མངོན་པ། 2 - གློ་བ།ཨེ་ཕེ་སུའི་ཆོས་ཚོགས་ལ་བཀའ་གནང་བ། 1 ཨེ་ཕེ་སུའི་ཆོས་ཚོགས་ཀྱི་བང་ཆེན་ལ་དེ་རེ་བྲིས། རང་གི་ཕྱག་གཡས་ལ་སྐར་མ་བདུན་ཟིམ་གྱིན་དང་གསེར་གྱི་ཀྱུང་བདུན་གྱི་གུང་ལ་ཞབས་འཆག་མཛད་མཁན་ཁོང་པ་ཡིས་དེ་བཀའ་ཀྱ་གསུངས་བའི། 2 ཁྱོའི་ལས་ཀ་ཀྱ་དང་། དཀའ་ལས་ཀྱ་དང་། བཟོད་པ་ཀྱ་ང་ལ་ཤེས་ཡས་འོད། མི་ངན་པ་ཀྱ་ལ་ཁྱོས་བཟོད་པ་སྒོམ་མི་ཐུབ་ཀྱིན་དང་། སྐུ་ཚབ་མིན་ད་ལ་ཡིན་སྨྲ་མཁན་ཀྱ་ལ་ཁྱོས་ཚོད་ལྟ་བྱས་རེ་ཟོག་པོ་ཡིན་གྱིན་གོ་ཁྱོས་རྙེད་པ་ལགས་སྨྲས་རེ་ང་ལ་ཤེས་ཡས་འོད། 3 དེ་ནས་ངའི་མིང་གི་དོན་དུ་ཁྱེད་ཀྱ་ཡིས་བཟོད་པ་སྒོམ་གྱིན་དང་སྡུག་པོ་མྱངས་ཀྱིན་གོ་ང་ལ་ཤེས་ཡས་འོད། དེ་ནས་ཁྱེད་ཀྱ་དོ་རང་འང་ཐང་མ་ཆད་འདུག། 4 ཡིན་ནའང་ཁྱོས་འགོ་མ་ལ་འོད་ཀྱིན་བརྩེ་བ་སྤངས་ཀྱིན་གྱི་སྐྱོན་གོ་ང་ཁྱོད་ལ་སྟོན་ཡས་འོད། 5 འོ་བྱས་རེ་ཁྱོད་ག་ནས་ཧ་ལ་མ་ལ་ལྷིམ་གྱིན་གོ་ཁྱོད་ག་མོ་མ་བསམ་བློ་གཏོང་། དེ་ནས་རང་གི་སྡིག་པ་སྤངས་རེ་སེམས་སྒྱུར་བ་གཏོང་། དེ་ནས་ཨེན་མ་ཁྱོས་གི་བྱེད་ཀྱིན་གོ་རང་བྱེད། ཁྱོས་དེ་རེ་བྱས་རེ་རང་གི་སེམས་སྒྱུར་བ་མེད་བཏང་ན། ང་ཁྱོད་རྩ་རུ་འོང་ང་ཡིན། དེ་ནས་ཁྱོའི་ཀྱུང་གོ་ལ་འོ་དེའི་གོག་ས་ནས་བཏོན་ཡས་ཡིན། 6 ཡིན་ནའང་ཁྱེད་ཀྱི་ཕྱོགས་ལ་བཟང་ང་གོ་གི་འདུག་སྨྲ་ན་ང་ཅོག་རེ་ཁྱེད་ཀྱ་ཡིས་འང་ནི་ཀོ་ལཱ་པ་ཀྱ་ཡི་ལས་ཀ་ལ་སྡང་ང་བྱེད་ད་ལགས། 7 ཨམ་མཆོག་འོད་མཁན་ཀྱ་ཡིས་དམ་པའི་ཐུགས་ཉིད་ཀྱིས་ཆོས་ཚོགས་ཀྱ་ལ་གི་གསུངས་ཀྱིན་གོ་ཉན་ད་ཤོག། དེ་ནས་སུ་རྒྱལ་ལི། འོ་དེ་གོ་ལ་ང་དཀོན་མཆོག་གི་ཞིང་ཁམས་དུ་འོད་ཀྱིན་ཚེ་སྲོག་གི་སྡོང་པོ་ནས་ཟ་ཡས་ཀྱི་དབང་ཆ་སྟེར་ཡས་ཡིན། སི་མིར་ནཱའི་ཆོས་ཚོགས་ལ་བཀའ་གནང་བ། 8 