Biblia Todo Logo
Bìoball air-loidhne

- Sanasan -

མངོན་པ། 21 - གློ་བ།


ནམ་མཁའི་ཞིང་ཁམས་དང་ས་གཞི་གསར་པ།

1 དེ་ནས་ངས་ནམ་མཁའི་ཞིང་ཁམས་གསར་པ་དང་ས་གཞི་གསར་པ་མཐོང་སོང་། གི་བྱས་རེ་སྨྲ་ན་ཨེན་མའི་གནམ་དང་ས་གཞི་ཡལ་རེ་སོང་བ་ལགས། དེ་ནས་རྒྱ་མཚོ་གོའང་ཡལ་རེ་མེད་ད་ལགས།

2 དེ་ནས་ངས་དམ་པའི་རྒྱལ་ས་ཡང་ན་ཡེ་རུ་ཤ་ལེམ་གསར་པ་གོ་རང་གི་མག་པའི་ཆེད་དུ། ཆོས་གཟབ་སྟེ་བསྡད་ད་བག་མ་ཅོག་རེ་དཀོན་མཆོག་ནས་ནམ་མཁའི་ཞིང་ཁམས་ནས་མ་ལ་བབས་ཀྱིན་གོ་མཐོང་སོང་།

3 དེ་ནས་བཞུགས་ཁྲི་ནས་གསུང་སྐད་ཆེ་གཅིག་གིས་དེ་རེ་གསུངས་ཀྱིན་གོ་ངས་གོ་སོང་། ལྟོས་དང་། དཀོན་མཆོག་གི་གནས་ས་གོ་ད་མི་ཀྱ་ཡི་ཁོག་ཏུ་བྱུང་འདུག། དེ་ནས་ཁོང་པ་ཁོང་ཀྱ་ཡི་ཁོག་ཏུ་བཞུགས་བ་མཛད་ཀྱི་ལགས། དེ་ནས་ཁོང་ཀྱ་དཀོན་མཆོག་གི་མི་འབྱུང་གི་ལགས། དེ་ནས་དཀོན་མཆོག་ཁོང་པ་རང་ཁོང་ཀྱ་མུ་ལ་འོང་གི་ལགས། དེ་ནས་ཁོང་ཀྱ་ཡི་དཀོན་མཆོག་འབྱུང་གི་ལགས།

4 ཁོང་པ་ཡིས་ཁོང་ཀྱ་ཡི་མིག་ནས་མཆི་མ་གི་རི་ཕི་ལ་མཛད་ཀྱི་ལགས། དེ་ནས་འོ་དུ་རུ་འཆི་བ། ཡང་ན་སྡུང་ང་། ཡང་ན་ངུ་བརྡ་བརྒྱབ་ཡས། ཡང་ན་ཟུག་གིའང་འབྱུང་གི་མ་ལགས། གི་བྱས་རེ་སྨྲ་ན་ཨེན་མའི་དོན་ཀྱ་རྫོགས་ཚར་ར་ལགས།

5 བཞུགས་ཁྲི་རུ་བཞུགས་བ་མཛད་མཁན་གྱིས་ང་ལ་གསུངས་སོང་། ལྟོས་དང་། ངས་དོན་གི་རི་གསར་པ་བཟོའི་འོད། དེ་ནས་ཁོང་པ་ཡིས་དེ་གསུངས་སོང་། དེ་ལབ་ཀྱ་བྲིས། གི་བྱས་རེ་སྨྲ་ན་དེ་ལབ་ཀྱ་བློ་བཀལ་ཐུབ་བ་དང་བདེན་པ་འདུག།

6 དེ་ནས་ཁོང་པ་ཡིས་གསུངས་སོང་། ད་བསྒྲུབས་སོ། ང་ནི་ཨལ་ཕཱ་དང་ཨོ་མེ་གཱ། དེ་ནས་ཐོག་མ་དང་མཐའ་མ་གོ་ཡིན། དེ་ནས་ཁ་སྐོམ་མཁན་ཀྱ་ལ་ང་ཚེ་སྲོག་གི་ཆུ་མིག་ནས་ཤུས་དུས་ལ་སྟེར་ཡས་ཡིན།

