མངོན་པ། 19 - གློ་བ།ནམ་མཁའི་ཞིང་ཁམས་ནང་བསྟོད་པ་ཕུལ་བ། 1 འོ་དེ་གཤམ་ནས་ངས་ནམ་མཁའི་ཞིང་ཁམས་ནས་མི་ཚོགས་ཆེའི་སྐད་ཅོག་རེ་གཅིག་དེ་རེ་སྨྲ་གིན་གོ་གོ་སོང་། ཧ་ལེ་ལུ་ཡཱ། ཐར་པ་དང་གཟི་བརྗིད་དང་དབང་། འོ་རི་དཀོན་མཆོག་གི་ལགས། 2 གི་བྱས་རེ་སྨྲ་ན་ཁོང་པ་ཡི་ཁྲིམས་གཅོད་བདེན་པ་དང་དྲང་པོ་འདུག། དེ་ནས་ས་གཞི་འོད་ལེ་ལ་རང་གི་འདོད་ཆགས་ཀྱིས་ལས་ངན་པ་བྱེད་དུ་བཅུག་གིན། འོ་དེ་སྐད་གྲགས་ཆེ་གཞང་འཚོང་མ་གོ་ལ་ཁོང་པ་ཡིས་ཁྲིམས་གཅོད་མཛད་འདུག། དེ་ནས་ཁོང་པ་ཡིས་ཞབས་ཕྱི་ཀྱ་ཡི་ཁྲག་གི་ཚབ་གོ་མོ་ལ་ལེན་མཛད་འདུག། 3 ཡང་ཁོང་ཀྱ་ཡིས་ལྡབ་ལེ་སྐད་བརྒྱབ་སྟེ་སྨྲས་བ་ལགས། ཧ་ལེ་ལུ་ཡཱ། མོ་ལ་བསྲགས་ཀྱིན་གྱི་དུད་པ་གོ་རྒྱུན་ནས་རྒྱུན་དུ་ཡར་ལ་ཐོན་ཏེ་འགྲོ་གི་ལགས། 4 དེ་ནས་འོ་དེ་སློབ་དཔོན་ཉི་ཤུ་རྩ་བཞི་དང་སེམས་ཅན་བཞི་ཡིས་བཞུགས་ཁྲི་ལ་བཞུགས་མཁན་དཀོན་མཆོག་གི་དྲུང་དུ་ལུས་ས་ལ་བརྡབས་ཏེ། དེ་རེ་སྨྲས་རེ་ཕྱག་མཆོད་པ་ཕུལ་བ་ལགས། ཨ་མེན། ཧ་ལེ་ལུ་ཡཱ། 5 དེ་ནས་བཞུགས་ཁྲི་ནས་དེ་རེ་གསུངས་ཀྱིན་གསུང་སྐད་གཅིག་ཐོན་པ་ལགས། ཁྱེད་དཀོན་མཆོག་གི་ཞབས་ཕྱི་པ་ཀྱ་བོ། ཁོང་པ་ལ་འཇིགས་སྣང་བྱེད་ཀྱིན་ཁྱེད་ཆེ་དང་ཆུང་ང་གི་རི། འོ་རི་དཀོན་མཆོག་ལ་བསྟོད་པ་ཕུལ། 6 དེ་ནས་མི་ཚོགས་ཆེའི་སྐད་ཅོག་རེ་གཅིག། རྒྱུག་ཆུའི་འུར་སྒྲ་དང་། འབྲུག་སྒྲའི་སྐད་ཅོག་རེ་གཅིག་གིས་དེ་རེ་སྨྲ་གིན་གོ་ངས་གོ་སོང་། ཧ་ལེ་ལུ་ཡཱ། གི་བྱས་རེ་སྨྲ་ན་འོ་རི་གཙོ་བོ་དཀོན་མཆོག་ཀུན་དབང་གིས་རྒྱལ་སྲིད་སྐྱོང་ང་མཛད་ད་ལགས། 7 འོ་རང་དགའ་དགའ་སྐྱིད་སྐྱིད་བྱེད། དེ་ནས་ཉམ་མོ་དགའོ། དེ་ནས་ཁོང་པ་ལ་གཟི་བརྗིད་འབུལ་ལོ། གི་བྱས་རེ་སྨྲ་ན་ལུག་ཕྲུག་ཡིས་མནའ་མ་ལེན་ཡས་ཀྱི་དུས་གོ་སླེབས་འདུག། དེ་ནས་ཁོང་པ་ཡི་བག་མ་ཡིས་རང་ལ་གྲ་སྒྲིག་བྱས་འདུག། 