དེ་ནས་སི་མིར་ནཱའི་ཆོས་ཚོགས་ཀྱི་བང་ཆེན་ལ་དེ་རེ་བྲིས། ཨེན་མ་གྲོངས་ང་མཛད་དེ་ཡང་སྐུ་གསོན་པོ་བཞེངས་ང་མཛད་ཛ་ཁོང་པ་ཐོག་མ་དང་མཐའ་མ་ཡིན་གྱིན་གྱིས་དེ་བཀའ་ཀྱ་གསུངས་བའི། 9 ཁྱོའི་སྡུག་པོ་ཀྱ་དང་ཁྱོད་དབུལ་སྤྲེ་འོད་ཀྱིན་གོ་ང་ལ་ཤེས་ཡས་འོད། ཡིན་ནའང་ཁྱོད་ནི་ཕྱུག་པོ་རང་འདུག། དེ་ནས་ཡ་ཧུ་དཱ་པ་མིན་ད་ལ་རང་ལ་ཡ་ཧུ་དཱ་པ་ཡིན་སྨྲས་རེ་སྨྲ་མཁན་ཀྱ་ལ་ངས་ངོ་ཤེས་ལི་འོད། དེ་ནས་ཁོང་ཀྱ་ཡིས་སྨད་སྤྲ་བཏང་གིན་གོ་ང་ལ་ཤེས་ཡས་འོད། ཁོང་ཀྱ་ནི་བདུད་ཀྱི་ཚོགས་ཁང་ལགས། 10 ད་ཁྱོས་མྱངས་ཡས་ཡིན་གྱིན་སྡུག་པོ་ཀྱ་ནས་མ་འཇིགས། ལྟོས་དང་། ཁྱེད་ཀྱ་ལ་ཚོད་ལྟ་བྱེད་ཡས་ཀྱི་ཆེད་དུ་བདུད་ཀྱིས་ཁྱེད་ཀྱ་ནས་རིང་འགའ་ལ་བཙོན་ཁང་དུ་བཅུག་གི་ལགས། དེ་ནས་ཞག་མོ་བཅུ་ཐུག་པའི་ཁྱོད་ལ་སྡུག་པོ་འབྱུང་གི་ལགས། ཁྱོད་ཤི་དགོས་ན་དད་པ་ལ་བརྟན་པོ་སྡོད། དེ་ནས་ངས་ཁྱོད་ལ་ཚེ་སྲོག་གི་ཅོད་པན་སྟེར་རོ། 11 ཨམ་མཆོག་འོད་མཁན་ཀྱ་ཡིས་དམ་པའི་ཐུགས་ཉིད་ཀྱིས་ཆོས་ཚོགས་ཀྱ་ལ་གི་གསུངས་ཀྱིན་གོ་ཉན་ད་ཤོག། དེ་ནས་སུ་རྒྱལ་ལི། འོ་དེ་གོ་ལ་འཆི་བ་གཉིས་བ་ནས་སྐྱོན་གིའང་འབྱུང་གི་མ་ལགས། པེར་ག་མོན་གྱི་ཆོས་ཚོགས་ལ་བཀའ་གནང་བ། 12 དེ་ནས་པེར་ག་མོན་གྱི་ཆོས་ཚོགས་ཀྱི་བང་ཆེན་ལ་དེ་རེ་བྲིས། ཁ་གཉིས་ཀ་ར་རྣོ་བ་བྱས་བྱ་རལ་གྲི་འོད་ཀྱིན་ཁོང་པ་ཡིས་དེ་བཀའ་ཀྱ་གསུངས་བའི། 13 བདུད་སཱ་ཏན་གྱི་ཁྲི་འོད་ས་རུ་ཁྱེད་ཀྱ་གནས་ལ་ལགས་སྨྲས་རེ་ང་ལ་ཤེས་ཡས་འོད། དེ་རེ་ཡིན་ནའང་ཁྱེད་ཀྱ་ངའི་མིང་གི་དོན་དུ་བརྟན་པོ་གནས་ལ་ལགས། དེ་ནས་བདུད་སཱ་ཏན་གནས་ས་ཁྱེད་ཀྱི་རྒྱལ་ས་རུ་ངའི་བློ་གཏད་འོད་ཀྱིན་དཔང་པོ་ཨན་ཏི་པཱ་གོ་ལ་བསད་པ་ལགས། དེ་ནས་འོ་དེ་གང་གི་ཉིན་མ་ཀྱ་ལའང་ཁྱེད་ཀྱ་ཡིས་རང་གི་དད་པ་མ་སྤངས་སོང་། 