམ་མཁའི་ཞིང་ཁམས་དུ་བཞུགས་ཁྲི་གཅིག་འདུག། དེ་ནས་འོ་དེ་བཞུགས་ཁྲིའི་ཁར་ལ་བཞུགས་མཁན་གཅིག་འདུག།

3 དེ་ནས་འོ་དུ་རུ་བཞུགས་མཁན་གྱི་ཞལ་གོ་རྡོ་རིན་པོ་ཆེ་གཡང་ཊི་སྔོན་པོ་དང་། པད་མ་རཱ་ག་དམར་བོ་ཅོག་རེ་འདུག། དེ་ནས་བཞུགས་ཁྲིའི་མཐའ་འཁོར་ལ་མ་རྒད་ཅོག་རེ་འཇའ་ཟུག་འདུག།

4 འོ་དེ་བཞུགས་ཁྲིའི་མཐའ་འཁོར་ལ་བཞུགས་ཁྲི་ཉི་ཤུ་རྩ་བཞི་འདུག། དེ་ནས་དབུ་ལ་གསེར་གྱི་ཅོད་པན་དང་གོས་དཀར་བོ་གོན་ག་སློབ་དཔོན་ཉི་ཤུ་རྩ་བཞི་འོ་དེ་བཞུགས་ཁྲི་ཀྱ་ཁར་ལ་བཞུགས་ཀྱིན་གོ་ངས་མཇལ་སོང་།

5 དེ་ནས་འོ་དེ་བཞུགས་ཁྲི་ནང་ནས་གློག་དམར་གྱི་འོད་ཀྱ་དང་། ལྡིར་སྒྲ་དང་། འབྲུག་སྐད་ཀྱི་སྒྲ་ཀྱ་ཐོན་ཏེ་འོངས་བ་ལགས། དེ་ནས་འོ་དེ་བཞུགས་ཁྲིའི་གདོང་དུ་མེའི་ཀྱུང་བདུན་འབར་ཏེ་བསྡད་འོད་ད་ལགས། འོ་དེ་ཀྱ་ནི་དཀོན་མཆོག་གི་ཐུགས་ཉིད་བདུན་ལགས།

6 དེ་ནས་བཞུགས་ཁྲིའི་གདོང་དུ་དྭངས་ཤེལ་ཅོག་རེ་ཤེལ་གྱི་རྒྱ་མཚོ་ཅོག་རེ་གཅིག་འདུག། དེ་ནས་བཞུགས་ཁྲིའི་མཐའ་འཁོར་དང་ཕྱོགས་གཉིས་ཀ་ར་ལ་གདོང་དང་རྒྱབ་གཉིས་ཀ་ར་ལ་མིག་འོད་ཀྱིན་སེམས་ཅན་བཞི་འོད་ད་ལགས།

7 སེམས་ཅན་དང་པོ་གོ་སེང་གེ་ཅོག་རེ་དང་། གཉིས་བ་གོ་གླུང་ཅོག་རེ་དང་། གསུམ་པ་གོ་མིའི་ངོ་རོང་ཅོག་རེ་དང་། བཞི་བ་གོ་འཕུར་ཏེ་བསྡད་ཀྱིན་བྱ་གླག་ཅོག་རེ་འོད་ད་ལགས།

8 འོ་དེ་སེམས་ཅན་བཞི་ཀ་ར་ལ་གཤོག་པ་དྲུག་དྲུག་འོད་ད་ལགས། དེ་ནས་འོ་དེའི་ཕྱོགས་གི་རི་དང་གཤོག་པའི་ནང་ཕྱོགས་ལ་མིག་ཀྱ་ཡིས་ཁངས་རེ་བསྡད་འོད་ད་ལགས། དེ་ནས་ཉིན་མཚན་ཁོང་ཀྱ་མཚམས་མི་བཞག་བ་དེ་རེ་སྨྲས་རེ་གླུ་བཏང་བའི། དམ་པ་དམ་པ་དམ་པ། གཙོ་བོ་ཀུན་དབང་དཀོན་མཆོག་འདུག། ཁོང་ཨེན་མ་བཞུགས་མྱོང་འོད། དེ་ནས་ད་ལྟ་བཞུགས་འདུག། དེ་ནས་གཤམ་ལ་ཕེབས་ཡས་ཡིན་གྱིན་གོ་ལགས།

9 དེ་ནས་འོ་དེ་སེམས་ཅན་ཀྱ་ཡིས་བཞུགས་ཁྲི་རུ་བཞུགས་བ་མཛད་མཁན་དང་། དུས་གཏན་དུ་གནས་བ་མཛད་མཁན་ཁོང་པ་ལ་གཟི་བརྗིད་དང་། བཀུར་སྟི་དང་། ཐུགས་རྗེ་འབུལ་ལི་གང་ལ།

10 འོ་དེ་སློབ་དཔོན་ཉི་ཤུ་རྩ་བཞི་གོ་བཞུགས་ཁྲི་རུ་བཞུགས་བ་མཛད་མཁན་གྱི་གདོང་དུ་ཕྱག་འཚལ་ལི། དེ་ནས་དུས་གཏན་དུ་གནས་བ་མཛད་མཁན་གོ་ལ་ཁོང་ཀྱ་ཕྱག་མཆོད་པ་འབུལ་ལི། དེ་ནས་ཁོང་ཀྱ་ཡིས་རང་རང་གི་ཅོད་པན་ཀྱ་བཞུགས་ཁྲི་གདོང་དུ་བཞག་སྟེ་དེ་རེ་གླུ་འབུལ་ལི།

11 འོ་རི་གཙོ་བོ་དང་དཀོན་མཆོག། ཁྱེད་རང་གཟི་བརྗིད་དང་བཀུར་སྟི་དང་དབང་འཐོབ་དགོས་ཡས་འདུག། གི་བྱས་རེ་སྨྲ་ན་འོད་ཀྱིན་གི་རི་ཁྱེད་རང་གི་བཀོད་མཛད་པ་ལགས། དེ་ནས་ཁྱེད་རང་གི་ཐུགས་དགོངས་ལ་རྟེན་ཏེ་འོ་དེ་ཀྱ་བྱུང་བ་ལགས། དེ་ནས་བཀོད་པ་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan