མངོན་པ། 22 - གློ་བ།ཚེ་སྲོག་གི་ཆུའི་གཙང་པོ། 1 དེ་ནས་ནམ་མཁའི་བང་ཆེན་གྱིས་ང་ལ་དྭངས་ཤེལ་ཅོག་རེ་གསལ་ལ་འོད་ཀྱིན་ཚེ་སྲོག་གི་ཆུའི་གཙང་པོ་གོ་སྟོན་ད་མཛད་སོང་། དེ་ནས་དེ་ནི་དཀོན་མཆོག་དང་ལུག་ཕྲུག་གི་བཞུགས་ཁྲི་ནས་བྱུང་རེ། 2 འོ་དེ་རྒྱལ་སའི་སྲང་གག་གུང་ནས་རྒྱུག་བའི་འོད་ད་ལགས། འོ་དེ་གཙང་པོའི་གཡས་གཡོན་གཉིས་ཀ་ར་ལ་ཟླ་བ་རེ་རེ་ལ་འབྲས་བུ་སྣ་རེ་རེ་བྱས་རེ། ལོ་ལ་འབྲས་བུ་ཐེངས་མ་བཅུ་གཉིས་སྟེར་གྱིན་ཚེ་སྲོག་གི་སྡོང་པོ་འོད་ད་ལགས། དེ་ནས་འོ་དེ་སྡོང་པོའི་ལོ་མ་ཀྱ་མི་རིགས་ཀྱ་ལ་བཅོས་ཀ་བྱེད་ཡས་ཀྱི་ཆེད་དུ་ལགས། 3 ད་དེ་ནས་ཧ་ལ་འོ་དུ་རུ་ནམ་མའང་དམོད་མོ་མི་ཟུག་གི་ལགས། དཀོན་མཆོག་དང་ལུག་ཕྲུག་གི་བཞུགས་ཁྲི་གོ་འོ་དེ་རྒྱལ་ས་རུ་འབྱུང་གི་ལགས། དེ་ནས་ཁོང་པ་ཡི་ཞབས་ཕྱི་ཀྱ་ཡིས་ཁོང་པ་ལ་ཕྱག་མཆོད་པ་འབུལ་གྱི་ལགས། 4 ཁོང་ཀྱ་ཡིས་ཁོང་པ་ཡི་ཞལ་མཇལ་གྱི་ལགས། དེ་ནས་ཁོང་ཀྱ་ཡི་དཔྲལ་ལེ་ལ་ཁོང་པ་ཡི་མཚན་འོང་གི་ལགས། 5 འོ་དུ་རུ་ཡང་ནམ་མའང་མཚན་འབྱུང་གི་མ་ལགས། དེ་ནས་གློག་དང་ཉི་མའི་འོད་ཁོང་ཀྱ་ལ་དགོས་ཀྱི་མ་ལགས། གི་བྱས་རེ་སྨྲ་ན་གཙོ་བོ་དཀོན་མཆོག་ཁོང་ཀྱ་ཡི་འོད་འབྱུང་གི་ལགས། དེ་ནས་ཁོང་ཀྱ་ཡིས་རྒྱུན་ནས་རྒྱུན་དུ་དབང་བསྒྱུར་བྱེད་ཀྱི་ལགས། གཙོ་བོ་ཡེ་ཤུ་མགྱོགས་བ་ཕེབས་ཡས་ཀྱི་སྐོར། 6 དེ་ནས་ནམ་མཁའི་བང་ཆེན་གྱིས་ང་ལ་གསུངས་སོང་། དེ་ལབ་ཀྱ་བློ་བཀལ་ཐུབ་ཀྱིན་དང་བདེན་པ་འདུག། ད་མགྱོགས་སེ་འབྱུང་ཡས་ཡིན་གྱིན་ལབ་ཀྱ་རང་གི་ཞབས་ཕྱི་ཀྱ་ལ་སྟོན་ཡས་ཀྱི་ཆེད་དུ། མངོན་ཤེས་མཁན་ཀྱ་ཡི་སེམས་ཉིད་ཀྱི་གཙོ་བོ་དཀོན་མཆོག་གིས་རང་གི་བང་ཆེན་ལ་བརྫངས་ང་མཛད་འདུག། 7 ཡེ་ཤུ་ཡིས་གསུངས་ང་ལགས། ལྟོས་དང་། ང་མགྱོགས་བ་འོང་ང་ཡིན། འདི་དེབ་ལ་བྲིས་བྲ་མངོན་ཤེས་ཀྱ་ཡི་བཀའ་སྲུང་མཁན་ཀྱ་བྱིན་རླབས་ཆེ་ལགས། 8 དེ་ལབ་གི་རི་གོ་མཁན་དང་མཐོང་མཁན་ང་ཡོ་ཧ་ནན་ཡིན། དེ་ནས་ངས་དེ་ལབ་ཀྱ་གོ་སྟེ་མཐོང་ཚར་ཏེ་ང་ལ་དེ་གི་རི་སྟོན་གྱིན་ནམ་མཁའི་བང་ཆེན་གྱི་ཞབས་ལ་ང་ཕྱག་འཚལ་ཡས་ལ་གུག་བྱས་བའི། 9 ཡིན་ནའང་ཁོང་པ་ཡིས་ང་ལ་དེ་གསུངས་སོང་། དེ་རེ་མ་བྱེད། ང་ནི་ཁྱོད་དང་ཁྱོའི་སྤུན་མངོན་ཤེས་མཁན་ཀྱ་དང་དེ་དེབ་ཀྱི་བཀའ་ཀྱ་སྲུང་མཁན་ཀྱ་མུ་ལ་ཞབས་ཕྱི་པ་གཅིག་པ་ལགས། དཀོན་མཆོག་ལ་གཅིག་ཀ་ཕྱག་མཆོད་པ་ཕུལ། 10 ཡང་ཁོང་པ་ཡིས་ང་ལ་དེ་རེ་གསུངས་སོང་། དེ་དེབ་ཀྱི་མངོན་ཤེས་ཀྱི་བཀའ་ལ་ཐེལ་ཙེ་མ་བརྒྱབ། གི་བྱས་རེ་སྨྲ་ན་དུས་གོ་ཉེ་འདུག། 11 ལས་ངན་བྱེད་མཁན་ཀྱ་ལ་ལས་ངན་བྱས་རེ་བསྡད་དུ་ཆུག། མེད་གཙང་ང་བྱེད་མཁན་ཀྱ་ལ་མེད་གཙང་ང་བྱས་རེ་བསྡད་དུ་ཆུག། དྲང་བདེན་བྱེད་མཁན་ཀྱ་ལ་དྲང་བདེན་བྱས་རེ་བསྡད་དུ་ཆུག། དེ་ནས་དམ་པ་ཀྱ་ལ་དམ་པ་བྱུང་རེ་བསྡད་དུ་ཆུག། 12 ཡེ་ཤུ་ཡིས་གསུངས་ང་ལགས། ལྟོས་དང་། ང་མགྱོགས་བ་འོང་བའི་འོད། མི་གི་རི་ལ་རང་རང་གི་བྱེད་ཀྱིན་ལ་བལྟས་རེ་འོ་དེའི་འབྲས་བུ་སྟེར་ཡས་ཡིན། 13 ང་ནི་ཨལ་ཕཱ་དང་ཨོ་མེ་གཱ། དེ་ནས་ཨེན་མ་དང་གཤམ་མ། དེ་ནས་ཐོག་མ་དང་མཐའ་གོ་ཡིན། 14 ཚེ་སྲོག་གི་སྡོང་པོའི་དབང་ཆ་འཐོབ་ཡས་དང་རྒྱལ་སའི་རྒྱལ་སྒོ་ཀྱ་ནང་ནས་འཛུལ་ཐུབ་ཡས་ཀྱི་ཆེད་དུ། རང་གི་གོས་འཁྲུད་མཁན་ཀྱ་བྱིན་རླབས་ཆེ་ལགས། 15 རྒྱལ་སའི་ཕི་ལ་ཁྱི་ཀྱ་དང་། ངན་སྔགས་བྱེད་མཁན་ཀྱ་དང་། ལོག་གཡེམ་པ་ཀྱ་དང་། སྲོག་བཅད་མཁན་ཀྱ་དང་། ལྷ་སྐུ་འདྲ་ཀྱ་མཆོད་མཁན་ཀྱ་དང་། ཟོག་བཤད་ཡས་ལ་འཐད་མཁན་ཀྱ་དང་། འོ་དེ་ཅོག་རེ་བྱེད་མཁན་ཀྱ་འོད་ད་ལགས། 16 ཆོས་ཚོགས་ཀྱ་ལ་དེ་དཔང་པོ་ཀྱ་བྱེད་ཡས་ལ་ང་ཡེ་ཤུའི་རང་གི་བང་ཆེན་ཁྱོད་རྩ་རུ་བརྫངས་འོད། ང་ནི་དཱ་བིད་ཀྱི་རྩ་བ་དང་བརྒྱུད་པ་ཡིན། དེ་ནས་ཐོ་རེངས་ཀྱི་སྐར་ཆེན་གོ་ང་ཡིན། 17 དམ་པའི་ཐུགས་ཉིད་དང་བག་མ་ཡིས་གསུངས་ང་ལགས། ཕེབས་ཤོག། དེ་ནས་གོ་མཁན་ཀྱ་ཡིས་དེ་རེ་སྨྲ་དགོས། ཕེབས་ཤོག། སྐོམ་གྱིན་གོ་འོང་བར་ཤོག། དེ་ནས་འདོད་པ་བྱེད་མཁན་ཀྱ་ཡིས་ཚེ་སྲོག་གི་ཆུ་ཤུས་དུས་ལ་འཐུང་བར་ཤོག། 18 དེ་དེབ་ཀྱི་མངོན་ཤེས་ཀྱི་བཀའ་ཉན་གྱིན་གི་རི་ལ་ང་ཉེན་བརྡ་བཏང་ང་ཡིན། མི་སུ་གཅིག་གིས་འང་དེ་ཁར་ལ་སྣོན་ག་བརྒྱབ་ན། དཀོན་མཆོག་གིས་འོ་དེ་མི་ཁར་ལ་དེ་དེབ་ནང་ལ་བྲིས་བྲ་སྡུག་པོ་ཀྱ་ཡི་ཆད་པ་བཀལ་མཛད་ཀྱི་ལགས། 19 དེ་ནས་དེ་མངོན་ཤེས་ཀྱི་དེབ་ཀྱི་བཀའ་ནས་མི་སུ་གཅིག་གིས་འང་ཚིག་གཅིག་འང་ཕྲིས་ན། དེ་དེབ་ནང་ལ་བྲིས་བྲ་ཚེ་སྲོག་གི་སྡོང་པོ་དང་དམ་པའི་རྒྱལ་ས་ནས་འོ་དེ་མི་ལ་འཐོབ་ཡས་ཡིན་གྱིན་སྐལ་ད་གོ། དཀོན་མཆོག་གིས་འོ་དེ་ནས་འཕྲོག་བ་མཛད་ཀྱི་ལགས། 20 དེ་ལབ་ཀྱ་ཡིས་དཔང་པོ་མཛད་མཁན་གྱིས་གསུངས་ང་ལགས། དངོས་གནས་རང་ང་མགྱོགས་བ་འོང་བའི་འོད། ཨ་མེན། གཙོ་བོ་ཡེ་ཤུ་ཕེབས་རོགས་གནང་། 21 གཙོ་བོ་ཡེ་ཤུའི་ཐུགས་རྗེ་མི་གི་རི་མུ་ལ་གནས་བར་ཤོག། ཨ་མེན།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.