8 གོས་སྤུས་མ་དང་ཕྲ་ཆག་བའི་དང་གཙང་མ་གཅིག་མོ་ལ་གོན་ཡས་ལ་གནང་བ་ལགས། རས་སྤུས་མ་དེ་ནི་དམ་པའི་མི་ཀྱ་ཡི་ལས་བཟང་པོ་ཀྱ་ལ་སྟོན་ད་ལགས། 9 དེ་ནས་འོ་དེ་ནམ་མཁའི་བང་ཆེན་གྱིས་ང་ལ་གསུངས་སོང་། འདི་བྲིས། ལུག་ཕྲུག་ཡིས་མནའ་མ་ལེན་ས་རུ་མགྲོན་ལ་བོས་པ་ཀྱ་བྱིན་རླབས་ཆེ་ལགས། དེ་ནས་ཡང་ཁོང་པ་ཡིས་ང་ལ་གསུངས་སོང་། དེ་ཀྱ་ནི་དཀོན་མཆོག་གི་གསུང་ལ་བདེན་པ་ཀྱ་ལགས། 10 དེ་ནས་ཁོང་པ་ལ་ཕྱག་མཆོད་པ་འབུལ་ཡས་ལ་ངས་ཁོང་པ་ཡི་ཞབས་ལ་ཕྱག་འཚལ་བའི། ཡིན་ནའང་ཁོང་པ་ཡིས་ང་ལ་གསུངས་སོང་། དེ་རེ་མ་བྱེད། ང་ནི་ཁྱོད་དང་ཁྱོའི་སྤུན་ཀྱ་ཅོག་རེ་ཡེ་ཤུའི་བདེན་དཔང་བྱེད་ཀྱིན་ལས་རོགས་གཅིག་ཀ་ཡིན། དཀོན་མཆོག་ལ་ཕྱག་མཆོད་པ་ཕུལ། གི་བྱས་རེ་སྨྲ་ན་ཡེ་ཤུ་ལ་བདེན་དཔང་བྱེད་ཀྱིན་ནི་མངོན་ཤེས་ཀྱི་སེམས་ཉིད་ལགས། རྟ་དཀར་བོའི་ཁར་ལ་འཆིབ་མཁན། 11 དེ་ནས་ངས་ནམ་མཁའི་ཞིང་ཁམས་བས་ཀྱིན་གོ་མཐོང་སོང་། དེ་ནས་འོ་དུ་རུ་རྟ་དཀར་བོ་གཅིག་འདུག། འོ་དེ་རྟ་ཁར་ལ་འཆིབ་མཁན་གྱི་མཚན་ལ་བློ་གཏད་ཆོག་པ་དང་བདེན་པ་འདུག། དྲང་བདེན་གྱི་ཐོག་ནས་ཁོང་པ་ཡིས་ཁྲིམས་གཅོད་མཛད་ཀྱི་ལགས། དེ་ནས་དམག་འཐྲབ་ཀྱི་ལགས། 12 ཁོང་པ་ཡི་སྤྱན་ནི་མེ་ལྕེ་ཅོག་རེ་འདུག། དེ་ནས་ཁོང་པ་ཡི་དབུ་ལ་ཅོད་པན་མང་ང་འདུག། ཁོང་པ་ཡི་ཁར་ལ་མཚན་གཅིག་བྲིས་འདུག། དེ་ནས་འོ་དེ་མཚན་དེ་ཁོང་པ་རང་གི་མ་ན་གཞན་མ་སུ་ལ་ཤེས་ཡས་མེད་ད་ལགས། 13 ཁོང་པ་ཡི་ཁྲག་ལ་སྦངས་བ་ན་བཟའ་བསྣུམས་འདུག། དེ་ནས་ཁོང་པ་ཡི་མཚན་ནི་དཀོན་མཆོག་གི་བཀའ་སྨྲས་རེ་འདུག། 14 ནམ་མཁའི་ཞིང་ཁམས་ཀྱི་དམག་མི་ཀྱ་གོས་སྤུས་མ་དཀར་བོ་དང་གཙང་མ་གོན་ཏེ། རྟ་དཀར་བོ་ཀྱ་ཁར་ལ་བཞོན་ཏེ་ཁོང་པ་ཡི་གཤམ་ལ་འབྲངས་བ་ལགས། 15 