14 ཡིན་ནའང་ང་ལ་ཁྱེད་ཀྱ་ལ་སྐྱོན་འཛུགས་ཡས་ཀྱི་ལབ་ཀྱ་འོད། ཁྱེད་ཀྱ་ཡི་ཁོག་ཏུ་བཱ་ལམ་གྱི་ཆོས་ལ་བསྟུན་གྱིན་མི་རིང་འགའ་འདུག ཡིས་ར་ཨེལ་པ་ཀྱ་ལ་སྡིག་པའི་ནང་དུ་སླུ་ཡས་ལ་ལྷ་སྐུ་འདྲ་ཀྱ་ལ་ཕུལ་པ་ཟ་མ་ཟ་ཡས་དང་། ལོག་གཡེམ་བྱེད་ཡས་ལ་བ་ལམ་གྱིས་བ་ལག་ལ་བསླབས་པ་ལགས། 15 དེ་རེ་རང་བྱས་རེ་ཁྱོའི་རྩ་རུ་ནི་ཀོ་ལཱ་པ་ཀྱ་ཡི་ཆོས་བརྩིས་མཁན་མི་རེ་འདུག། 16 འོ་བྱས་རེ་སྡིག་པ་སྤངས་རེ་སེམས་སྒྱུར་བ་གཏོང་། ཡང་མེད་ན་ང་ཁྱེད་ཀྱི་རྩ་རུ་མགྱོགས་སེ་འོང་ཡས་ཡིན། དེ་ནས་ངའི་ཁ་ཡི་རལ་གྲིའི་ཁོང་ཀྱ་མུ་ལ་འཐྲབ་ཡས་ཡིན། 17 ཨམ་མཆོག་འོད་མཁན་ཀྱ་ཡིས་དམ་པའི་ཐུགས་ཉིད་ཀྱིས་ཆོས་ཚོགས་ཀྱ་ལ་གི་གསུངས་ཀྱིན་གོ་ཉན་ད་ཤོག། དེ་ནས་སུ་རྒྱལ་ལི། འོ་དེ་གོ་ལ་ང་སྦས་རེ་བཞག་ཞ་མཱན་ནཱ་གོ་སྟེར་ཡས་ཡིན། དེ་ནས་འོ་དེ་ལ་ང་མིང་གསར་པ་བྲིས་བྲ་རྡོ་དཀར་བོ་གཅིག་སྟེར་ཡས་ཡིན། འོ་དེ་འཐོབ་མཁན་གྱིས་གཅིག་ཀ་འོ་དེ་མིང་ཤེས་ཀྱི་ལགས། ཐི་ཡ་ཏི་རཱའི་ཆོས་ཚོགས་ལ་བཀའ་གནང་བ། 18 དེ་ནས་ཐི་ཡ་ཏི་རཱའི་ཆོས་ཚོགས་ཀྱི་བང་ཆེན་ལ་དེ་རེ་བྲིས། སྤྱན་གོ་མེ་ལྕེ་ཅོག་རེ་དང་། ཞབས་གོ་མེ་ཐབ་ནང་ལ་འོད་སྟོན་ཏེ་བཞག་ཞ་ལི་དིང་ཅོག་རེ་འོད་ཀྱིན་ཁོང་དཀོན་མཆོག་གི་སྲས་ཀྱིས་དེ་བཀའ་ཀྱ་གསུངས་བའི། 19 ཁྱོའི་ལས་ཀ། ཁྱོའི་བྱམས་པ། ཁྱོའི་དད་པ། ཁྱོའི་ཞབས་ཕྱི་དང་། ཁྱོའི་བཟོད་པའི་སྐོར་ལ་ང་ལ་ཤེས་ཡས་འོད། དེ་ནས་ཁྱོའི་གཤམ་ལ་བྱས་བྱ་ལས་ཀ་ཀྱ་ཨེན་མ་བྱས་བྱ་ནས་ལྷག་འདུག། 20 ཡིན་ནའང་ཁྱོད་ལ་ང་སྐྱོན་གཅིག་འཛུགས་ཡས་འོད། ཁྱོད་ཡེ་ཟེ་བེལ་སྨྲ་གིན་བུ་མོ་ལ་བཟོད་པ་བྱེད་འདིག།མོ་མོ་རང་ལ་མངོན་ཤེས་མཁན་གཅིག་ཡིན་སྨྲ་ལགས། དེ་ནས་ངའི་ཞབས་ཕྱི་ཀྱ་ལ་ལོག་གཡེམ་བྱེད་ཡས་དང་། ལྷ་སྐུ་འདྲ་ཀྱ་ལ་ཕུལ་པ་ཟ་མ་ཟ་ཡས་བསླབས་ཏེ་ཁོང་ཀྱ་ལ་བསླུ་ལ་ལགས། 21 ངས་མོ་ལ་རང་གི་སྡིག་པ་སྤངས་རེ་སེམས་འགྱུར་ཡས་ལ་དུས་ཚོད་སྟེར་པ་ལགས། ཡིན་ནའང་མོ་མོ་རི་ལོག་གཡེམ་གོ་སྤངས་ཡས་ཀྱི་འདོད་པ་མི་བྱེད་དག། 22 འོ་བྱས་རེ་ང་མོ་ལ་སྡུག་པོའི་ཉལ་ཁྲི་ཁར་ལ་གཡུག་ཡས་ཡིན། དེ་ནས་མོའི་མུ་ལ་ལོག་གཡེམ་བྱེད་མཁན་ཀྱ་རང་གི་སྡིག་པ་སྤངས་རེ་སེམས་སྒྱུར་བ་མེད་བཏང་ན། ཁོང་ཀྱ་ལ་སྡུག་པོ་ཆེ་ཕོག་གི་ལགས། 23 ང་མོའི་ཕྲུ་བ་ཀྱ་ལ་བསད་ཡས་ཡིན། དེ་ནས་མིའི་སེམས་དང་བསམ་བློ་ལ་བརྟག་དཔྱད་བྱེད་མཁན་གོ་ང་ཡིན་སྨྲས་རེ་ཆོས་ཚོགས་གི་རི་ཡིས་ཤེས་ཀྱི་ལགས། དེ་ནས་ང་ཁྱེད་ཀྱ་གི་རི་ལ་ཁྱེད་རང་ཀྱ་ཡི་ལས་ཀ་ལ་བལྟས་རེ་སྟེར་ར་ཡིན། 24 ཡིན་ནའང་འདི་ཆོས་ལ་མི་བརྩིས་ཀྱིན་དང་བདུད་སཱ་ཏན་གྱི་གསང་བ་གཏིང་རིང་ང་ཀྱ་མེད་སྦྱངས་ཀྱིན། ཁྱེད་ཐི་ཡ་ཏི་རཱ་རུ་འོད་མཁན་ཁྱེད་ཀྱ་ལ་སྨྲ་ཡིན། ང་ཁྱེད་ཀྱ་ལ་ཁུར་གཞན་མ་གིའང་བཀལ་ཡས་མིན། 25 ཡིན་ནའང་ང་མ་འོང་གིན་ཐུག་པའི་ཁྱེད་ཀྱ་ལ་འོད་ཀྱིན་གོ་བརྟན་པོ་བསྲུང་རེ་སྡོད། 26 དེ་ནས་རྒྱལ་མཁན་དང་མཐའ་ཐུག་པའི་ངའི་ལས་ཀ་སྲུང་མཁན་ཀྱ་ལ། ང་མི་རིགས་མི་རིགས་ཀྱི་ཁར་ལ་དབང་ཆ་སྟེར་ཡས་ཡིན། 27 དེ་ནས་ལྕགས་ཀྱི་རྒྱུག་པ་ཡིས་རྫ་མ་ཀྱ་ལ་དུམ་བུ་དུམ་བུ་ལ་བཅག་གིན་ཅོག་རེ། ཁོང་ཀྱ་ཡིས་དབང་ཆ་བྱེད་ཀྱི་ལགས། དེ་རེ་རང་དབང་ཆ་ང་ལ་ངའི་ཡབ་ནས་ཐོབ་འོད་ད་ལགས། 28 ང་ཁོང་ཀྱ་ལ་སྔ་རོགས་ཀྱི་སྐར་མ་གོ་སྟེར་ར་ཡིན། 29 ཨམ་མཆོག་འོད་མཁན་ཀྱ་ཡིས་དམ་པའི་ཐུགས་ཉིད་ཀྱིས་ཆོས་ཚོགས་ལ་གི་གསུངས་ཀྱིན་གོ་ཉན་ད་ཤོག།།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.