Biblia Todo Logo
Bìoball air-loidhne

- Sanasan -

མངོན་པ། 3 - གློ་བ།


སར་དཱིའི་ཆོས་ཚོགས་ལ་བཀའ་གནང་བ།

1 སར་དཱིའི་ཆོས་ཚོགས་ཀྱི་བང་ཆེན་ལ་དེ་རེ་བྲིས། དཀོན་མཆོག་གི་ཐུགས་ཉིད་བདུན་དང་སྐར་མ་བདུན་འོད་ཀྱིན་གྱིས་དེ་བཀའ་ཀྱ་གསུངས་བའི། ཁྱོའི་ལས་ཀ་ཀྱ་ང་ལ་ཤེས་ཡས་འོད། དེ་ནས་མིང་གི་ཆ་ནས་ཁྱེད་ཀྱ་གསོན་པོ་འོད་ན་ཁྱེད་ཀྱ་ཤི་འོད་ད་ལགས།

2 གཉིད་སད། དེ་ནས་རྫོགས་ཡས་ཡིན་གྱིན་དང་ལྷག་མ་ལྷག་ལ་གོ་ལ་བརྟན་པོ་བཟོས། གི་བྱས་རེ་སྨྲ་ན་ངས་ཁྱེད་ཀྱ་ཡི་ལས་ཀ་ཀྱ་དཀོན་མཆོག་གི་སྤྱན་སྔར་དུ་མ་སྒྲུབ་ཀྱིན་གོ་རྙེད་སོང་།

3 འོ་བྱས་རེ་ཁྱོད་ལ་གི་ཐོབ་ཐ་དང་ཁྱོས་གི་གོ་ག་གོ་ལ་བརྟན་པོ་མ་སྲུངས། དེ་ནས་རང་གི་སྡིག་པ་སྤངས་རེ་སེམས་སྒྱུར་བ་གཏོང་། དེ་ནས་ཁྱོད་གཉིད་ནས་མེད་སད་ན། ང་ཁྱོད་རྩ་རུ་རྐུན་མ་ཅོག་རེ་འོང་ཡས་ཡིན། དེ་ནས་ང་འོང་གིན་གྱི་དུས་ཚོད་གོ་ཁྱོས་མེད་ཤེས་ཀྱི་ལགས།

4 ཡིན་ནའང་སར་དཱི་རུ་རང་གི་གོས་ལག་མེད་གཙང་ང་མ་བཟོས་ཟ་མི་ཏི་ཏེ་རེ་འདུག། ཁོང་ཀྱ་ངའི་མུ་ལ་གོས་དཀར་བོ་གོན་ཏེ་བརྒྱུག་གི་ལགས། གི་བྱས་རེ་སྨྲ་ན་ཁོང་ཀྱ་ལ་དེ་རེ་བྱེད་ཡས་ཁ་ཡས་འདུག།

5 དེ་ནས་སུ་རྒྱལ་ལི། འོ་དེ་གོ་ལ་ང་ཁོང་ཀྱ་ལ་ཅོག་རེ་གོས་དཀར་བོ་བསྐོན་ཡས་ཡིན། དེ་ནས་ཁོའི་མིང་གོ་ང་ཚེ་སྲོག་གི་དེབ་ནས་བསུབ་ཡས་མིན། དེ་ནས་ང་ཁོའི་མིང་ངའི་ཡབ་དང་ཁོང་པའི་བང་ཆེན་ཀྱ་ཡི་དྲུང་དུ་ཁས་ལེན་བྱེད་ཡས་ཡིན།

6 ཨམ་མཆོད་འོད་མཁན་ཀྱ་ཡིས་དམ་པའི་ཐུགས་ཉིད་ཀྱིས་ཆོས་ཚོགས་ལ་གི་གསུངས་ཀྱིན་གོ་ཉན་ད་ཤོག།


ཕི་ལ་དེལ་ཕི་ཡཱ་ཡི་ཆོས་ཚོགས་ལ་བཀའ་གནང་བ།

7 ཕི་ལ་དེལ་ཕི་ཡཱ་ཡི་ཆོས་ཚོགས་ཀྱི་བང་ཆེན་ལ་དེ་རེ་བྲིས། དམ་པ་དང་བདེན་པ། དེ་ནས་དཱ་བིད་ཀྱི་ལྡེ་མིག་འོད་ཀྱིན་ཁོང་པ་ཡིས་དེ་བཀའ་ཀྱ་གསུངས་བའི། ཁོང་པ་ཡིས་པེ་ཀྱིན་སྒོ་གོ་སུས་འང་བརྒྱབ་མི་ཐུབ་ཀྱི་ལགས། དེ་ནས་ཁོང་པ་ཡིས་བརྒྱབ་ཀྱིན་སྒོ་གོ་སུས་འང་པེ་མི་ཐུབ་ཀྱི་ལགས།

8 ཁྱོའི་ལས་ཀ་ཀྱ་ང་ལ་ཤེས་ཡས་འོད། ལྟོས་དང་། ཁྱོའི་གདོང་དུ་སུས་འང་བརྒྱབ་མི་ཐུབ་ཀྱིན་སྒོ་ངས་པེ་རེ་བཞག་འོད། དེ་ནས་ཁྱོད་ལ་སྟོབས་ཤུགས་ཅི་མེ་འོད་ཀྱིན་གོ་ང་ལ་ཤེས་ཡས་འོད། གི་ཡིན་ན་ཁྱོས་ངའི་བཀའ་གོ་བསྲུངས་འདུག། དེ་ནས་ངའི་མིང་མ་སྤངས་འདུག།

9 ལྟོས་དང་། བདུད་སཱ་ཏན་གྱིས་ཚོགས་ཁང་གི་ཡིན་གྱིན། དེ་ནས་རང་ལ་ཡ་ཧུ་དཱ་པ་མིན་ད་ཡིན་སྨྲས་རེ་སྨྲ་མཁན་ཟོག་པོ་ཀྱ་ལ་ང་ཁྱེད་ཀྱ་རྩ་རུ་འོང་དུ་བཅུག་སྟེ། ཁྱེད་ཀྱི་རྐང་པའི་གདོང་དུ་ཕྱག་འཚལ་རུ་བཅུག་ཡས་ཡིན། དེ་ནས་ངས་ཁྱེད་ཀྱ་ལ་བརྩེ་བ་བྱེད་ཀྱིན་གོ་ཁོང་ཀྱ་ཡིས་ཧ་གོ་གི་ལགས།

10 ཁྱེད་ཀྱ་ཡིས་བཟོད་པ་བྱེད་དགོས་ཀྱིན་ངའི་བཀའ་གོ་བསྲུངས་སྲ་བྱས་རེ། ང་ཁྱོད་ལ་ས་གཞི་རུ་འོད་ཀྱིན་མི་གི་རི་ལ་ཚོད་ལྟ་བྱེད་ཡས་ལ། འཛམ་བུ་གླིང་དུ་འོང་ཡས་ཡིན་གྱིན་འོ་དེ་ཚོད་ལྟའི་དུས་ཚོད་ནས་སྐྱོབ་ཡས་ཡིན།

11 ང་མགྱོགས་སེ་འོང་ང་ཡིན། དེ་ནས་ཁྱོའི་ཅོད་པན་གོ་སུས་འང་འཕྲོག་མི་ཐུབ་ཡས་ཀྱི་ཆེད་དུ། ཁྱོའི་མུ་ལ་གི་འོད་ཀྱིན་གོ་བརྟན་པོ་མ་བྱས་རེ་སྲུངས།

12 དེ་ནས་སུ་རྒྱལ་ལི། འོ་དེ་གོ་ལ་ང་འོ་དེའི་ཕྱིར་ལ་ངའི་དཀོན་མཆོག་གི་མཆོད་ཁང་ནང་དུ་ཀ་བ་གཅིག་བཙུགས་ཡས་ཡིན། དེ་ནས་ཁོ་འོ་དེ་ནས་ནམ་མའང་ཐོན་དགོས་གུ་མ་ལགས། ང་ཁོའི་ཁར་ལ་ངའི་དཀོན་མཆོག་གི་མཚན་འབྲི་ཡས་ཡིན། དེ་ནས་ནམ་མཁའི་ཞིང་ཁམས་ནས་མ་ལ་ཕེབས་ཀྱིན་ངའི་དཀོན་མཆོག་གི་རྒྱལ་སའི་མིང་ཡེ་རུ་ཤ་ལེམ་གསར་པ་འབྲི་ཡས་ཡིན། དེ་ནས་ང་རི་མིང་གསར་པ་གོའང་ཁོའི་ཁར་ལ་འབྲི་ཡས་ཡིན།

13 ཨམ་མཆོག་འོད་མཁན་ཀྱ་ཡིས་དམ་པའི་ཐུགས་ཉིད་ཀྱིས་ཆོས་ཚོགས་ཀྱ་ལ་གི་གསུངས་ཀྱིན་གོ་ཉན་ད་ཤོག།