མི་རིགས་ཀྱ་ལ་བརྒྱབ་ཡས་ཀྱི་ཕྱིར་ལ་ཁོང་པ་ཡི་ཞལ་ནས་རལ་གྲི་རྣོ་བ་གཅིག་ཐོན་འདིག། དེ་ནས་ཁོང་པ་ཡི་ལྕགས་ཀྱི་བེར་ཀྱོག་གིས་ཐོག་ནས་ཁོང་ཀྱ་ཁར་ལ་དབང་བསྒྱུར་མཛད་ཀྱི་ལགས། དེ་ནས་རྒུན་ཆང་བཙིར་ས་གཞོང་ནང་ནས་ཁུ་བ་བཏོན་གྱིན་ཅོག་རེ། ཁོང་པ་ཡིས་ཀུན་དབང་དཀོན་མཆོག་གི་ཐུགས་ཁྲོའི་ནང་ཁོང་ཀྱ་ལ་བཙིར་གྱི་ལགས། 16 ཁོང་པ་ཡི་ན་བཟའ་དང་བརླ་ཤ་ལ་རྒྱལ་བོ་ཀྱ་ཡི་རྒྱལ་བོ་དང་། གཙོ་བོ་ཀྱ་ཡི་གཙོ་བོ་སྨྲས་རེ་མཚན་བྲིས་འོད་ད་ལགས། 17 དེ་ནས་ངས་ཉི་མ་ཁར་ལ་ནམ་མཁའི་བང་ཆེན་གཅིག་བཞེངས་རེ་བཞུགས་ཀྱིན་གོ་མཐོང་སོང་། དེ་ནས་ཁོང་པ་ཡི་བར་སྣང་ལ་འཕུར་གྱིན་བྱ་གི་རི་ལ་གསུང་སྐད་ཆེ་ལ་དེ་རེ་གསུངས་བ་ལགས། ཤོག། དཀོན་མཆོག་གི་བཞུགས་གྲལ་ཁག་ཆེ་ལ་འཛོམས། 18 དེ་ནས་རྒྱལ་བོ་ཀྱ་དང་། དམག་དཔོན་ཀྱ་དང་། སྟོབས་ཅན་ཀྱ་དང་། རྟ་ཀྱ་དང་། འོ་དེའི་ཁར་ལ་ཞོན་མཁན་ཀྱ་དང་། རང་དབང་འོད་ཀྱིན་དང་། བྲན་གཡོག་ཀྱ་དང་། ཆེ་དང་ཆུང་ང་གི་རི་ཡིས་ཤ་ཟ་རུ་ཤོག། 19 དེ་ནས་རྟ་ལ་འཆིབ་མཁན་ཀྱ་དང་། ཁོང་པ་ཡི་དམག་མི་ཀྱ་མུ་ལ་དམག་འཐྲབ་ཡས་ལ་འོ་དེ་སེམས་ཅན་དང་། ས་གཞིའི་རྒྱལ་བོ་ཀྱ་དང་། ཁོང་ཀྱ་ཡི་དམག་མི་ཀྱ་འཛོམས་ཀྱིན་གོ་ངས་མཐོང་སོང་། 20 དེ་ནས་འོ་དེ་སེམས་ཅན་དང་འོ་དེའི་ཚབ་ལ་ཧང་སང་གིན་ལས་ཀ་སྟོན་གྱིན། མངོན་ཤེས་མཁན་ཟོག་པོ་གཉིས་ཀ་ར་ལ་ཟིམ་པ་ལགས། དེ་ནས་འོ་དེ་མངོན་ཤེས་མཁན་ཟོག་པོ་ཡིས་རང་གི་ཧང་སང་གིན་ལས་ཀ་ཀྱ་ཡི་ཐོག་ནས། འོ་དེ་སེམས་ཅན་གྱི་རྟགས་ལེན་ལ་དང་། འོ་དེའི་སྐུ་ལ་ཕྱག་མཆོད་པ་འབུལ་མཁན་ཀྱ་ལ་བསླུ་འོད་ད་ལགས། དེ་གཉིས་ཀ་ར་ལ་མེ་འབར་ཏེ་བསྡད་ད་མུ་ཟིའི་མཚོ་ལ་གསོན་པོ་གཡུགས་པ་ལགས། 21 དེ་ནས་ལྷག་མ་ལྷག་ལ་ཀྱ་ལ་རྟ་ལ་འཆིབ་མཁན་གྱི་ཞལ་ནས་ཐོན་ད་རལ་གྲི་ཡིས་བསད་པ་ལགས། དེ་ནས་བྱ་གི་རི་ཡིས་འོ་དེ་ཀྱ་ཡི་ཤ་ཀྱ་འགྲང་གིན་ཐུག་པའི་བཟས་བ་ལགས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.