7 རྒྱལ་མཁན་གོ་ལ་དེ་དོན་གི་རིའི་རྒྱུ་འཛིན་འཐོབ་ཀྱི་ལགས། དེ་ནས་ང་ཁོའི་དཀོན་མཆོག་འབྱུང་ཡས་ཡིན། དེ་ནས་ཁོ་ངའི་བི་ཛ་འབྱུང་གི་ལགས།

8 ཡིན་ནའང་སྙིང་ཆུང་ང་ཀྱ་དང་། དད་པ་མེད་ཀྱིན་ཀྱ་དང་། ཨམ་ལོག་བ་ཀྱ་དང་། སྲོག་བཅད་མཁན་ཀྱ་དང་། ལོག་གཡེམ་པ་ཀྱ་དང་། ངན་སྔགས་བརྒྱབ་མཁན་ཀྱ་དང་། ལྷ་སྐུ་འདྲ་མཆོད་མཁན་ཀྱ་དང་། ཟོག་བཤད་མཁན་ཀྱ་གི་རིའི་སྐལ་ད་གོ་མེ་དང་མུ་ཟི་འབར་གྱིན་མཚོ་ལགས། དེ་ནི་འཆི་བ་གཉིས་བ་གོ་ལགས།


ཡེ་རུ་ཤ་ལེམ་གསར་པ།

9 ད་མཐའི་སྡུག་པོ་བདུན་གྱིས་ཁངས་ཁ་ཕོར་ར་བདུན་ཟིམ་གྱིན་ནམ་མཁའི་བང་ཆེན་བདུན་ཀྱ་ནས་གཅིག་ངའི་རྩ་རུ་ཕེབས་ཏེ་ང་ལ་དེ་རེ་གསུངས་སོང་། ཤོག། ངས་ཁྱོད་ལ་ལུག་ཕྲུག་གི་མནའ་མ་ཡིན་གྱིན་བག་མ་གོ་སྟོན་དོ།

10 དེ་ནས་དམ་པའི་ཐུགས་ཉིད་ཀྱི་ཐོག་ནས་ཁོང་པ་ཡིས་ང་ལ་རི་ཆེ་མཐོ་བ་གཅིག་གི་གང་ལ་ཁྲིད་བ་མཛད་སོང་། དེ་ནས་ཁོང་པ་ཡིས་ང་ལ་དམ་པའི་རྒྱལ་ས་ཡེ་རུ་ཤ་ལེམ་དཀོན་མཆོག་ནས་ནམ་མཁའི་ཞིང་ཁམས་ནས་བབས་ཀྱིན་གོ་སྟོན་མཛད་སོང་།

11 འོ་དེ་ལ་དཀོན་མཆོག་གི་གཟི་བརྗིད་ཀྱི་འོད་ཤར་རི། དེ་ནས་དེའི་འོད་ནི་རྡོ་རིན་པོ་ཆེ་གཡང་ཏྲི་སྔོན་པོ་ཅོག་རེ་དང་དྭངས་ཤེལ་ཅོག་རེ་གསལ་ལ་འོད་ད་ལགས།

12 འོ་དེ་ལ་ལྕགས་རི་མཐོ་བོ་ཆེ་དང་། ལྕགས་རི་གོ་ལ་རྒྱལ་སྒོ་བཅུ་གཉིས་དང་། རྒྱལ་སྒོ་ཀྱ་ལ་ནམ་མཁའི་བང་ཆེན་བཅུ་གཉིས་འོད་ད་ལགས། དེ་ནས་རྒྱལ་སྒོ་ཀྱ་ལ་ཡིས་ར་ཨེལ་གྱི་བརྒྱུད་པ་བཅུ་གཉིས་ཀྱི་མིང་ཀྱ་བྲིས་འོད་ད་ལགས།

13 ཤར་ཕྱོགས་ལ་སྒོ་གསུམ། དེ་ནས་བྱང་ཕྱོགས་ལ་སྒོ་གསུམ་དང་། ལྷོ་ཕྱོགས་ལ་སྒོ་གསུམ་དང་། ནུབ་ཕྱོགས་ལ་སྒོ་གསུམ་འོད་ད་ལགས།

14 འོ་དེ་རྒྱལ་སའི་ལྕགས་རི་གོ་ལ་རྨང་གཞི་བཅུ་གཉིས་འོད་ད་ལགས། དེ་ནས་འོ་དེ་རྨང་གཞི་ཁར་ལ་ལུག་ཕྲུག་གི་སྐུ་ཚབ་བཅུ་གཉིས་ཀྱ་ཡི་མིང་བྲིས་འོད་ད་ལགས།

15 དེ་ནས་ང་ལ་བཀའ་མོལ་གསུངས་ཀྱིན་ནམ་མཁའི་བང་ཆེན་གྱི་ཕྱག་ལ་རྒྱལ་ས་དང་། འོ་དེ་སྒོ་ཀྱ་དང་། ལྕགས་རི་གོ་ཚད་ལྡབ་ཡས་ལ་གསེར་གྱི་ཐིག་ཤིང་གཅིག་འོད་ད་ལགས།

16 འོ་དེ་རྒྱལ་ས་གོ་གྲུ་བཞི་འོད་ད་ལགས། དེ་ནས་འོ་དེའི་རིང་ཚད་དང་རྒྱང་ཚད་གཅིག་པ་འོད་ད་ལགས། དེ་ནས་ཁོང་པ་ཡིས་ཐིག་ཤིང་གིས་ཚད་ལྡབ་བ་རང་འོ་དེ་རྒྱལ་ས་གོ་ཀི་ལོ་ཉིས་སྟོང་བཞི་བརྒྱ་འོད་ད་ལགས། དེ་ནས་འོ་དེའི་རིང་ཚད་དང་རྒྱང་ཚད་དང་མཐོ་ཚད་གོ་གཅིག་པ་འོད་ད་ལགས།

17 དེ་ནས་ནམ་མཁའི་བང་ཆེན་གྱིས་འོ་དེ་ལྕགས་རི་གོ་ཚད་བརྒྱབ་པ་ལགས། དེ་ནས་འོ་དེ་མིའི་ཚད་ལ་ལྟ་ན། སྨི་ཏྲར་དྲུག་ཅུ་རེ་དྲུག་ཚོད་རིང་ང་འོད་ད་ལགས།

18 འོ་དེ་ལྕགས་རི་གོ་གཡང་ཏྲི་སྔོན་པོ་ཡིས་བཟོས་འོད་ད་ལགས། དེ་ནས་རྒྱལ་ས་གོ་དྭངས་ཤེལ་ཅོག་རེ་གསལ་ལ་འོད་ཀྱིན་གསེར་གྱི་བཙོ་མ་ཡིས་བཟོས་འོད་ད་ལགས།

19 འོ་དེ་ལྕགས་རིའི་རྨང་གཞི་ཀྱ་རྡོ་རིན་པོ་ཆེ་སྣ་ཚོགས་ཀྱི་སྒྲིག་གཤོམ་འོད་ད་ལགས། རྨང་གཞི་དང་པོ་གོ་གཡང་ཏྲི་སྔོན་པོ་དང་། གཉིས་བ་གོ་དབང་སྔོན་དང་། གསུམ་པ་གོ་བེལ་སྣབས་དང་། བཞི་བ་གོ་མར་གད།