ལའོ་དི་ཀེ་ཡཱའི་ཆོས་ཚོགས་ལ་བཀའ་གནང་བ།

14 ལའོ་དི་ཀེ་ཡཱའི་ཆོས་ཚོགས་ཀྱི་བང་ཆེན་ལ་དེ་རེ་བྲིས། ཨ་མེན་དང་། བློ་གཏད་ཆོག་པ་དང་། དཔང་པོ་བདེན་པ་དང་། དཀོན་མཆོག་གིས་བཀོད་པའི་དཔོན་པོ་ཡིས་དེ་བཀའ་ཀྱ་གསུངས་བའི།

15 ཁྱོའི་ལས་ཀ་ཀྱ་ང་ལ་ཤེས་ཡས་འོད། ཁྱོད་གྲང་ང་མིན་འདུག། ཚ་མིན་འདུག། ཁྱོད་གྲང་ང་ཡང་ན་ཚ་འོད་ན་སྒྲིག་ཡས་འོད།

16 གི་བྱས་རེ་སྨྲ་ན་ཁྱོད་གྲང་མོའང་མེད་ཀྱིན་ཚ་ཏིའང་མེད་ཀྱིན་མ་མོའི་བྱས་རེ་ང་ཁྱོད་ལ་ངའི་ཁ་ནས་གཏོར་ཡས་ཡིན།

17 ང་ཕྱུག་པོ་འོད། དེ་ནས་ང་ལ་རྒྱུ་ནོར་འོད། དེ་ནས་ང་ལ་གིའང་དགོས་ཡས་མིན་འདུག་སྨྲས་རེ་ཁྱོད་སྨྲ་ལགས། ཡིན་ནའང་ཁྱོད་ཐབས་སྐྱོ་བ་དང་། སྡུག་ཕོག་པ་དང་། དབུལ་སྤྲེ་དང་། ཞ་ར་དང་། དམར་ཧྲང་ང་འོད་ཀྱིན་གོ་ཁྱོད་ལ་ཤེས་ཡས་མེད་ད་ལགས།

18 འོ་བྱས་རེ་ཁྱོད་ཕྱུག་པོ་འབྱུང་ཡས་ཀྱི་ཆེད་དུ་ང་ནས་མེ་ཡིས་གཙང་མ་བཟོས་ཟ་གསེར་དང་། རང་གི་དམར་ཧྲང་ང་བྱུང་བྱ་ཡི་ངོ་ཚ་བཀབ་ཡས་ཀྱི་ཆེད་དུ། གོས་དཀར་བོ་དང་ཁྱོད་མཐོང་ཐུབ་ཡས་ཀྱི་ཆེད་དུ་ཁྱོའི་མིག་ལ་སྨན་ང་ནས་ཉོས་སྨྲས་རེ་ང་ཁྱོད་ལ་བསླབ་བྱ་སྟེར་ར་ཡིན།

19 ངས་བྱམས་པ་བྱེད་ཀྱིན་ཀྱ་ལ་ང་ཨང་ཇི་བཏང་ང་ཡིན། དེ་ནས་བཅུན་ད་ཡིན། འོ་བྱས་རེ་དྲང་པོ་བྱུང་རེ་རང་གི་སྡིག་པ་སྤངས་རེ་སེམས་སྒྱུར་བ་གཏོང་།

20 ལྟོས་དང་། ང་སྒོ་འགྲམ་དུ་ལངས་རེ་སྒོ་རྡུང་ང་ཡིན། དེ་ནས་ངའི་སྐད་གོ་སྟེ་སྒོ་པེ་ན། ང་ནང་དུ་འཛུལ་ཡས་ཡིན། དེ་ནས་འོ་དེ་མི་མུ་ལ་ཟ་མ་ཟ་ཡས་ཡིན། དེ་ནས་འོ་དེ་ངའི་མུ་ལ་ཟ་གི་ལགས།

21 དེ་ནས་སུ་རྒྱལ་ལི། འོ་དེ་གོ་ལ་ང་རང་འང་རྒྱལ་རེ་ངའི་ཡབ་ཀྱི་བཞུགས་ཁྲི་ལ་བསྡད་ཀྱིན་ཅོག་རེ། འོ་དེ་ལ་ངའི་བཞུགས་ཁྲི་རུ་ངའི་མུ་ལ་བསྡད་ཡས་ཀྱི་དབང་ཆ་སྟེར་ཡས་ཡིན།

22 ཨམ་མཆོག་འོད་མཁན་ཀྱ་ཡིས་དམ་པའི་ཐུགས་ཉིད་ཀྱིས་ཆོས་ཚོགས་ཀྱ་ལ་གི་གསུངས་ཀྱིན་གོ་ཉན་ད་ཤོག།།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan