མངོན་པ། 20 - གློ་བ།ལོ་གཅིག་སྟོང་གི་སྐོར། 1 འོ་དེ་གཤམ་ནས་ངས་ནམ་མཁའི་བང་ཆེན་གཅིག་མཐིལ་མེད་ཀྱིན་དོང་དོང་གི་ལྡེ་མིག་དང་། ཕྱག་ལ་ལྕགས་ཐག་ཆེ་གཅིག་བསྣུམས་ཏེ་ནམ་མཁའི་ཞིང་ཁམས་ནས་ཕེབས་ཀྱིན་གོ་མཐོང་སོང་། 2 ཁོང་པ་ཡིས་འོ་དེ་འབྲུག། ཡང་ན་ཨེན་མ་ཨེན་མའི་སྦྲུལ། ཡང་ན་འདྲེ། ཡང་ན་བདུད་སཱ་ཏན་གོ་ལ་ཟིམ་པ་ལགས། དེ་ནས་ལོ་གཅིག་སྟོང་གི་ཆེད་དུ་བཀྱིགས་ཏེ་བཞག་པ་ལགས། 3 ལོ་གཅིག་སྟོང་གོ་མ་རྫོགས་ཀྱིན་ཐུག་པའི་འོ་དེ་ཡིས་མི་རིགས་ཀྱ་ལ་མི་བསླུ་བ་ཤོག་སྨྲས་རེ་ནམ་མཁའི་བང་ཆེན་གྱིས་འོ་དེ་ལ་མཐིལ་མེད་ཀྱིན་དོང་དོང་ནང་དུ་གཡུགས་པ་ལགས། དེ་ནས་དོང་དོང་གོ་ལ་སྒོ་ལྕགས་བརྒྱབ་སྟེ་ཐེལ་ཙེ་བརྒྱབ་པ་ལགས། འོ་དེ་གཤམ་ནས་དུས་ཏི་ཏེ་གཅིག་གི་ཆེད་དུ་འོ་དེ་ལ་བཀྲོལ་དགོས་གུ་ལགས། 4 དེ་ནས་ངས་བཞུགས་ཁྲི་ཀྱ་དང་ཁྲིམས་བཅད་མཛད་ཡས་ལ་དབང་ཆ་ཐོབ་ཐ་འོ་དེ་བཞུགས་ཁྲི་ཁར་ལ་བཞུགས་མཁན་ཀྱ་མཐོང་སོང་། དེ་ནས་ཡེ་ཤུ་ལ་བདེན་དཔང་བྱས་བྱ་དང་། དཀོན་མཆོག་གི་བཀའི་དོན་དུ་མགོ་བ་བཅད་ཅ་ཀྱ་ཡི་སེམས་ཉིད་ཀྱ་ངས་མཐོང་སོང་། ཁོང་ཀྱ་ཡིས་འོ་དེ་སེམས་ཅན་དང་འོ་དེའི་སྐུ་ལ་ཕྱག་མཆོད་པ་མ་ཕུལ་བ་ལགས། དེ་ནས་འོ་དེའི་རྟགས་དཔྲལ་ལེ་ཡང་ན་ལག་པ་ལ་མ་བརྒྱབ་པ་ལགས། ཁོང་ཀྱ་གསོན་པོ་བྱུང་བ་ལགས། དེ་ནས་མཱ་ཤི་ཀ་མུ་ལ་ཁོང་ཀྱ་ཡིས་ལོ་གཅིག་སྟོང་ཐུག་པའི་དབང་བསྒྱུར་བྱས་བ་ལགས། 5 དེ་ནས་གཞན་མ་ཤི་ཤ་ཀྱ་ལོ་གཅིག་སྟོང་གོ་མ་རྫོགས་ཀྱིན་ཐུག་པའི་གསོན་པོ་མ་བྱུང་བ་ལགས། དེ་ནི་སླར་གསོན་པོ་བྱུང་གིན་དང་པོ་གོ་ལགས། 6 སླར་གསོན་པོ་དང་པོ་བྱུང་མཁན་ཀྱ་བྱིན་རླབས་ཆེ་དང་དམ་པ་ལགས། ཁོང་ཀྱ་ལ་འཆི་བ་གཉིས་བ་ཡིས་དབང་བྱེད་མི་ཐུབ་ཀྱི་ལགས། ཡིན་ནའང་ཁོང་ཀྱ་དཀོན་མཆོག་དང་མཱ་ཤི་ཀའི་མཆོད་དཔོན་བྱུང་རེ། མཱ་ཤི་ཀ་མུ་ལ་ལོ་གཅིག་སྟོང་ཐུག་པའི་དབང་བསྒྱུར་བྱེད་ཀྱི་ལགས། བདུད་སཱ་ཏན་འཕམ་གྱིན་གྱི་སྐོར། 7 ད་ལོ་གཅིག་སྟོང་གོ་རྫོགས་བ་རང་བདུད་སཱ་ཏན་གོ་འོ་དེའི་བཙོན་ཁང་ནས་བཀྲོལ་གྱི་ལགས། 8 དེ་ནས་ས་གཞིའི་ཕྱོགས་བཞི་ཀ་ར་ལ་འོད་ཀྱིན་མི་རིགས་ཀྱ་ཡང་ན་གོག་དང་མཱ་གོག་ཀྱ་ལ་བསླུ་ཡས་དང་། དམག་གི་ཆེད་དུ་རུག་ཡས་ལ་འོ་དེ་སཱ་ཏན་ཐོན་ཏེ་འོང་གི་ལགས། དེ་ནས་ཁོང་ཀྱ་ཡི་གྲངས་ཀ་རྒྱ་མཚོའི་བེ་མ་ཅོག་རེ་འོང་གི་ལགས། 9 དེ་ནས་ཁོང་ཀྱ་ས་གཞི་འོད་ལེ་ལ་ཐོན་ཏེ་སོང་རེ་དམ་པའི་མི་ཀྱ་ཡི་སྒར་དང་། དཀོན་མཆོག་གི་གཅེས་བའི་རྒྱལ་ས་གོ་ལ་མཐའ་བསྐོར་པ་ལགས། ཡིན་ནའང་ནམ་མཁའི་ཞིང་ཁམས་ནས་མེ་བབ་སྟེ་ཁོང་ཀྱ་ལ་མེད་ད་ལ་བཏང་བ་ལགས། 10 དེ་ནས་ཁོང་ཀྱ་ལ་བསླུ་གིན་འོ་དེ་འདྲེ་གོ་སེམས་ཅན་དང་མངོན་ཤེས་མཁན་ཟོག་པོ་གོའང་། འོད་ས་མེ་དང་མུ་ཟིའི་མཚོ་ནང་དུ་གཡུགས་པ་ལགས། འོ་དུ་རུ་ཁོང་ཀྱ་རྒྱུན་ནས་རྒྱུན་དུ་ཉིན་མཚན་སྡུག་པོ་མྱངས་ཀྱི་ལགས། མཐའ་མའི་ཁྲིམས་གཅོད་ཀྱི་སྐོར། 11 དེ་ནས་ངས་བཞུགས་ཁྲི་དཀར་བོ་ཆེ་གཅིག་དང་འོ་དེ་ཁར་ལ་བཞུགས་མཁན་ལ་མཐོང་སོང་། ཁོང་པ་ཡི་དྲུང་ནས་ས་གཞི་དང་གནམ་བྲོས་རེ་ལ་སོང་། དེ་ནས་འོ་དེ་གཉིས་བོའི་ཆེད་དུ་གནས་ས་མ་འབྱོར་པ་ལགས། 12 དེ་ནས་ངས་ཆེ་དང་ཆུང་ང་གཤིན་པོ་གི་རི་ལ་བཞུགས་ཁྲིའི་གདོང་དུ་ལངས་རེ་བསྡད་ཀྱིན་གོ་མཐོང་སོང་། དེ་ནས་དེབ་ཀྱ་ཁ་པེ་བ་ལགས། དེ་ནས་ཚེ་སྲོག་གི་དེབ་ཡིན་གྱིན་དེབ་གཞན་མ་གཅིག་འང་ཁ་པེ་བ་ལགས། དེ་ནས་འོ་དེ་དེབ་ཀྱ་ནང་ལ་བྲིས་འོད་ཀྱིན་ཁོང་ཀྱ་ཡིས་བྱས་བྱ་ལ་རྟེན་ཏེ་ཁོང་ཀྱ་ལ་ཁྲིམས་གཅོད་བྱུང་བ་ལགས། 13 རྒྱལ་མཚོ་ཡིས་རང་གི་ནང་ལ་འོད་ཀྱིན་གཤིན་པོ་ཀྱ་དང་། འཆི་བ་དང་། གཤིན་པོ་ཀྱ་བསྡད་སའི་རང་གི་ནང་ལ་འོད་ཀྱིན་གཤིན་པོ་ཀྱ་སྟེར་པ་ལགས། དེ་ནས་འོ་དེ་རེ་རེ་ལ་རང་རང་གི་བྱས་བྱ་ལས་ཀ་ལ་རྟེན་ཏེ་ཁྲིམས་གཅོད་བྱུང་བ་ལགས། 14 དེ་ནས་འཆི་བ་དང་གཤིན་པོ་ཀྱ་བསྡད་ས་ཀྱ་མེའི་མཚོ་ནང་དུ་གཡུགས་པ་ལགས། འོ་དེ་མེའི་མཚོ་གོ་འཆི་བ་གཉིས་བ་ལགས། 15 དེ་ནས་ཚེ་སྲོག་གི་དེབ་ནང་དུ་མིང་མ་བྲིས་བྲ་ཀྱ་གི་རི་འོ་དེ་མེའི་མཚོ་ནང་དུ་གཡུགས་པ་ལགས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.