20 དང་། ལྔ་པ་གོ་གཟི་དང་། དྲུག་པ་གོ་གཟི་དམར་དང་། བདུན་པ་གོ་སྦི་ཞི་གསེར་པོ་དང་། བརྒྱད་པ་གོ་ནལ་དང་། དགུ་པ་གོ་སྦི་ཞི་དམར་པོ་དང་། བཅུ་བ་གོ་ཧྤེ་ཙུའི་ཤེལ་རྡོ་དང་། བཅུ་གཅིག་པ་གོ་ནི་མ་ནུ་ཧོ་སྨུག་པོ་དང་། བཅུ་གཉིས་པ་གོ་དཀར་གོང་གི་སྒྲིག་གཤོམ་འོད་ད་ལགས།

21 འོ་དེ་རྒྱལ་སྒོ་བཅུ་གཉིས་གོ་མུ་ཏིག་བཅུ་གཉིས་ཀྱིས་བཟོས་འོད་ད་ལགས། རྒྱལ་སྒོ་རེ་རེ་མུ་ཏིག་རེ་རེ་ཡིས་བཟོས་འོད་ད་ལགས། དེ་ནས་རྒྱལ་སའི་སྲང་གག་གོ་དྭངས་ཤེལ་ཅོག་རེ་གསལ་བོ་འོད་ཀྱིན་གསེར་བཙོ་མ་ཡིས་བཟོས་འོད་ད་ལགས།

22 དེ་ནས་ངས་འོ་དེ་རྒྱལ་ས་ནང་དུ་མཆོད་ཁང་མ་མཐོང་སོང་། གི་བྱས་རེ་སྨྲ་ན་གཙོ་བོ་ཀུན་དབང་དཀོན་མཆོག་དང་ལུག་ཕྲུག་ཁོང་པ་ཀྱ་རང་འོ་དེའི་མཆོད་ཁང་ལགས།

23 འོ་དེ་རྒྱལ་ས་ལ་ཉི་མ་ཡང་ན་ཟླ་བའི་འོད་མེད་དགོས་བ་ལགས། གི་བྱས་རེ་སྨྲ་ན་དཀོན་མཆོག་གི་གཟི་བརྗིད་ཀྱི་འོ་དེ་ལ་འོད་གནང་ང་ལགས། དེ་ནས་འོ་དེའི་གློག་གོ་ལུག་ཕྲུག་ལགས།

24 དེ་ནས་མི་རིགས་གི་རི་འོ་དེའི་འོད་ལ་རྟེན་ཏེ་འཚོ་བ་བསྐྱལ་ལ་ལགས། དེ་ནས་ས་གཞིའི་རྒྱལ་བོ་ཀྱ་ཡིས་རང་གི་གཟི་བརྗིད་འདིའི་ནང་དུ་འཁྱེར་ཏེ་འོང་གི་ལགས།

25 རྒྱལ་སའི་རྒྱལ་སྒོ་ནི་སྲོད་རུགས་ཏེ་ནམ་མའང་མེད་བརྒྱབ་ཀྱི་ལགས། གི་བྱས་རེ་སྨྲ་ན་འོ་དུ་རུ་མཚན་མེད་ཡོང་ང་ལགས།

26 དེ་ནས་མི་རིགས་ཀྱ་ཡིས་རང་རང་གི་གཟི་བརྗིད་དང་བཀུར་སྟི་འདིའི་ནང་འཁྱེར་ཏེ་འོང་གི་ལགས།

27 ལུག་ཕྲུག་གི་ཚེ་སྲོག་གི་དེབ་ནང་ལ་མིང་བྲིས་བྲ་ཀྱ་མ་ན་གཞན་མ་མེད་གཙང་ང་དང་། ཨམ་ལོག་བ་ལས་ཀ་བྱེད་མཁན་དང་། ཟོག་བཤད་མཁན་སུའང་འོ་དེ་རྒྱལ་ས་ནང་དུ་མི་འཛུལ་གྱི་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan